ཉིན་གཅིག་གི་སེམས་ཁམས་མཚོན་བྱེད་དུ། (སྙན་ཚོམ།)
རྩོམ་ཡིག་འདི་ཐེངས། 363 བཀླགས་འདུག
༈སྨྲ་ལྕེ།
ཁྱོད་གྲུབ་རྗེས
མེ་ལོང་དུ་འཇའ་དང་འོད་ཟེར་འཕྲོ ས་ཆོག
ལྷན་འཛོམས་ཤིག་མཇུག་བསྒྲིལ་བ་ན
ཕན་ཚུན་གྱི་ངོ་གདོང་དང་སྨྲ་བའང་ འགག་འགྲོ
རི་མོ་རེའི་གཟེབ་ངོས་ནས་ཀྱང་དུ ས་གཏན་ཏུ་འཇག་འགྲོ
སྲང་ལམ་ནི་ཐུན་མོང་ལ་དབང་ཆོག་ པར་ཞུ
ཕྱི་རོལ་གྱི་དྲི་བཙོག་པོ་མཐའ་ དག་ཀྱང་མིག་དང་རྣ་བས་ཟིན་པར་བྱོ ས
མུན་ཁང་དུ་མེ་མདའི་སྒྲ་ཡང་ཡང་གྲ གས་པ་ནི
ཁྱོད་ཀྱི་མེ་ཏོག་འཐུ་བར་གཟེར་མ་ བརྒྱབ་པ་མ་ཡིན་པར
སྨྲ་བ་མེད་པའི་ངའི་ཡུལ་མི་དག་ལ་ གཞས་ཤིག་བཏང་བ་རེད
གྲང་འཁྱག་གིས་བཅིལ་བའི་ནང་མི་སྤུན་ཟླ
ཁྱོད་ཀྱིས་མི་ལོ་མང་པོའི་སེམས་ ཁྲལ་དུ
བསྐོང་མ་ཐུབ་པའི་རེའུ་མིག་ག་ཙམ་ འདུག
ད་དུང ཀློག་པར་གོམས་པའི་ཀེ་རི་སེའི་གསུ ང་རབ་ཀྱང
ལོ་འདི་གར
རྨ་ཆུ་བཞུར་བའི་སྒྲ་དབྱངས་ཧ་ཅང་ སྙན
ངས་མིག་ཟུང་ཇི་ལྟར་བགྲད་ཀྱང
མི་ཡུལ་གྱི་གཏིང་སར་བྱིང་བའི་ སྨྲ་ལྕེ་ཞིག་རྙེད་མ་བྱུང
༢༠༡༥།༡༡.༡ ཉིན།
༈ང་ལ་བཟོད་སྒོམ་བྱེད་མི་དགོས།
བདེན་དེ ང་ལའང་མཛེས་སྡུག་གི་རེ་སྨོན་ཡོད
ལོ་བརྒྱའི་སྡུག་བསྔལ་ཤིན་ཏུ་ལྕི ་བའི་ཁར
མུན་པ་ནི་སྔར་བཞིན་མུན་པར་གྱུར
གནོད་འཚེའང་གཅིག་རྗེས་གཉིས་མཐུ ད་ཀྱིས་འཁོར་ཡོང
རེ་ཞིག་ཁ་རོག་གེར་བསྡད་རྗེས
རྩིག་པའི་རྒྱབ་ཏུ་ཁྲོམ་ཁྲོམ་དུ་ བཞུར་བའི་སྒྲ་ཞིག་ཐོས
ཕོ་བྲང་ནང་རོལ་གྱི་མཛའ་གཞས་ཡོད་ ཚད
སྲང་ལམ་གྱི་འགྲོ་བ་སོ་སོའི་མིག་ མདུན་དུ
མཛེས་སྡུག་གཞན་ཞིག་གིས་ཐ་སྙད་ དང་མེ་ལྕེར་བསྲེས
ཀྱེ བཞུད་ཟིན་པའི་ལོ་ཟླ་ཡ
འཁོས་ཆུང་གི་རྨི་ལམ་རེ་རེ་ཤོག་ དཀར་ཞིག་གི་ངོས་སུ་བྲིས་རྗེས
འཇིགས་སྐྲག་གི་ཁ་སང་དང རེ་སྒུག་གི་སང་ཉིན
