བསྒྲགས་གཏམ་བརྒྱ་རྩ་བརྒྱད། ༼རྫོགས་སོ།༽
རྩོམ་ཡིག་འདི་ཐེངས། 1176 བཀླགས་འདུག
ངས་རྒྱུན་དུ་གདུང་འབོད་དང་ངུ་སྐ ད་འདྲེས་པའི་ཟུངས་ཁྲག་དང་ཚེ་སྲོ ག་གི་གཏུག་བཤེར་གང་མང་བྱས་པ་ ཐམས་ཅད་ཆོད་སེམས་དང་དཔའ་སྤོབས་ རེ་བསྐྱེད་ནས་ཕུལ་བ་ཡིན། རང་ཉིད་ ཀྱི་སེམས་ཀྱི་ཟབ་ས་དང་སྙིང་གི་ འཕར་རྩ་རུ་ཞུགས་པའི་དད་ཞེན་དང་ གདུང་སེམས་མཉམ་བསྐྱེད་འདི་དག་ གཟུར་ཏུ་མེད་པའི་འགན་འཁྲི་ལྕི་ མོ་དེ་ཡིན།
༢༽
སྤྱི་ཚོགས་ཀྱི་སྒྲིག་གཞི་ལེགས་ པོའི་རྨང་གཞི་འདི་ཡང་རིག་གནས་ དང་རིག་གནས་པའི་བློ་ཁོག་ཡངས་པོ་ ཞིག་བསྐྱེད་ནས་གཞི་ཆགས་པ་རེད། ཁས་ལེན་དང་དམ་བཅའི་ཁག་ཐག་དམ་པོ་ དེ་དག་ཡང་སྤྱི་དམངས་ཀྱི་བསམ་བློ འི་ཐོན་ཁུངས་འཛོམས་པོ་རེ་དང་གླེ ང་བརྗོད་ཀྱི་ཁ་ཕྱོགས་དྲང་མོ་དག་ བྱུང་སྐབས་བསྒྱུར་ཆོག་ཆོག་གི་ ལམ་ཀ་དེ་འདེམས་ཆོག
༣༽
མི་རིགས་ཀྱི་ངོ་བོ་གཏོར་བཅོམ་ གཏོང་བྱེད་ཀྱི་རོགས་སྐྱོར་དང་སླ ོབ་གཉེར་དེ་དག་ནི། ཟླ་བ་གཅིག་གི་རྗེས་སུ་རང་ཉིད་ འཆི་ངེས་པའི་ཉིན་གཅིག་གི་ཟས་མགྲ ོན་ལྟ་བུ་རེད། ནོར་འཁྲུལ་བཟོས་པ་དེ་ནོར་འཁྲུལ་ ཆེན་པོ་མིན་ལ། ནོར་འཁྲུལ་སྦ་གསང་ བྱས་པ་དེ་ཚབ་ཆེན་པོའི་ནོར་འཁྲུ ལ་དེ་རེད།
༤༽
སྲིད་གཞུང་ཞིག་ལ་ཕོག་ཐུག་གཏོང་ ཐུབ་པའི་རྩོམ་ཡིག་དག་ནི་དུས་ རབས་རེ་རེ་བརྒལ་དུས་བཀག་སྡོམ་བྱ ེད་མི་ཐུབ་པར་མ་ཟད། བསམ་ཡུལ་ལས་འདས་པའི་རྒྱལ་ཁའང་ཐོ བ་སྲིད། མི་རང་ཉིད་ཀྱི་དྲང་བདེན་གྱི་སྐ ད་ཆ་ཁ་ནས་མ་ཐོན་གོང་ཁོག་ནས་བསད་ ན་སྤྱི་ཚོགས་ཤིག་འཆི་ལམ་དུ་བཅུ ག་པ་དང་ཁྱད་མེད། སྤྱིར་བཏང་གི་རྒྱུ་འབྲས་ཀྱི་ ཚད་ཐིག་ལས་བརྒལ་མེད་པའི་སྐད་ཆ་ དག་ཕུགས་འདུན་གྱི་མཐོ་ས་ནས་ལག་ ལེན་གྱི་དམན་སར་ལྷུང་མི་སྲིད།
༥༽
ཚིག་ལྷད་བཅུག་པའི་སྐད་ཆ་དག་གིས་ མི་རིགས་དང་མི་རིགས་ཀྱི་སེམས་ ཁམས་ཉམས་རྒུད་དུ་བཏང་ཡོང་བ་འདི་ བཟོད་མི་ཐུབ་པའི་ན་ཟུག་ཅིག་ཡིན། ད་དུང་སེམས་ལྷད་ཀྱི་དྲི་མ་དང་བྲ ལ་བའི་ཡང་དག་པའི་གོམས་གཤིས་འདི་ དག་ཡང་སྲུང་དགོས།
༦༽
ང་ཚོ་བོད་མི་ཞིག་ཡིན་པའི་བདེན་ དཔང་འདི་བོད་སྐད་དང་གོམས་གཤིས་ ལས་གཞན་པའི་འཇོག་ཨེ་ཐུབ། རྒྱུ་ནོར་དང་ཐོབ་གོ་སའི་དེ་བས་ ཀྱང་འཇོག་མི་ཐུབ། འདི་ནི་མི་རེ་ཟུང་གི་གནད་དོན་མི ན་པར་མི་རིགས་ཤིག་གི་དར་རྒུད་ དང་འབྲེལ་བའི་གཡོལ་ཐབས་མེད་པའི་ འགན་འཁྲི་དང་གནད་དོན་ཞིག་ཡིན།
༧༽
ལེགས་ཉེས་དཔྱོད་པའི་རྣམ་དཔྱོད་ ལ་རང་ཚུགས་ཐུབ་པའི་གཞུང་ལུགས་ཀྱ ི་རྒྱབ་བརྟེན་དགོས། དང་བ་འདྲེན་པའི་སྤྱོད་ལམ་ལ་ཕྱི ་ཐག་རིང་བོའི་ངང་རྒྱུད་དང་གཤིས་ ཀ་དགོས། གདམས་ངག་གླེང་མོའི་ཚུལ་དུ་བྱེད་ བཞིན་པ་འདི་ཡང་ཡང་རྙེད་དཀའ་འོ།
༨༽
བླང་དོར་འབྱེད་བྱེད་ཀྱི་རིགས་པ་ སྣ་རེ་གཞན་ལ་སློབ་སྟོན་གནང་ཐུབ་ ཚེ་རང་ཉིད་ཤེས་ཡོན་པའི་གྲལ་དུ་ ཚུད་པའི་ལག་རྗེས་བཞག་པ་རེད།
༩༽
མི་ལ་ལྷན་སྐྱེས་སུ་ཡོད་པའི་བསམ་ བློ་དེ་ལ་ཁ་བསྣོན་དང་གཞུང་ལུགས་ ཀྱི་རྒྱབ་རྩ་དགོས། ལམ་ལོག་དང་སྒེ ར་སེམས་གཞན་གྱི་ལག་ཆར་འགྱུར་མི་ རུང་བ་དེ་ཡང་ཧ་གོ་དགོས།
༡༠༽
ལོ་རྒྱུས་ཀྱི་བཟང་ཕྱོགས་ནས་དར་ བ་དང་མི་གཤིས་ཡ་རབས་ཀྱིས་བསྐྲུ ན་པའི་ལུགས་སྲོལ་དེ་ཡང་མི་དང་མི འི་རིགས་ལ་འཚོ་གནས་དང་དར་རྒྱས་ ཡང་དག་པ་ཞིག་གི་ཆེད་དུ་ཡིན། མཐའ་མཇུག་ཕན་ཐོག་མེད་ན་བློས་ བཏང་ན་འགྲིག།
༡༡༽
དུས་དང་བསྟུན་པའི་མི་ཚེ་བསྐྱལ་ སྟངས་ཤེས་པ་ནི། འཕྲལ་སེལ་དང་འོས་འགན་གྱི་གནད་ འགག་ཤེས་པ་དེ་རེད། ཚེ་སྲོག་དང་སྤྱི་ཚོགས་ནི་མིའི་ རྩེད་ཆས་ལྟ་བུར་འཛིན་པ་ནི་འཇི གས་བསྐུལ་བའི་རང་གཤིས་རེད། འཇིག་རྟེན་ཨུ་ཚུགས་ཀྱིས་གནས་དགོ ས་པ་དང་འཚོ་དགོས་པ་ཡང་མིའི་རང་གཤི ས་རེད། གང་ལྟར་དྲང་བདེན་ནི་བརྗེད་མི་རུ ང་བའི་སྙིང་ནོར་ཡིན།
༡༢༽
མི་རིགས་ཀྱི་སྡུག་བསྔལ་ལ་བརྗེད་ རྒྱུ་དང་རྙིང་ནས་ཡལ་འགྲོ་རྒྱུའི ་ལམ་ཀ་དེ་བདེན་པའི་རྒྱལ་ཁ་མ་ཐོ བ་བར་ཏུ་མི་སྲིད་པ་ཞིག་ཡིན། ཆབ་སྲིད་ཀྱི་འཐབ་རྩོད་ནི་མི་རི གས་དེའི་ཉམས་རྒུད་མ་སངས་བར་དུ་ བརྗེད་མི་སྲིད། འཐབ་རྩོད་འདི་ནི་ཚེ་སྲོག་གི་ འཐབ་རྩོད་ཡང་རེད།
༡༣༽
ས་སྒང་འདིའི་འགྱུར་ལྡོག་ནི་དངོ ས་པོའི་ཆོས་ཉིད་ལྟ་བུ་རེད་ལ། མཚོ ན་ཆ་དང་གདུག་རྩུབ་ཀྱི་སྟོབས་ཤུ གས་ནི་ཚད་གཞི་མེད་པའི་གནས་བབས་ ལྟར་ཆགས་འགྲོ། ཧམ་སེམས་ཀྱིས་འཁྱུར་མིད་བཏང་ཟི ན་པ་དག་ནི་ལོ་རྒྱུས་ཀྱིས་ནམ་ཡང་ བརྗེད་མི་སྲིད། མི་རབས་ཤིག་གི་སེམས་ངོགས་ལས་ཡལ་ མི་སྲིད།
