བོད་སྲོལ་དེ་ནམ་ཡང་མ་བརྗེད།

མི་ཡུལ་གྱི་ཡུལ་ལྗོངས་བཀོད་པ།། མཛེས་པ་ལ་ཚོད་ཅིག་མེད་ཀྱང་།། རང་ཡུལ་གྱི་རང་བྱུང་ཁོར་ཡུག། གངས་ལྗོངས་དེ་ནམ་ཡང་མ་བརྗེད།།

བསྒྲགས་གཏམ་བརྒྱ་རྩ་བརྒྱད། ༼རྫོགས་སོ།༽

 ༡༽ ངས་རྒྱུན་དུ་གདུང་འབོད་དང་ངུ་སྐད་འདྲེས་པའི་ཟུངས་ཁྲག་དང་ཚེ་སྲོག་གི་གཏུག་བཤེར་གང་མང་བྱས་པ་ཐམས་ཅད་ཆོད་སེམས་དང་དཔའ་སྤོབས་རེ་བསྐྱེད་ནས་ཕུལ་བ་ཡིན། རང་ཉིད་ཀྱི་སེམས་ཀྱི་ཟབ་ས་དང་སྙིང་གི་འཕར་རྩ་རུ་ཞུགས་པའི་དད་ཞེན་དང་གདུང་སེམས་མཉམ་བསྐྱེད་འདི་དག་གཟུར་ཏུ་མེད་པའི་འགན་འཁྲི་ལྕི་མོ་དེ་ཡིན།

སེམས་གཤིས་དངོས་བྲིས།

སེམས་ཀྱི་རང་བཞིན་དྲི་མས་མ་བསླད་པ།། སྤྲིན་མེད་གཡའ་དག་སྟོན་ཟླའི་ནམ་མཁའ་བཞིན།། དུག་གསུམ་ཉོན་མོངས་སྨྱོ་བའི་གླང་ཆེན་ངར།། རང་སེམས་འདུལ་བའི་ལྕགས་ཀྱུ་ད་སྩོལ་ཅིག།    

འཁྱོག་སྒུར་རྩ་བ་གཞོགས་པའི་དྲང་གཏམ་འཕྲུལ་གྱི་སྟ་རེ།

རང་བློ་རྨོངས་པའི་ནད་ཀྱིས་བཟུང་ན་ཡང་།། ལེགས་བཤད་སྨན་གྱི་རོ་ལ་མི་བསྟེན་པར།། གཞན་སྐྱོན་ཁབ་རྩེ་འཚོལ་ལ་རབ་བྱང་བའི།། བླུན་པོའི་རྒྱལ་བོ་དེ་ལ་འདི་སྐད་སྨྲ།།

ངའི་སེམས་ཀྱི་གངས་རི།

ང་ཡི་གངས་རི་མིག་ཆུའི་ཀློང་དུ་ལྷུང་།། ལོ་ཟླ་འདི་ལ་ཡང་ཡང་འདར་གྱིན་ཡོད།། ཆུ་མོ་གྱེན་བཞུར་ཞིག་གིས་བརླན་ཙམ་བྱེད།། སེམས་ཀྱི་བླ་རི་དེ་ཡང་འབོར་ལ་ཉེ།།