མངོན་སུམ་གྱི་མཛེས་སྡུག་ཡོད་ཚད་ རླུང་གིས་ཁྱེར་ཅིག
༢༠༡༥། ༡༡། ༣ ཉིན།
༈ཁ་བ་བབས་རྗེས།
ཁ་བ་བབས་རྗེས
ལོ་དེའི་དགུན་ཁ་ཡིད་ལ་འཁོར
ད་དུང མིག་ཆུ་གཙང་བོར་འདྲེས་པའི་གཏམ་ རྒྱུད་ཀྱང་སེམས་སུ་ལྷུང
ཉིན་ཞིག་ལ
འུ་གཉིས་སྲོག་ཉེན་ལ་མ་འཛེམ་པར
རུ་སྡེ་གཅིག་ནས་འཛོམས་ཆད་བྱས་པ
མུན་ནག་གི་ཁྲོད་ནས་ཁེར་རྐྱང་ངང་ ཐེངས་གཅིག་ངུས་པ་དང་མཚུངས
མདང་དགོང
གྱང་ལྡེབ་ངོས་ཀྱི་རི་མོ་དག་གིས་ གཞས་གཏོང་གིན་འདུག
ངས་ཆང་གཏུག་རྒྱག་མི་ཤེས འོན་ཀྱང་སྙན་ངག་ཅིག་བྲིས་པ་ཡིན
སྤྲོ་སྣང་དང་བཅས མེ་ཏོག་ཅིག་གི་རི་མོའང
དེའི་ཕྱི་ཉིན
ཕྱི་རོལ་ཏུ་ཧ་ཅང་དྭངས་གཙང་གི་ཁ་ བ་ཞིག་བབས་འདུག
ཁ་བའི་བརྩེགས་རིམ་རེ་རེའི་བར་ གསེང་ན
ཁོ་བོ་གཏན་ཏུ་བརྗེད་མི་ཆོག་པའི་ མེ་ཏོག་རྐང་གཅིག་ཀྱང་སྦས་འདུག
༢༠༡༥། ༡༡། ༥ཉིན།
༈སེམས་ཀྱི་མེ་སྦར་བ།
བདེ་སྐྱིད་ཀྱི་རྐྱེན་པས
ང་ཡི་ནང་ཁྲོལ་ཡོངས་ཆུ་བོ་ལས་འཁྱ ག་པར་ཤོག
སྐར་མ་རབ་རིབ་ཏུ་གྱུར་རྗེས
སྔར་བཞིན་མེ་ཁ་གསོ་ཤེས་པར་ཤོག
ཁྱོད་རང་ཨ་ཐང་ཆད་པའི་ཁར
རྨ་ཁ་བཟོ་བྱེད་ཀྱི་གྲི་དང་སྟ་རེ འང་མེ་རུ་འབར་བར་ཤོག
ཤིན་ཏུ་དགའ་མྱོང་བའི་ཁོ་མོ་འདས་ རྗེས
བ་སྤུ་ལས་ཡང་བའི་སེམས་ཀྱི་ཕོ་བྲ ང་དེ་སྐར་མདའ་ལྷུང་བ་བཞིན་མེད་ པར་ཤོག
༢༠༡༥།༡༡།༡ཉིན།
༈མཚན་མོའི་གདུང་སེམས།
བདག་གི་དབུ་སྐྲའི་གཙང་བོར་འདྲེ ས་པའི་གཞས
གཏན་ནས་གཏན་ཏུ་འཇགས་པ་མེད་པར
སྟོན་དུས་ཀྱི་སྡོང་པོ་གཤགས་ནས
དགུན་གསུམ་གྱི་ཕོ་ཉ་བསུས
ཟླ་འོད་ཀྱི་འོག་ཏུ
འདབ་ཆགས་འཁོར
ཡིད་སྨོན་དང་འདུན་མ སྐྱོ་སྣང་དང་བདེ་སྐྱེད
ཡོད་ཚད་གཏན་འཁེལ་བྱུང་ཟིན་པ་ མཐའ་དག
བྱ་གླག་གི་སྡེར་མོས་དགུ་ཚིགས་ཀྱ ི་ངོགས་སུ་མཚན་མོ་ཞིག་སླར་ཡང་ བཟོས
གཙང་བོའི་ཁ་གཏད་ཏུ
རོལ་དབྱངས་ལྟ་བུའི་ཆང་ཕོར་ཞིག་ བཀྱག