༡༤༽
ཧ་ཅང་དཀའ་ངལ་དང་དཀའ་ལས་ཆེ་བའི་ བསྒྲུབ་བྱ་དང་གནད་དོན་དག་འགྲུབ་ མི་སྲིད་སྙམ་པའི་བསམ་བློ་འཆར་མི ་རུང་། རྒྱུ་མཚན། ང་ཚོར་མི་སྲིད་ པ་དག་སྲིད་ཐུབ་པའི་ཆོད་སེམས་བརྟ ན་པོ་ཡོད་དགོས། མི་འགྲུབ་པ་དག་སྒྲུབ་ཐུབ་པའི་སྙ ིང་རུས་གསོན་པོ་དགོས།
༡༥༽
ཚེ་སྲོག་གི་སྐད་ཆ་དང་ལས་དབང་གི་ གོ་སྒྲིག་ལ་བརྒྱུད་རིམ་ལྡན་པའི་ ལམ་སྣེ་ཡོད་མོད། མི་འདོད་བཞིན་དུ་ལམ་ཀ་དེར་འགྲོ་ དགོས་པའི་གནས་ཚུལ་གང་མང་ཞིག་ བཙན་དབང་དང་རྒྱུ་རྐྱེན་ཚང་བའི་ ལས་དབང་ཡིན་ལ། མདོར་ན་རང་ཉིད་ཡང་ ཡིན། ཁོར་ཡུག་ཞིག་གིས་ཚར་སྤྲད་པའི་ གནོན་ཤུགས་དག་ནི་བཟོད་བསྒོམ་གྱི ས་བཅིངས་པའི་ཐབས་ཇུས་ཤིག་གིས་ བསྒྱུར་བཀོད་གཏོང་དགོས།
༡༦༽
བསམ་བློའི་འཆར་ཕྱོགས་དང་དེ་ལག་ བསྟར་བྱེད་སྟངས་ལས་མི་དང་མིའི་ རིན་ཐང་རྟོགས་ཐུབ། རིན་ཐང་ཅན་གྱི་མི་རྒོད་པོ་རེ་ རེ་མི་རིགས་དེའི་རྒྱལ་ཁབ་རེ་རེ་ ཡིན། བུ་རྒོད་དེ་དག་གི་མཐུན་སྒྲིལ་ དང་ཆོད་སེམས་ནི་རྒྱལ་ཁབ་དེའི་སྟ ོབས་ཤུགས་ཡིན།
འཛམ་གླིང་ལོ་རྒྱུས་སྟེང་གི་དྲང་ བདེན་གྱི་རྡོ་རིང་བཞག་པའི་ཉིན་ མོ་ནི། ནག་ཉེས་ཅན་གྱི་ཚོགས་པ་ཞིག་ལ་ གདོང་གཏུག་དང་འདྲ་མཉམ་མིན་པའི་ གནས་སྟངས་ཤིག་ལ་ངོ་རྒོལ་སྐད་འབོ ད་ཀྱི་དུས་ཚིགས་ཤིག་ཡིན་པས་ང་ཚོ ་ཕྱི་རབས་པ་དག་གིས་བརྗེད་ག་ལ་རུ ང་།
༡༨༽
དེང་རབས་གླེང་བརྗོད་དང་དེང་རབས་ ཤེས་ཡོན་ཅན་གླེང་སྐབས། དོན་རྐྱེན་ཞིག་དང་གནས་སྟངས་ཤིག་ ལ་གདོང་ཐུག་ནས་བཤད་དགོས་པ་རྒྱུ ན་ལྡན་རེད། དེའི་ཕྱིར་ཤེས་ཡོན་ཅན་གང་མང་ཞི ག་རྒྱལ་ཁབ་ཞིག་གི་ཁེ་ཕན་གྱི་ཆེ ད་དུ་བཙོན་དུ་ལོ་ངོ་དུ་མར་འདུག་ དགོས་བྱུང་བ་རེད།
༡༩༽
རྒྱུ་འབྲས་དཔང་པོར་བཞག་པའི་ན་ཟུ ག་འདི་ཡང་སྐྱུག་བྲོ་བའི་གདོང་ འབག་བཤུས་པ་དང་ཡ་ང་བའི་བཙན་དབང་ ཞིག་ལ་ཁ་རྡུང་བཏང་ནས་བྱུང་བ་ཡི ན། རྒྱུ་འབྲས་མེད་པའི་ལས་ཀ་ནི་འཇི ག་རུང་གི་གཡུལ་ས་ཞིག་རེད།
༢༠༽
ཚགས་ཤོག་དང་དུས་དེབ་མང་པོའི་སྟ ེང་གླེང་སློང་སྣ་ཚོགས་པས་གྲག་ འགུལ་བཟོ་དུས། གསར་བརྗེ་དང་ལས་འགུལ་ཞིག་གི་སྔོ ན་འགྲོ་ཡིན། ཁྱད་གསོད་དང་གཏོར་བཅོམ་ཞིག་གི་ འགོ་བརྩམ་པའང་རེད་།རྒྱུ་མཚན་ནི་ མི་རིགས་ཤིག་དང་རིག་གཞུང་ཞིག་གི ས་དམིགས་འབེན་དུ་བཟུང་བས་སོ།།
༢༡༽
ཚོགས་པ་ཞིག་གི་ཀུན་སྤྱོད་ཀྱི་ གཟི་བརྗིད་དང་དྲང་བདེན་གྱི་སྙི ང་སྟོབས་འདིས་རྒྱལ་ཁབ་ཞིག་གི་རྩ ་ཁྲིམས་དང་འཛམ་གླིང་འདིར་བཟོ་ བཅོས་རྒྱག་ཐུབ། སྒེར་གཅོད་པའི་ལམ་ལུགས་ལ་གཡོ་ ཁྲིམས་ཀྱི་ཇུས་འགོད་ཐེབས་ཚེ། མི་ཡུལ་འདི་གཤེད་མའི་འཇིག་རྟེན་ ཞིག་དང་ཁྱད་པར་ཅི་ཡོད།
༢༢༽
རྒྱུན་དུ་བསྒྱུར་བཀོད་གཏོང་ཐུབ་ མིན་གྱི་དཀའ་ཁག་ནི་འཆར་གཞི་ལྟར་ གྱི་ཕྱི་ནང་གི་ཆ་རྐྱེན་མི་ཚང་བ་ དེ་རེད། ཕྱིའི་ཆ་རྐྱེན་ཁོར་ཡུག་དང་ནང་ གི་ཆ་རྐྱེན་བསམ་བློའི་གོ་རྟོགས་ སོ། ། རིག་གནས་ཤིག་གི་རིན་ཐང་ལ་ལྷག་ བསམ་གྱི་གཞི་རྩ་བརྟན་པོའི་རང་ཚུ གས་འཛིན་དགོས་སོ།།
༢༣༽
དོན་དམ་གྱི་རྒྱལ་གཅེས་པ་དང་མི་ རིགས་རང་ལུགས་པ་དེ་ནམ་ཡང་གཞན་གྱ ིས་དེང་ལེན་བྱེད་མི་ཐུབ་པ་དང་ ཁས་ལེན་མི་སྲིད་པའི་རྣམ་པ་ལྟ་བུ ་ཆགས་ཡོང་པ་ནི་ཆོས་ཉིད་ལྟ་བུ་རེ ད། སྐྱོན་མེད་སྙོན་འཛུགས་ཀྱི་ནག་ཉེ ས་པའི་ཆོ་ལོ་རྒྱུན་དུ་འབབས་སྲི ད། དེ་ལ་གདོང་ལེན་གྱི་གྲ་སྒྲིག་སྤུ ས་དག་པོ་གནང་དགོས་སོ།།
༢༤༽
སྒེར་གཅོད་ཆབ་སྲིད་པ་དང་སྒེར་ གཅོད་སྲིད་གཞུང་གི་ཚགས་ཤོག་གང་ མང་ཞིག་གིས་སྐྱོན་འཛུགས་བྱེད་ བཞིན་པའི་མི་དེ་ལ་བསམ་བློ་དང་དོ ན་དངོས་གནས་ཚུལ་དྲང་བདེན་གྱིས་ རྒྱུན་དུ་རྒྱབ་སྐྱོར་བྱེད་ངེས་ ཡིན། མདོར་ན་ཡོད་ཚད་མི་དེའི་རྒྱབ་རྩ་ ན་ཡོད་དོ།།
༢༥༽
རྒྱུན་དུ་བཙན་དབང་ལ་རྒོལ་པའི་ དཔའ་སྤོབས་ལྡན་པའི་སྙིང་སྟོབས་ ཀྱི་སྲོལ་རྒྱུན་དེ་ནི་འགྲོ་མིའི ་ཐོབ་ཐང་གི་གསལ་བསྒྲགས་ལ་མིང་རྟ གས་འགོད་མཁན་ཡིན་ལ། མི་དེའི་རིགས་ནི་རྒྱུན་དུ་ན་ཟུ ག་གིས་གཟིར་ནས་ཡོད།
༢༦༽
མི་སྒེར་གྱི་དྲང་བདེན་རེ་རེ་དང་ ལེན་བྱས་པས། ད་གཟོད་རྒྱལ་ཁབ་དང་མི་རིགས་ཀྱི་ དྲང་བདེན་དང་རྒྱབ་དཔུང་སྲ་མོ་ ཆགས་ཐུབ།མདོར་ན་གོམས་པ་དམའ་སར་ སྤོས། རེ་བ་མཐོ་སར་འཇོག་དགོས་པ་དེ་ལ་ སློབ་དགོས།