མཚམས་དེར་འཕྲེད་གླིང་འབུད་ཤེས་ པའི་གཞོན་ནུ་མ་དེ
རྨི་ལམ་གྱི་རྒྱ་མཚོའི་མེ་ལོང་དུ
སྟོན་རླུང་གིས་ལོ་མ་རེ་རེ་གང་ སར་སྤུར་བ་བཞིན་ག་ལེར་བབས
༢༠༡༥།༡༡།༤ཉིན།
༈ས་སྲོས་དང་ཕྱིར་མིག
ངའི་སྙིང་གི་འཕར་མཚམས་སུ
པི་ཝང་དང་རོལ་མོས་འགྱུར་ཁུགས་ འཇགས
ས་སྲོད་ཀྱི་དུས་སུ
ངས་སྒེའུ་ཁུང་ཕྱེ་སྟེ
མཛེས་སྡུག་གི་ཞོགས་པར་རེ་ཞིང་སྙ ེག
ཤེས་རབ་ཀྱི་སྒྲོན་མེའི་འོད་ཁྱི མ་ནས
མཐོང་མདོག་གི་ནམ་མཁར་སྐྱོ་ངལ་གྱ ི་སྨུག་སྤྲིན་འཐིབ
ས་སྲོད་ཀྱི་འཇིགས་སྐྲག ས་སྲོད་ཀྱི་ཕྱིར་མིག
གྲོགས་པོ་གཅིག་ཀྱང་མེད་དུས
ངས་དབེན་སྟོང་གི་གྲུ་ཁ་ཞིག་ནས
ཁྱོད་ཁོ་ནར་དབང་བའི་ཡིག་འབྲུ་ཆ་ གཅིག་བྲིས་ཡོད
༢༠༡༥།༡༡།༧ ཉིན།
༈དབེན་ཐིང་ཐིང་གི་གནས་མལ།
མུན་ནག་གི་བྲང་གཞུང་ལ་མགོ་བོ་ བསྙེས་ནས
རྟ་ཕོའི་ཁ་རྔོག་ལ་དབྱངས་གསལ་གྱི ་མདུད་པ་བརྒྱབ་སྟེ
ཆར་གྱིས་བརླན་པའི་ལོ་རྒྱུས་ཀྱི་ ཤོག་བུ་ཞིག
མིག་དགུ་ལྡན་པའི་ཡུལ་གྱར་བའི་གྲ ོགས་པོ་འགས་མེད་པར་བཟོས
ང་ཚོས་དབེན་སུམ་གྱི་འཇམ་རླུང་ཁྲ ོད
ཡབ་མེས་དག་གིས་བཞེངས་པའི་བྱ་དངོ ས་མཐའ་དག
ཟླ་བའི་དཀྱིལ་འཁོར་དུ་འབྱམས་དུས
རླུང་གི་རྟ་ཕོ མུན་པའི་འོད་ཟེར
ད་དུང ཉི་མའི་རྣ་ཆ་དང་སྐར་མའི་སྐེ་རྒྱ ན
མཛེས་སྡུག་གི་རྒྱབ་ཏུ་བསྐུངས་ཡོ ད
དབེན་སུམ་གྱི་རི་ན་ཉར་ཡོད
ཁྱོད་ཀྱི་གཇིག་རྟེན་དེ
བསླུ་བྲིད་ཆེ་བའི་ས་འོག་གི་མུན་ ཁང་ཞིག་རེད
སྔར་ལྟར་འཆི་སྟངས་དེ་འགྱུར་མི་ འདུག
ཆག་གྲུམ་ཤོར་བའི་བདག་གི་གནལ་མལ
རྣམ་སྨིན་གྱི་སྣང་བའི་རལ་གྲི་ དང་མིག་ཟུང
དེ་རིང་ཁ་ཁུ་སིམ་མེར
སེར་ཐིག་ལྷུང་བའི་ན་ཟུག་ཅིག
བདག་གི་སེམས་ལ་འཇགས་ཐབས་བྲལ
ན་ནིང་གི་མགྲོན་པོ ཁ་བ་དང་དར་ལྕོག ལམ་དུ་ཆས་ཟིན
༢༠༡༥།༡༡།༧ ཉིན།
བསམ་ཚུལ་ཕྲིས།