༢༧༽
ནམ་ཞིག་སྲིད་གཞུང་ཞིག་གིས་མང་ཚོ གས་ལ་མགོ་བོ་བསྒུར་བའི་དུས་སྐ བས་བྱུང་ཚེ། གཞི་ནས་དྲང་བདེན་ལ་རྒྱལ་ཁ་ཐོབ་ སོང་བ་རེད། དྲང་བདེན་དང་ཚེ་སྲོག་གི་བདེན་པ་ ནི་རྒྱལ་ཁབ་ཀྱི་ཁེ་ཕན་ལས་བླ་ན་ མཐོ་བ་ཞིག་དགོས།མི་སྒེར་རིན་ཐང་ ཅན་རེ་རེ་ནི་དབང་གྲགས་ཡོད་ཚད་ ལས་ཚད་མཐོ་བའི་གནས་བབས་ཅན་ཞིག་ ཡིན་པའི་དགོངས་པ་བཞེས་དགོས།
༢༨༽
མི་སྒེར་གྱི་ཐོབ་ཐང་དང་རྩིས་ཐང་ ལ་རྡོག་བརྫིས་གཏོང་མཁན་དེ་ནི་དྲ ང་བདེན་ལ་དགའ་བསུ་མེད་པའི་མི་ དག་དང་ཚོགས་པ་དག་ཡིན། སྐད་ཆའི་སྒྱུ་རྩལ་ནི་བསམ་བློའི་ ཉུང་བཅུད་ཟུར་དུ་བྱུང་བ་ཡིན་པས། ཟུར་ཙམ་ཡང་རྩིས་ཐང་གི་གོ་སར་འཇོ ག་དགོས།
༢༩༽
དགོན་སྡེའི་བཤད་རྒྱུན་ཞིག་ལ། ཅི་གསུང་བཀའ་བཞིན་སྒྲུབ་དགོས་ན། ཡིན་ཡིན་མིན་མིན་མ་གསུང་རོགས། ཅི་མཛད་ལེགས་པར་མཐོང་དགོས་ན། ཅི་ལས་འདི་ལས་མ་མཛད་རོགས། འདི་དག་རྒྱུན་དུ་འཚོ་པའི་ཁྲོད་ དུ་ཉམས་བཞེས་དང་བསམ་བློ་གཏོང་ དགོས་པའི་སྡོམ་ཚིག་ཞིག་རེད། ང་ལ་རྒྱུན་དུ་མཁོ་བ་ནི་བསམ་བློ ས་བཞེངས་བསྐྲུན་བྱས་པའི་ལེགས་ བཤད་ཀྱི་ཐོན་རྫས་དེ་ཡིན།
༣༠༽
མི་སྒེར་བ་ཞིག་གིས་དབང་ཤེད་དང་ དྲག་ཤུགས་ལ་ངོ་རྒོལ་བྱས་པའི་ དཔའ་པོའི་དཔེ་མཚོན་དེ་ནི། རྒྱལ་ཁབ་དང་མི་རིགས་ཤིག་གི་དཔའ་ བོའི་དཔེ་མཚོན་ཡིན་ལ།བདེན་པའི་ རང་བཞིན་ལྡན་པའི་བསམ་བློའི་འགུ ལ་སྐྱོད་ཅིག་ཀྱང་ཡིན།
༣༡༽
ཕའི་རྐང་མི་བྲོ། མའི་ཚིལ་མི་བྲོ་བའི་མི་དག་ལ་ གསང་ཚིག་མཆུ་སྒོར་མི་འདོན་པ་གལ་ ཆེ།ས་དང་གནམ་ལས་མེད་ས་ཞིག་ནས་མི ་རིགས་དང་རིག་གནས་ཞིག་གི་ལྟེ་བ་ ཆགས་པ་འདི་ནི་རླབས་ཆེན་གྱི་སྐྱེ ས་ཆེན་ཞིག་གི་ལེགས་རྗེས་རེད།
༣༢༽
རྒྱུན་དུ་ནོར་འཁྲུལ་ལ་ཡོ་བསྲང་ བྱེད་ཐུབ་པའི་སྙིང་སྟོབས་དང་། ངོ་ཚ་དང་ཁྲེལ་ཡོད་ཀྱི་སྤོབས་པ་ ལྡན་དགོས། རིག་གནས་ཤིག་གི་ལམ་ལུགས་དང་རྣམ་ དཔྱོད་ཀྱི་རྒྱབ་དཔུང་རྔམ་ཆེ་བ་ ཞིག་ཀྱང་ལྡན་དགོས། འདི་དག་གིས་གནའ་རབས་ཀྱི་དཔའ་བོ འི་སྙིང་སྟོབས་ཤིག་གི་ཤུགས་རྐྱེ ན་ཡང་འདྲེན་ཐུབ།
༣༣༽
མིའི་སེམས་ལ་ཟུག་ཡོད་པའི་རང་ དབང་གི་སྲོལ་རྒྱུན་དེ་ལ། རིག་གཞུང་ཞིག་གི་ལམ་ལུགས་ཀྱི་སྲ ོག་རྩ་དང་རང་གཤིས་ལྡན་རྒྱུ་འདི་ གལ་ཆེན་པོ་ཡིན། འདི་ནི་དད་འདུན་གྱི་ཐོན་ཁུངས་ལྟ ་བུ་ཡིན་ལ།གཉའ་གནོན་ལ་ངོ་རྒོལ་ བྱེད་རྒྱུའི་ལག་ཆ་གཙོ་བོའང་ཡིན།
༣༤༽
མི་དང་རང་བྱུང་ཁམས་སྐྱེས་ཐོབ་ཀྱ ི་ཐོབ་ཐང་བསྲུང་བརྩི་བྱེད་རྒྱུ་ ནི་གཅེས་སུ་འོས་པའི་ཐོབ་ཐང་ཡིན། དབྱིན་ཇིའི་རྩ་ཁྲིམས་རིག་པ་སྨྲ་ བ་ཏི་ཞོལ་ནས། རྩ་ཁྲིམས་ཀྱིས་མི་སྒེར་ལ་ཐོབ་ ཐང་དང་རང་དབང་བརྩོལ་པ་མིན་པར་མི ་སྒེར་གྱི་ཐོབ་ཐང་ལས་རྩ་ཁྲིམས་ བྱུང་བ་རེད། ཅེས་དོན་སྙིང་ཅན་གྱི་སྐད་ཆ་བཤད་ ཡོད །
༣༥༽
དོན་དངོས་སྤྱི་ཚོགས་ཀྱི་ཟ་ཟུར་ དང་མི་རེ་རེའི་གཏམ་རྒྱུད་ཁྲོད་ དོན་དམ་པའི་ཁྲིམས་ལུགས་བྱུང་བ་ རེད། དེ་ནི་རྡོ་རིང་དང་ཡིག་ཚགས་སུ་ གབ་ནས་བཞག་པའི་ཡིག་ཐུམ་ནང་དུ་མེ ད། བདེན་ལུགས་ཡོད་ཚད་མངོན་གྱུར་བྱུ ང་བ་ལ་རང་སྟེང་གི་རྐང་ཚུགས་པའི་ ལམ་ལུགས་དང་། དོན་འཁྱོལ་བའི་ལག་ལེན་གྱི་གསལ་ བསྒྲགས་དགོས
༣༦༽
ཚབ་མཚོན་རང་བཞིན་ཅན་གྱི་ཆབ་སྲི ད་ཀྱི་སྒྲིག་གཞི་ཆགས་རྒྱུ་དང་ བཙན་དབང་འོག་འཆར་གཞི་ལྡན་པའི་ནུ ས་པ་འདོན་ཐུབ་པའི་བློ་སྤོབས་ལྡ ནཔའི་མི་སྣ་དག་ནི་སྤྱི་ཚོགས་དང་ མི་རིགས་རང་ལུགས་པར་མེད་དུ་མི་ རུང་བ་ཞིག་ཡིན། ཤེས་ཡོན་ཅན་གྱི་རང་དབང་གི་དཔུང་ སྡེ་ནི་འཇིག་རྟེན་འདིའི་རྨང་གཞི ་དང་སྲིད་པས་བསྡུས་པའི་གངས་རི་ ལྟ་བུཡིན།
༣༧༽
མི་སྒེར་དང་ཚོགས་པ་སོ་སོའི་འཚོ་ བའི་སྤྱི་འདུས་ལྟ་བུ་ནི་རིག་ གནས་ཡིན་ལ། དེ་ཡང་ཆབ་སྲིད་ཀྱིམཚོན་རྟགས་ལྟ་ བུ་བཟུང་ཆོག མིའི་རིགས་འདི་ཆབ་སྲིད་ཀྱི་བཅི ངས་པའི་སྤྱི་ཚོགས་ཤིག་དང་ཆབ་སྲི ད་ཀྱི་སྲོག་ཆགས་ཤིག་ཡིན་པར་ནུབ་ གླིང་པས་གླེང་གི་འདུག
༣༨༽
གློ་བུར་དུ་བཞག་པའི་གྲོས་ཆོད་ དང་འགྱུར་ལྡོག་དེ་ནི་དོན་ཆེན་ བརླག་པའི་རྒྱུ་རྐྱེན་དང་གཞན་པའི ་བསམ་བློ་འཇོམ་པར་ཡང་བྱེད་སྲིད་ ལ། རྩོམ་རིག་དང་སྲིད་དོན་ལ་བརྡར་ཤ་ མ་ཆོད་པའི་གོ་རྟོགས་སུའང་འགྱུར་ སྲིད། བསྒྱུར་བཅོས་གློ་བུར་བ་དག་གིས་ བོད་པའི་ཁོར་ཡུག་སེམས་ཁམས་དང་ བཅས་པར་ཁྲག་དམར་བརྡོལ་བའི་རྨ་ཤུ ལ་བཟོས་ཡོད།
༣༩༽
ཚད་གཞི་ལོངས་པའི་རང་དབང་མིན་ཚེ་ གནམ་འོག་གི་ནག་ཉེས་ཡོད་ཚད་རང་ དབང་གི་མིང་ཐོག་ནས་མི་བཟོ་བའི་ ངེས་པ་གཏན་ནས་མེད། བདེན་པ་ཐེད་ལ་གཡུག་པའི་བདེན་པའི ་མིང་བཟུང་བ་ཡང་འདི་དང་འདྲ། རིག་གནས་པ་དང་ཆབ་སྲིད་པ་ལ་ལས་ བདེན་པའི་མིང་བེད་སྤྱོད་བྱས་ཏེ་ སྤྱི་ཚོགས་ལ་ནག་ཉེས་དང་གནོད་འཚེ འི་ཕྱོགས་སུ་གཏོགས་པར་གྱུར་ཡོད།
༤༠༽
འཇིག་རྟེན་འདིར་རྒྱུས་ལོན་བྱེད་ རྒྱུ་དེ་འདྲའི་ལས་སླ་བོ་ཞིག་ག་ ལ་ཡིན། དུས་རྒྱན་དུ་འགུལ་བསྐྱོད་བྱས་ ཏེ་མི་སྣ་མང་ལ་ཁ་བརྡ་དང་། བརྟག་དཔྱད། དབྱེ་ཞིབ། རྒྱུས་ལོན་བྱེད་རྒྱུ་བཅས་ཡིན།
༤༡༽
མིའི་རིགས་ཀྱི་ནག་ཉེས་ཆེས་ཚབ་ཆེ ན་ནི་རང་རིགས་ལ་འཚེ་བ་དང་ཤ་ཞེན་ མེད་པ་དེ་རེད། དེ་ནི་རང་ཉིད་མི་རིགས་གསོད་བྱེ ད་ཀྱི་གཤེད་མའི་རལ་གྲིར་འགྱུར་ རྒྱུའི་བརྡ་རྟགས་རེད།
༤༢༽
གཞན་པའི་བསམ་བློ་བརྩི་བཀུར་བྱས་ པ་དང་མཉམ་དུ། རང་ཉིད་ཀྱི་བསམ་བློ་དང་རང་ཚུ གས་ཀྱང་བརྟན་བརློང་ཡོང་བར་བྱེད་ དགོས། ཀུན་སྤྱོད་ནི་རིག་གནས་ཀྱི་གཞི་ རྩ་དང་རྒྱན་ཆ་ལྟ་བུ་རེད།
༤༣༽
བླ་སྲོག་ལ་དད་གུས་བྱས་པའི་ལེགས་ རྗེས་ལ་ཆོས་ལུགས་ཀྱི་འདུ་ཤེས་བླ ་མེད་དེ་བྱུང་བ་རེད། རིག་གནས་དང་དད་གུས་ཀྱི་འདུ་ཤེས་ འདི་དག་མིའི་རིགས་ཀྱི་ཁྲོད་ནས་ བཙལ་ཏེ་རྙེད་པ་དེ་རེད།
༤༤༽
འཇིག་རྟེན་པའི་ལྟ་བའི་ཁྱད་ཆོས་ གཙོ་བོ་ནི་འཚོ་བར་དགའ་ཞེན་དང་ ཐབས་ལམ་སྤྱད་ནས་འཚོ་བར་ལོངས་སྤྱ ོད་རྒྱུ་དེ་རེད། དེ་མིན་འཇིག་རྟེན་འདི་ནི་འགལ་ འཁྲུག་གིས་དཀྲིགས་ཡོད་པའི་ཁོར་ ཡུག་ཅིག་ཡིན།
༤༥༽
རྒྱལ་ཁབ་མེད་པ་དང་བསམ་བློའི་ཚད་ གཞི་མ་ལོངས་པའི་སྐབས། ཚོད་འཛིན་ མེད་པའི་རང་དབང་གི་བྱ་སྤྱོད་དང་ སྐད་ཆ་ནི་འཁྲུག་རྐྱེན་བཟོ་བསྐྱེ ལ་གྱི་ལག་ཆར་འགྱུར་སྲིད་པ་རེད། ཡོངས་ཁྱབ་རིན་ཐང་མི་ལྡན་པའི་རི ག་གནས་ཁོར་ཡུག་བཟོ་བ་ནི་ཆེས་འཇི གས་སུ་རུང་བ་ཞིག་ཡིན།
༤༦༽
ཚོགས་པ་ཞིག་གི་དམིགས་ཡུལ་གཙོ་བོ ་ནི་འགལ་བ་དང་འཁྲུག་ལོང་འགོག་ ཐབས་ལ་འབད་རྒྱུ་མ་ཡིན་པར། གཡོལ་ཐབས་མེད་པའི་འགལ་འཁྲུག་དེ་ དག་འདུམ་འགྲིག་བྱ་རྒྱུ་དེ་རེད། སྤྱི་ཚོགས་ཀྱི་བསམ་ཚུལ་ཡོད་ཚད་ གཅིག་གྱུར་ཡོངས་ཐབས་མེད་ལ། མང་མོས་མཐུན་ལམ་ཡོད་པའི་ལམ་ཀ་དེ ་འདེམས་དགོས། ལམ་ཀ་དེ་ལས་བྱུང་བའི་ཕམ་ཁ་ནི་ རང་ཉིད་ཀྱི་ཕམ་ཁ་མ་ཡིན་པར་མཉམ་ མྱོང་ཡིན།
༤༧༽
ཚོགས་པ་ནི་མི་དང་སྒྲིག་སྲོལ་ མཉམ་འདུས་ཀྱི་ཕུང་བོ་ཞིག་གོ། སྲི ད་གཞུང་ཟེར་བའང་འདི་འདྲ་ཞིག་གོ། ཚོགས་མིའི་སྒྲིག་འཛུགས་དང་དབང་ ཆའི་སྒྲིག་འཛུགས་ཁ་ཁ་ཡིན།
༤༨༽
ཡུལ་དུས་དང་མཐུན་པའི་བློ་གྲོས་ཀྱི་་གཤོག་རྩལ་དེ་ཤ་ཞེན་དང་འདྲེས་པའི་ རང་རྐང་ཚུགས་པ་ཡོང་དགོས། འདི་ཡང་མི་རིགས་ལྟེ་བར་བཞག་པའི་ སྒྲོམ་གཞི་ལྟ་བུ་ཆགས་དགོས་པ་དེ་ རེད། བསམ་བློ་གཤིབ་བསྡུར། རིག་གཞུང་གཤིབ་བསྡུར། སྲིད་གཞུང་གཤིབ་བསྡུར་བཅས་ཀྱི་ གཞུང་ལུགས་དག་ལ་དབྱེ་ཞིབ་བྱེད་ དགོས་སོ། །
༤༩༽
རིག་གནས་ནི་འདུ་ཤེས་དང་ལག་ལེན་ གྱི་ཐད་ནས་རིམ་གྱིས་གསོག་པའི་འཚོ ་བའི་ཟ་ཟུར་ལས་གྲུབ་པ་ཞིག་ཡིན། རིག་གནས་རིམ་གྱིས་གསོག་པ་ལ་སློབ་ གསོའི་ཆ་རྐྱེན་དང་ཁོར་ཡུག་གི་ཆ་ རྐྱེན་སོགས་ཚད་གཞི་ངེས་ཅན་ཞིག་ ཚང་དགོས། འདིས་ནི་དུས་རབས་སྔ་ཕྱི འི་བརྒྱུད་སྤྲོད་དང་མི་སྒེར་དང་ ཚོགས་པའི་གཞི་རྐང་འཛིན་ཐུབ།
༥༠༽
ལོ་རྒྱུས་ཀྱི་དམིགས་ཡུལ་ལ་སྤྱི་ ཚོགས་ཀྱི་དོན་དངོས་དང་ཤེས་རིག་ ཡོངས་ཀྱི་འབྲེལ་བ་ཤེས་རྒྱུ་དེའོ ། ལོ་རྒྱུས་ཀྱི་ཞིབ་འཇུག་བྱེད་ པའི་དཔྱད་གཞི་ལ། མིའི་རྩོལ་བའི་ འབྲས་བུ་ཡིན་པ་ལས་མི་ཉིད་མིན་ པར་ཤེས་དགོས་སོ། ལོ་རྒྱུས་རིག་ པ་བས་མིའི་སེམས་ཁམས་ཀྱི་གྲུབ་ཆ་ ལ་སྤྱི་ཚོགས་སྣེ་མང་ཞིག་གྲུབ་ པར་རྟོགས་དགོས།
༥༡༽
མིའི་ཆེད་དུ་བསྐྲུན་པའི་ཤེས་རི ག་ལ་མི་དང་མཐུན་པའི་དགེ་མཚན་དང་ དཔལ་ཡོན་ལྡན་ལ།ཁེར་ཚུགས་སུ་གྲུ བ་པའི་ལྟ་གྲུབ་ལ་ཚེ་སྲོག་གི་རི ན་ཐང་དང་ཚད་གཞི་ལོངས་པ་ཡོད། མིའི་ལྷན་སྐྱེས་ཀྱི་ནུས་པ་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ཡོད་ཚད་ཀྱི ་གཏིང་རིམ་དང་དེའི་འབྱུང་ཁུངས་ དང་འབྲེལ་ནས་ཡོད།
༥༢༽
ལྟ་ཚུལ་དང་བསམ་བློ་སྒེར་བ་དག་ནི ་དཔེ་མཚོན་དང་དོན་དངོས་ར་སྤྲོད་ བྱེད་ཀྱི་ལག་ཆ་ཙམ་ལས། བདེན་དོན་དང་རིན་ཐང་གི་དཔང་རྟ གས་མིན། ཤེས་ཡོན་ཅན་ཡོད་ཚད་རིག་ གཞུང་ལ་འགན་འཁུར་དང་རང་མི་རིགས་ དག་ཤེས་རིག་གི་གྲུབ་ཆའི་གཙོ་བོ་ ཞིག་ཡིན་པའི་ལྟ་ཚུལ་གཙོ་བོར་འཛི ན་དགོས། །
༥༣༽
སྔ་མ་རྒྱུད་འཛིན་དང་རང་ལྟ་གཙོ་ བོར་འཛིན་པའི་སྒྲིག་གཞི་དག་ནི་ དེང་རབས་ཀྱི་ཚད་ལྡན་རིག་གནས་རྣ མ་པ་དང་གྲུབ་ཆ་མི་ལྡན་པར་འདོད། དེ་ལ་རིགས་རྒྱུད་སེམས་ཁམས་དང་ལྟ ་གྲུབ་ཚང་ཡང་། མཐུན་སྦྱོར་ངང་འཕེལ་བའི་ཤེས་རི ག་གི་ཤུགས་རྐྱེན་འཇོག་དཀའོ།
༥༤༽
ལོ་རྒྱུས་དང་གནས་བབ་ངེས་ཅན་འོག་ གི་གནད་དོན་དང་གནས་སྟངས་ལ་ཞིབ་ དཔྱོད་བྱེད་པ་ལས་དེའི་རྒྱུ་རྐྱེ ན་དང་འབྱུང་ཁུངས་ལ་དབྱེ་ཞིབ་བྱེ ད་པ་འདི་གནད་འགག་ལ་ཐུག་ཡོད། ལོ་རྒྱུས་འཕེལ་རིམ་ནི་སྟབས་བདེ ་ནས་རྙོག་འཛིང་ཅན་གྱི་ཕྱོགས་སུ་ འཕེལ་གྱི་ཡོད་ལ། སྣ་མང་ནང་རང་རྐང་ཅན་གྱི་གཞི་རྩ འང་ཡོད།
༥༥༽
ལམ་ལུགས་འཕེལ་རྒྱས་ལ་ཞིབ་དཔྱོད་ བྱེད་པའི་ཐབས་ལམ་གྱི་རྨང་གཞི་ནི ་རྒྱུན་ལྡན་གྱི་བསམ་བློའི་ཕྱི་ ནང་ཀུན་ཏུ་ཚང་དགོས་པ་ཞིག་རེད། རི ག་གནས་ཞེས་པ་བསམ་བློའི་རིག་གནས་ ཙམ་ལ་གོ་བ་དང་། དཔལ་ཡོན་ཞེས་པ་དེ་ཡང་ཕྱིའི་དངོ ས་པོའི་དཔལ་ཡོན་ཙམ་ལ་གཞི་རྐང་ བཟུང་བ་དང་གོ་བ་ཡང་ཕྱོགས་ཙམ་ཞི ག་རེད།
༥༦༽
ཞི་བདེ་མཉམ་གནས་དང་ཕན་ཚུན་ཚད་ གཞི་མཐོ་བའི་ཡིད་ཆེས་ལྡན་དགོས་ པ། མི་རིགས་དང་རིག་གཞུང་ལྟ་ཚུལ་ལ་ ཡིད་ཆེས་དང་ཚད་ལྡན་གྱི་རྒྱབ་སྐྱ ོར་བྱེད་པ། རང་ཉིད་གང་དུ་གཏོགས་པའི་ལམ་ལུ གས་ཀྱི་བྱེད་སྒོ་ཁག་ལ་ཐུན་མོང་ གིས་ངོས་འཛིན་ཐུབ་པ་བཅས་ནི་ཚོ གས་པ་དང་ཆབ་སྲིད་པའི་ལག་ཆ་གཙོ་ བོའོ།
༥༧༽
ནུབ་ཕྱོགས་པའི་ཆབ་སྲིད་རིག་གཞུ ང་ནི་བདག་ཉིད་རིང་ལུགས་ཀྱི་ཁྲོ མ་རའི་ལྟ་ཚུལ་དང་སྤྱི་ཡོངས་ཀྱི་ ལྟ་ཚུལ་འཛིན་པའི་སྐྱིད་ཕྱོགས་ཀུ ན་མཐུན་བཅས་ཁེ་ཕན་གྱིས་ཀུན་ནས་ བསླངས་ཏེ་བྱུང་བའི་འབྲས་བུ་ཞིག་ གོ ཁྲིམས་ལུགས་ཀྱིས་ཚོད་འཛིན་ཐེབས་ ཀྱིན་པའི་བདག་དབང་ལ་ཚད་གཞི་ལྡན་ པའི་ཆེས་མཐོའི་དབང་ཤུགས་དང་མངའ་ འབངས་དབང་དུ་བསྒྱུར་བའི་ནུས་པ་ རྟག་བརྟན་ཞིག་ལྡན།
༥༨༽
ཨུ་ཚུགས་ཀྱིས་བཞེངས་བསྐྲུན་བྱས་ པ་དག་གནས་ལུགས་དང་བདེན་དོན་གྱི་ རྒྱབ་སྐྱོར་མེད་ཚེ། མཐའ་མར་ཁྱོད་འཆི་ལམ་དུ་འདེད་བྱེ དཡིན། ཚད་གཞི་མེད་པའི་ཀུན་སྤྱོད་དག་རྒྱུན་སྤྱོད་བྱས་ན་ནམ་ཞིག་ཁྱོད་ འཆལ་སྤྱོད་པར་འགྱུར་སྲིད། ལྷག་བསམ་མིན་པའི་བྱ་འགུལ་དག་ མཐའ་མཇུག་རྙོག་དྲའི་རུ་དཔུང་སྒྲི ག་བྱེད་ཡིན།
༥༩༽
ཉོག་འཛང་ཅན་གྱི་བྱ་བར་བསམ་བློ་ མང་དུ་གཏོང་རྒྱུ་ལས་བསྣབ་སེམས་ མེད་པར་ལྷོད་ལ་བབས་ཏེ་འདུག་རྒྱུ ་གལ་ཆེ། མི་མང་འཚོགས་སར་མི་སྒེར་གྱི་སེ མས་ལ་ན་ཟུག་གཏོང་བྱེད་ཀྱི་ཚིག་ ངན་མ་བཤད་ན་བཟང་། དེ་འདྲའི་ཚིག་གིས་སྤྱི་ཚོགས་ཤི ག་གིས་ཁྱེད་རང་དང་ལེན་བྱེད་མི་ ཐུབ་པའི་རྒྱུ་རྐྱེན་བཟོ་སྲིད།
༦༠༽
རྒྱུན་དུ་འཆལ་གཏམ་འདྲ་བའི་སྐད་ ཆ་མང་པོ་བཤད་མཁན་གྱི་མི་དེས་རང་ གི་འཇོན་ཐང་དང་ནུས་པ་རྩ་ཆེན་དེ་ གཏོར་སྐྱོན་གཏོང་ཉེན་ཡོད་པས་ གཟབ་དགོས། རྒྱུན་དུ་རང་ཉིད་རྒྱལ་འདོད་ཀྱི་ ཧམ་སེམས་དེས་རང་ཉིད་ཀྱི་བདེ་སྐྱ ིད་ཡོད་ཚད་རྩ་མེད་དུ་བཟོ་ཉེན་ འདུག ལུས་སེམས་ཐམས་ཅད་རྒུད་འགྲོ་བའི་ སྐབས་སུ་གསོ་བྱེད་ཀྱི་སྨན་ལྟ་བུ ་ནི་བརྩེ་བ་རེད།
༦༡༽
དཀའ་སྡུག་ཐམས་ཅད་མི་རྟག་པ་ཡིན་ པས་རྟག་པར་གནས་མི་སྲིད་པའི་གནས་ ལུགས་ལ་བསམ་བློ་གཏོང་དགོས། འུ་ཅག་གིས་ཕན་ཚན་ལ་སློབ་གསོ་གཏོ ང་རྒྱུ་དེ་གཙོ་བོ་མ་རེད་ལ། བསམ་བློ་བརྗེ་རེས་དང་ཉམས་མྱོང་ བསྡུར་རྒྱུ་དེ་གལ་ཆེན་པོ་རེད། སྐྱིད་སྐྱིད་དང་གུ་ཡངས་མོ་ནི་ འཚོ་བའི་ཁྲོད་དུ་མེད་དུ་མི་རུང་ བ་ཞིག་རེད།
༦༢༽
འདས་ཟིན་པའི་གྲོགས་པོའི་ནོར་འཁྲུལ་ལ་འཁང་ར་མི་བྱེད་པར་གནས་བབས་ ལ་འགྱུར་བ་འགྲོ་ངེས་པའི་གཏན་ཚི ག་ལ་ཡིད་ཆེས་དགོས། གཞན་གྱིས་ཁྱེད་ལ་ལྟ་ཚུལ་བཟང་ངན་ ག་འདྲ་བཤན་ནའང་དེ་གནད་དོན་མ་རེ ད་ལ། ལྟ་ཚུལ་བཟང་ངན་དེའི་རྒྱུ་རྐྱེན་ དང་རྒྱབ་ལྗོངས་ལ་བསམ་བློ་གཏོང་ རྒྱུ་དེ་གནད་འགག་ཅིག་ཡིན།
༦༣༽
སེམས་ལ་གཡོ་འཁྲུགས་བྱུང་སྐབས་སུ ་ཕན་ཚུན་ལ་སྐད་ཆ་ལྷོད་ཡངས་ཅན་ བཤད་རྒྱུ་དེ་གལ་ཆེན་ཡིན། རྒྱུན་དུ་འགྲོགས་འདྲེས་བྱེད་ མཁན་གྱི་མི་དེས་ཁྱེད་ལ་སྡང་སྡུ ག་ཅི་ཙམ་བསྟན་ནའང་ཁྱོས་རང་ཚུགས་ མ་ཤོར་བའི་སྟེང་ནས་དེ་ལ་གུས་ ཞབས་ཞུས་ན་མཐའ་མཇུག་གི་རྒྱལ་ཁ་ དེ་དྲང་བདེན་གྱིས་བླངས་ནས་ཁྱེད་ ལ་སྟེར། འོན་ཀྱང་ཁྱོས་རྒྱལ་ཁ་དེ་ལ་རེ་བ་ དང་དེའི་ཆེད་དུ་རྩོལ་བ་བྱེད་མི་ རུང་ངོ་།།
༦༤༽
རྒྱུན་དུ་ལུས་སེམས་ལ་འཛུམ་གྱིས་ ཁེངས་ཡོད་པ་ནི་བདེ་སྐྱིད་ཀྱི་ གཞི་རྩ་དང་བདེ་སྐྱིད་དངོས་རེད། དེ་ལ་དགོད་སྒྲ་འཛད་མེད་ཅིག་དགོ ས། རྒྱུ་ནོར་གྱི་བདེ་སྐྱིད་ནི་ཉིན་ གཅིག་གི་ཟས་མགྲོན་ལྟ་བུ་རེད།
༦༥༽
རང་དབང་དང་སྒྲིག་གཞི་མི་འགལ་བར་ འཛིན་རྒྱུ། ངོ་རྒོལ་དང་རེ་ཞུ་ལ་དབྱེ་མཚམས་ འབྱེད་རྒྱུ། བཅོས་བསྒྱུར་དང་གཏོར་སྐྱོན་གྱི་ དགེ་སྐྱོན་གསལ་རྒྱུ། རིགས་ཞེན་དང་ཕྱོགས་རིས་ལ་བར་ མཚམས་དབྱེ་རྒྱུ། ཀུ་ཡངས་དང་རང་ཚུགས་ལ་དབྱེ་ཞིབ་ གནང་རྒྱུ། འདི་དག་སྤྱི་ཚོགས་ཤིག་གི་བླངས་ དོར་རེད།
༦༦༽
ཁྱོད་དང་འུ་གཉིས་འདྲ་མཉམ་དང་ འཆམ་མཐུན་འོང་དགོས་ན། ཁྱེད་ཀྱིས་ངའི་གནས་སྟངས་དང་ངའི་ སེམས་ཁམས་རིག་གཞུང་དང་བཅས་པར་རྒྱུས་ལོན་བྱེད་དགོས། ཁྱོད་རྒྱ་ཆེན་པོ་ཞིག་དང་ང་གཞིས་ ཆུང་ངུ་ཞིག་གི་གྲུ་ཟུར་ནས་འཆམ་ མཐུན་ག་ནས་འོང་།
༦༧༽
ལས་དོན་དག་ཕུན་སུམ་ཇེ་ཚོགས་དང་ འཐུས་སྒོ་ཇེ་ཚང་དུ་འགྲོ་བ་ལ་སྐྱ ོན་ཡོན་གཉིས་ཀྱི་ནང་ནས་སྐྱོན་གྱ ི་ཆའམ་མ་འདང་བའི་ཆ་ནས་གཙོ་བོར་ གླེང་ན་འགྲིག་འདུག ཕན་ཚུན་གྱི་སྐྱོན་ཆ་གླེང་བ་ནི་ ཡར་རྒྱས་ཀྱི་སྔོན་འགྲོ་ཞིག་ཡིན་ ཟེར་བ་ལྟར་རེད།
༦༨༽
བྱ་བ་དང་ལས་དོན་གང་ཐད་ནས་གཞན་ལ་ ཁག་འགེལ་བ་ནི་དོན་ལ་རང་གིས་འགན་ མ་ཁུར་བ་རེད། འགན་ཁུར་དང་རང་ཚུགས་དེའི་ཁྲོད་ དུ། འདུ་ཤེས་གསར་བ་དང་བསམ་བློ་གསར་ བ། ཆོས་ལུགས་གསར་བ་དང་རིག་གཞུང་ གསར་བ་དག་ནང་འདྲེན་བྱེད་ཐུབ་པའི ་མི་དང་མིའི་སྤྱི་ཚོགས་དེ་ནི་སྣ ་འཛོམས་རང་བཞིན་ཅན་གྱི་ཚོང་ཁང་ཆེན་མོ་ཞིག་དང་འདྲ།
༦༩༽
རིག་གཞུང་དང་བསམ་བློ་ཡོད་ཚད་ཁྲི མས་འོག་དང་བཙན་མནོན་བྱེད་འདོད་ པ་ནི་འཇིག་རྟེན་འདི་མུན་ནག་ཏུ་བ སྒྱུར་འདོད་པ་དང་རང་ཁོ་ནའི་ཆེད་ དུ་འཛིན་འདོད་པའི་ཧམ་སེམས་རེད། གོ་རིམ་དང་བརྒྱུད་རིམ་ཁྲོད་གནས་ དགོས་པ་དང་འགྲོ་དགོས་པའི་གནས་ ཚུལ་ཁ་ཁ་རེད།
༧༠༽
བློ་སྟོབས་ཀྱི་ནུས་ཤུགས་ངར་མ་དེ འི་ཁོར་ཡུག་ལ་དཔལ་ཡོན་དང་ལྡན་ པའི་སྤྱི་ཚོགས་སྣུམ་པོ་ཞིག་གྲུ བ་ཐུབ། དཔའ་གདེངས་བརྗིད་པོ་ཞིག་གིས་བསྐྲུན་པའི་མི་རིགས་དང་རིག་གཞུང་དག་ ནི་སུས་ཀྱང་འགོག་མི་ཐུབ་པའི་རང་ རྐྱང་པའི་སྒེར་ཚུགས་ཤིག་ཡོད། འདི་ནི་མིའི་རིགས་ཀྱི་སྟོབས་ཤུ གས་དང་མི་ཚེའི་ནང་གི་མཛེས་པའི་གྲུ བ་ཆ་ཞིག་ཀྱང་ཡིན།
༧༡༽
དཀའ་ཁག་ཡོད་པ་དེ་ལ་སྐྲག་མི་དགོ ས། དེ་ན་ཐབས་ལམ་ཡོད་ལ། ཐབས་ལམ་དེ་སྤྱད་ནས་རེ་བ་ཡང་འགྲུབ་ངེས། རིན་ཐང་བྲལ་བའི་བྱ་བཞག་དག་ནི་ དཔའ་ངར་དང་ཞུམ་པ་མེད་པའི་སྟོབས་ ཤུགས་ལས་བྱུང་ཞིང་། དཀའ་ཚེགས་ཁག་ལ་གདོང་གཏད་པ་ལས་བྱུང་བ་རེད།
༧༢༽
མིའི་རྣམ་དཔྱོད་ནི་ཧ་ལས་དགོས་པ་ ཞིག་རེད་ལ། རྒྱུན་དུ་བློ་རྩེ་གཅིག་སྒྲིམ་གྱ ིས་བྱ་བར་དོ་སྣང་བྱེད་ཐུབ་ཚེ། མི་ཡུལ་ལ་བློ་ཡུལ་ལས་འདས་པའི་བྱ ས་རྗེས་འཇོག་ཐུབ་ངེས། རྒྱུན་དུ་བློ་ཕམ་དང་ཡིད་ཆད་མེད་ པ་ནི་བྱ་བ་ལེགས་འགྲུབ་ཀྱི་མན་ ངག་ཟབ་ཤོས་དེ་རེད།
༧༣༽
མིའི་རིགས་ཀྱི་ཤེས་བྱའི་ཕྱོགས་བསྡོམས་དང་སྤྱི་ཚོགས་ལེགས་པའི་ འཚོ་བཅུད་སྣུམ་པོ་དེ་ནི་དཔེ་དེ བ་ལེགས་ཤོས་དེ་རེད། མི་རབས་ཤིག་གིས་མི་རབས་རྗེས་མར་ བཞག་པའི་ཁ་ཆེམས་ལྟ་བུ་དཔེ་དེབ་ དག་ཡིན། ནམ་ཡང་འགྱུར་བ་མེད་པའི་གྲོགས་ མཆོག་ལྟ་བུའང་དཔེ་དེབ་ལེགས་པོ་ དེ་དག་རེད།
༧༤༽
དཔེ་དེབ་ལེགས་ཤོས་དེ་ནི། འདས་ཟིན་པའི་འཚོ་བའི་སྣང་བརྙན་ གསོན་པོ་དང་ཟུངས་ཁྲག་དང་རྔུལ་ཆུ ་ལས་བཏོན་པའི་བདེན་དོན། ད་ལྟའི་འཚོ་བར་གཡོ་འགུལ་ཐེབས་བྱ ེད་ཀྱི་བློ་གྲོས་ཅན་གྱི་གཞུང་ལུ གས། དཀའ་ཐུབ་དང་དཀའ་ངལ་ཁྲི་སྟོང་ལ་ གདོང་ལེན་བྱེད་ཐབས་ཀྱི་ལག་ཆ། མདོར་ན། མ་འོངས་པའི་མི་རིགས་དང་རིག་གཞུ ང་། རྒྱལ་ཁབ་ཞིག་ཀྱང་ཡིན།
༧༥༽
དཔེ་དེབ་ལ་འདེམས་སེས་བྱེད་པ་དག་ ནི་གྲོགས་བཟང་པོ་ཞིག་འཚོལ་བ་ལས་ གལ་ཆེན་པོ་དེ་ཡིན། འཛམ་གླིང་གི་ཤེས་འཇོན་གཉིས་དང་ ལྡན་པའི་མཁས་པ་དག་ནི་ཕན་བདེ་དང་ ནང་དོན་ལེགས་པའི་དཔེ་དེབ་ཡག་པོ་ ལྟ་ཀློག་བྱས་ནས་བྱུང་བ་མ་གཏོགས། གང་བྱུང་གི་དཔེ་དེབ་དག་ལྟ་ཀློ ག་བྱས་ནས་བྱུང་བ་མ་རེད་དོ། དཔེ་དེབ་ནི་ཤེས་བྱའི་འབྱུང་རྩ་ དང་གལ་གནད་ཆེ་ས་ཡིན་པས། སྟབས་མ་ལེགས་ན་དེ་ལས་ལྡོག་པའི་ ཉེས་པའི་འབྱུང་རྩ་ཡང་འགྱུར་སྲི ད་པས་གཟབ་ནན་བྱེད་དགོས།
༧༦༽
སྐྱེས་བུ་དམ་པས་ཡ་རབས་ལ་སློབ་སྦྱོང་བྱེད་ཐབས་དང་བླུན་པོས་ཡ་ རབས་ལ་ལད་ཟློས་བྱེད་སྟངས་གཏན་ ནས་མི་འདྲ། གཞན་གྱིས་རང་ལ་བརྩི་བཀུར་འཐོབ་ དགོས་ན་རང་ཉིད་ང་རྒྱལ་མེད་པར་ རང་ཚོད་ཟིན་ན་དགའ། མི་ཞིག་གི་མི་ཚེའི་རིན་ཐང་ནི་བྱ ་བར་གོ་རིམ་དང་འཆར་གཞི་མ་ནོར་ བའི་བྱ་བཞག་ལ་རག་ལུས་པ་ལས་མི་ཚེ ་རིང་ཐུང་ལ་ལྟོས་པ་མེད།
༧༧༽
རང་ཁོ་ནའི་ཆེད་དུ་འཚོ་གནས་འཚོལ་ བ་ནི་དུད་འགྲོའི་བྱ་སྤྱོད་དང་། མི་རིགས་ཤིག་གི་མདུན་ནས་ངོ་ཚ་ དགོས་པ་དང་ཁྲེལ་མེད་པ་ཞིག་རེད། གཞན་དོན་དུ་འཚོ་གནས་བྱེད་ཐུབ་ཚེ ། ཁྱེད་ལ་སྟོབས་ཤུགས་མ་ལུས་པ་ཀུན་ འཐོབ་ཐུབ་ལ། གཞན་གྱིས་ཡིད་སྨོན་འཆོར་སའི་ཁྱ ད་དུ་འཕགས་པ་ཞིག་ཡིན།
༧༨༽
མིའི་སྤྱི་ཚོགས་ཀྱི་ངོས་ནས་བཤད་ ན་དབང་ཆ་སྟོབས་ཤུགས་ཅན་དང་དྲང་ བདེན་བྱེད་མཁན་དེ་ཁྲིམས་ཡིན་ལ། མི་སྒེར་སོ་སོའི་ངོས་ནས་གླེང་ན་ དབང་ཆ་སྟོབས་ཤུགས་ཅན་དང་དགོས་ངེ ས་པ་དེ་ལས་རྒྱུ་འབྲས་བརྩི་རྒྱུ་ དེ་རེད། སྐྱ་སེར་ཐམས་ཅད་ལ་གལ་ཆེ་བ་དེ་ནི ་གཤིས་རྒྱུད་དྲང་རྒྱུ་དེ་རེད། གཤིས་རྒྱུད་དྲང་ན་ལས་འབྲས་ངང་གི ་བརྩི་ཡོང་།
༧༩༽
རང་ཉིད་ཀྱི་བདེ་ཐང་ལ་དགའ་ཞེན་མེ ད་པའི་མི་དེ་ནི་རང་ཉིད་ཀྱི་སྨན་ པ་ལ་དགའ་བོ་མེད། རང་ཉིད་དཔེ་དེབ་དང་ཤེས་ཡོན་ལ་ དགའ་བོ་མེད་ཚེ་བཤེས་གཉེན་དང་དགེ ་རྒན་ལ་དགའ་ཞེན་དེ་བས་མེད། བཅོས་མ་དང་གཡོ་སྒྱུའི་རྣམ་པས་ གཞན་ལ་བརྩི་བཀུར་གཡོ་ལེན་བྱེད་ པ་ལས་ཕྱི་གསལ་ནང་གསལ་གྱིས་བྱ་སྤྱོད་ལས་གཞན་ལ་ཞེན་པ་ལོན་ཀྱང་ གནས་ལུགས་དང་མཐུན།
༨༠༽
འདོད་ཧམ་ཅན་གྱི་མིས་རང་གི་སྙན་ གྲགས་དང་རང་དོན་གཙོ་བོར་དོན་གཉེ ར་བྱེད་ལ། གཟི་བརྗིད་དང་ལ་རྒྱ་ཅན་གྱི་མིས་ རང་གི་མི་རིགས་དང་རྒྱལ་ཁབ་གླེང་ སློང་དང་དེའི་ཆེད་དུ་འབད་བརྩོན་ བྱེད། རྫུན་གཏམ་ཅན་གྱི་མིར་ཐོབ་པའི་ འབྲས་བུ་ནི། མཐའ་མར་དྲང་པོར་བཤད་ཀྱང་གཞན་གྱི ས་ཡིད་ཆེས་འཐོབ་དཀའ་བ་དེའོ།།
༨༡༽
ལྷག་བསམ་དང་བརྩོན་འགྲུས་གཉིས་ ནི་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ གྲོགས་པོ་ཡག་ཤོས་གཉིས་ཡིན། བྱ་བ་ལམ་འགྲོ་མ་རྒྱུགས་པའི་སྐ བས་ཁྱེད་ལ་དགོས་པ་ནི་བཟོད་སྒོམ་ དང་ཡིད་ཆད་མེད་པ་དེ་ཡིན། དེ་ནི་ལས་ངན་པའི་འབྲས་བུར་བསམ་ བློ་བཏང་ནས་བདེ་བར་བཞུགས་དང་སྤྲ ོ་དགའི་དུས་ཤིག་འཆར་ཡོང་ངེས།
༨༢༽
གནས་ལུགས་དང་ཤེས་ཡོན་བྱང་ཆུབ་ པའི་མཁས་པའི་སློབ་སྟོན་གྱི་སྙི ང་སྟོབས་ནི་དཔའ་པོའི་མཚོན་རྟགས་ བླ་ན་མེད་པ་དེའོ། རང་ཉིད་ལ་དྲང་བདེན་མིན་པའི་ཆག་ སྒོ་བྱུང་ཡང་སྤྱོད་ལམ་ཚད་དང་ལྡ ན་པར་རྒྱུན་གཏན་ངེས་ལ། རང་ཚུགས་ཚད་ལྡན་ལ་འགྱུར་བ་མེད་ པ་ནི་སྐྱེས་བུ་དམ་པའོ།།
༨༣༽
མིའི་རིན་ཐང་ནི་བྱས་རྗེས་བཞག་ཡོ ད་མེད་ལ་བལྟ་རྒྱུ་ལས་ཁོ་ལ་གོ་ས་ ག་རེ་ཐོབ་ཡོད་མེད་ལ་བལྟ་རྒྱུ་དེ ་མིན། འཚོ་བ་ཞིག་གི་ལམ་ལ་གདམ་ག་ བྱས་རྗེས་སྙིང་སྟོབས་ཞུམ་པ་མེད་ པར་མཐའ་འཁྱོལ་དགོས་པ་ལས་ཕྱི་བཤོ ལ་དང་བག་འཁུམས་གཏན་ནས་བྱེད་མི་ རུང་། མི་ཚེ་ནི་ཚད་བཀག་ཅན་ཞིག་ཡིན་ ནའང་སྙིང་སྟོབས་ནི་ཚད་བཀག་མེད་ པར་འཕུར་བསྐྱོད་བྱས་ཆོག
༨༤༽
ཁྱེད་རང་གསོན་པོར་གནས་ཡོད་ཀྱང་ ཤི་སོང་བ་དང་ཁྱད་པར་མེད་པ་དེ་ནི ་ཤེས་ཡོན་དོར་བ་དེ་རེད། ཡང་ན་མི་ཞིག་འཚོ་བར་རེ་བ་གང་ཡང་ མེད་པར་ཉི་མ་གང་འཁྱོལ་བྱས་ནས་ འཚོ་སྡོད་བྱེད་པ་ནི་དོན་དངོས་ཐོ ག་ཁྱེད་རང་ཤི་སོང་བ་དང་ཁྱད་པར་ མེད། མི་ཚེ་ངོ་མ་དེ་ནི་དཀའ་སྡུག་གི་ འཐབ་རྩོད་བརྒྱུད་ནས་བྱུང་བའི་གྲུབ་འབྲས་དེ་རེད། དཀའ་སྡུག་བརྒྱུད་མྱོང་མེད་པའི་ མི་ནི་མིག་ཡ་གཅིག་ཅན་དང་མཚུངས་ སོ།།
༨༥༽
མི་ཚེའི་གྲུབ་འབྲས་ནི་བྱ་བ་གང་ བརྩོན་ལེན་བྱས་པ་ལ་རག་ལུས་པ་ལས། ཁོར་ཡུག་གང་ཞིག་བདག་དབང་བྱས་པ་ ལ་རག་ལུས་མེད། རྣམ་དཔྱོད་ཅན་གྱི་བློ་སྟོབས་ཆེ ན་པོས་ལས་དབང་གིས་བསླངས་པའི་སྡུ ག་བསྔལ་མཐའ་དག་སེལ་ཐུབ། ལས་ཀ་གཞན་ལ་ཁག་དཀྲི་བ་ནི་སེམས་ ཤུགས་མེད་པའི་གཉོམ་ཆུང་ནུས་མེད་ ཚོས་ཁ་གཡར་ས་ཞིག་ཡིན།
༨༦༽
བྱ་བ་གང་ཡིན་ཀྱང་ལེགས་འགྲུབ་འབྱུ ང་རྒྱུའི་མན་ངག་ནི་རྐྱེན་དང་འཕྲ ད་སྐབས་རང་ཉིད་བློ་ཕམ་དང་ཡིད་ ཆད་མེད་པ་དེ་རེད། ཕམ་ཉེས་ལས་བསླབ་བྱ་ལེན་ཤེས་རྒྱུ ་ལས་ཕམ་ཉེས་ངོས་ལེན་དང་གདོང་ལེ ན་བྱ་རྒྱུར་སྐྲག་སྣང་སྐྱེས་མི་ རུང་། ཕམ་ཉེས་ཀྱི་རྗེས་སུ་ཐབས་ཤེས་ཤི ག་རྟོགས་ཐུབ་ན་ཕམ་ཉེས་དེ་ནི་ལེ གས་འགྲུབ་དང་རིན་ཐང་གཅིག་མཚུངས་ ཡིན།
༨༧༽
ཕྱོགས་རེས་པའི་བརྩེ་བ་དང་དུང་ བའི་དབང་དུ་སོང་པའི་འཇིག་རྟེན་ པའི་གཤིས་ཀ་ཕལ་ཆེ་བ་ལྐོག་ཟ་རུལ་སུང་ བའི་རྣམ་པ་ལྟ་བུ་རེད། གནས་ལུགས་དང་བདེན་པའི་ལམ་ཀ་མང་ ཆེ་བ་ཚོར་སྣང་ཙམ་ལ་བརྗེ་བའི་རྣ མ་པ་འདི་ཡང་ཞེན་ཆགས་ཙམ་གྱིས་དྲུ ད་ནས་བྱུང་།
༨༨༽
མི་སེམས་ལ་རྨ་ཁ་བཟོ་བྱེད་ནི་ཁྱ ད་གསོད་ཀྱི་མཚོན་ཆ་དེ་རེད་ལ། མི་ལ་དང་བ་འདྲེན་བྱེད་ནི་གཞན་ ཕན་ཀྱི་རྣམ་དཔྱོད་དེ་རེད། རྒྱུན་དུ་གཞན་གྱི་ཆེད་དུ་འབུལ་ བཞིན་པའི་ལྷག་བསམ་ཅན་དེ་སེམས་ ནང་གི་ནོར་བུ་ཡིན་ལ། རྒྱུན་དུ་རང་གི་ཆེད་དུ་གཞན་ལ་ཐུ བ་ཚོད་བྱེད་མཁན་དེ་དག་མིག་ནང་གི ་ཚེར་མ་ཡིན།
༨༩༽
འཇིག་རྟེན་འདིར་མཚོན་ཆ་སྤུ་གྲི་ རྣོན་པོ་ལས་རྣམ་པར་རྒྱལ་བྱེད་ནི ་རྣམ་དཔྱོད་ལྡན་པའི་སྙིང་སྟོབས་ དེ་རེད། མི་ཚེའི་བདེ་སྐྱིད་ནི་ཤེས་རབ་ཀྱ ིས་བསྐྲུན་པའི་ཀུན་སྤྱོད་བཟང་པོ ་ལས་གསེར་དངུལ་དང་རྒྱུ་ནོར་ལ་ བལྟོས་པ་མེད། མི་རྣམས་ལ་ཀུན་སྤྱོད་ཀྱི་ཚད་གཞི ་མི་ལྡན་ཚེ་འཇིགས་སུ་རུང་བ་དང་ མི་ཡུལ་གྱི་མཚོན་ཆ་རྣོན་པོ་ཞིག་ རེད།
༩༠༽
གཞན་གྱི་འཚོ་བ་དང་སྤྱོད་ཚུལ་ལ་ སྣང་ཆུང་བྱས་དྲགས་ན་ན་གཞོན་ཚོའི ་སྤྱོད་ངན་ཡ་ང་བ་དེ་དག་ཐོན་གྱི ན་ཡོད། ངོ་ཚ་ཁྲེལ་གཞུང་མེད་པའི་མི་དེ་ ནི་རེ་བ་དང་ཡིད་ཆེས་བཅོལ་ས་མེད་ པ་དེ་རེད། རང་ཉིད་གནས་སའི་ཁོར་ཡུག་ཏུ་མི་ ཡོད་མེད་ལ་མ་བལྟོས་པར་ངོ་ལྐོག་ མེད་པར་ཚུལ་ཁྲིམས་དང་ཀུན་སྤྱོད་ དག་བརྩི་སྲུང་བྱེད་དགོས།
༩༡༽
དོན་དངོས་དང་ལྡན་པའི་བསམ་བློ་བ་ བྱ་རྒྱུ་ལས་བསམ་བློ་བར་ལད་ཟློས་ བྱས་ནས་ཕྱི་ཚུལ་གྱི་བསམ་བློ་བ་ བྱེད་མི་རུང་། མཁས་པ་ལ་རང་སྐྱོན་ངོས་ལེན་བྱེད་ ཐུབ་པའི་སྙིང་སྟོབས་ཡོད་ལ། བླུན་པོ་ལ་རང་ཉིད་མཁས་པར་རློམ་ པའི་ང་རྒྱལ་ཡོད། རྒྱུན་དུ་འཁང་ར་འབའ་ཞིག་བྱེད་ མཁན་གྱི་མི་དེ་ལ་བསམ་ཚུལ་ཡང་དག་ པ་གང་ཡང་མེད་ཅིང་། ལས་ཀ་སྒྲུབ་མི་ཤེས་ལ་ལས་ཀར་གཡོ ལ་མཁན་དེ་ཁོ་ཡིན།
༩༢༽
ངོ་ཚབ་ལམ་ལུགས་དང་གྲོས་ཚོགས་ལམ་ ལུགས་ཀྱི་དེང་རབས་དམངས་གཙོའི་ ཆབ་སྲིད་ནི་འོས་བསྡུའི་ལམ་ནས་ བདེམས་ཐོན་བྱུང་པའི་ལམ་ཀ་དེ་རེད། ལམ་ཀ་དེས་ནི་མི་ཉུང་ཤས་ཤིག་འགེ བས་སྲུང་དང་སྐྱོང་རྒྱུ་མ་གཏོགས། མི་མང་ཤོས་ཤིག་འགེབས་སྲུང་དང་སྐྱོང་རྒྱུའི་འཆར་གཞི་སྔ་ས་ནས་མེ ད། སྒེར་གཅོད་ནི་དྲག་ཤུགས་རྨང་གཞི ར་བྱས་པའི་གྲུབ་འབྲས་རེད། དམངས་གཙོའི་ཆབ་སྲིད་ངོ་མ་ནི་སྤྱ ི་ཡོངས་ཀྱི་བསམ་བློའི་རྣམ་དཔྱོ ད་རྨང་གཞིའི་སྟེང་བཙུགས་པ་ཞིག་ ཡིན།
༩༣༽
དྲང་པོའི་གཏམ་གླེང་ནས་ཉེས་རྡུང་ གཟེད་དགོས་ནའང་སྐྱག་རྫུན་དང་གཡོ ་སྒྱུས་ཉེས་པ་གཡོལ་ཐབས་གཏན་ནས་ བྱེད་མི་རུང་། ཁས་ལེན་ཉུང་ཙམ་དང་བྱ་བ་མང་ཙམ་ བསྒྲུབས་ན་དགའ། གནོད་སེམས་གཞན་ལ་བཅངས་དྲགས་ན་ ལས་ལམ་རང་ལ་འཁོར་ངེས་ཡིན། རང་ཚོད་མེད་པར་རང་སྣང་གང་དྲན་བྱ ས་ཚེ་གནོད་འཚེ་ལས་བདེ་སྐྱིད་མེ ད།
༩༤༽
ལྷག་བསམ་དང་བློ་རིག་གསལ་བའི་གྲོ
༩༥༽
དོགས་པ་བྱེད་སའི་མི་དེ་གནད་འགག་ སྐབས་སྐྱོབ་མཁན་དང་ཡིད་ཆེས་བྱེ ད་སའི་མི་དེ་ལྐོག་ནས་རང་ཉིད་བཙོ ང་མཁན་དུ་འགྱུར་བའང་ཡོད་སྲིད་ པས། རྒྱུན་དུ་ཡིད་གཟབ་དང་རང་ཚུགས་ བརྟན་པོ་གནང་དགོས། སྡུག་བསྔལ་དང་ཡིད་སྐྱོ་བའི་གནས་ ཚུལ་ལས་སྦྱོང་བརྡར་དང་གོ་བརྡ་ མང་པོ་ཞིག་འཕྲོད་ངེས།
༩༦༽
མི་རིགས་དང་མི་རིགས་ཤིག་གི་རིག་ གནས་འཚོ་བ་དག་ནི་འཐབ་རྩོད་དང་ རང་སྲོག་བློས་གཏོང་བྱས་ནས་ཐོབ་ པ་ཤ་སྟག་ཡིན་ལ། འདི་དག་གི་མ་འོངས་པ་ཡང་ཐབས་ལམ་ འདི་ལྟར་བརྩོན་ལེན་བྱས་ནས་འགྲུ བ་དགོས། འདི་ཡང་ཤེས་འཇོན་གཉིས་ལྡན་ཅན་གྱ ིས་ལས་དོན་སྒྲུབ་རྒྱུ་དང་རྣམ་ དཔྱོད་ཤེས་རབ་ཅན་གྱི་གསར་གཏོད་ བྱས་ནས་འགྲོ་དགོས།
༩༧༽
མི་ཚེ་ནི་དཀའ་ཚེགས་ཆེན་པོ་ཅན་ཞི ག་ཡིན་ལ། ལེ་ལོ་ནི་ཉེས་པའི་འབྱུང་ཁུངས་ དང་དབུལ་ཕོངས་ཀྱི་གཞི་རྩ་དེ་ཡི ན། བདེ་སྐྱིད་ནི་དཀའ་སྡུག་བཟོད་བསྲ ན་བྱེད་ཐུབ་པ་དེ་ཡིན། དེའི་གཞི་རྩ་ཡང་ཤེས་ཡོན་ལ་རག་ ལས་ཡོད། མི་ཡུལ་ནི་འཐབ་ར་ཆེན་པོ་ཞིག་ཡི ན་ལ། འཐབ་རྩོད་ལས་རྒྱལ་དགོསན་རྣམ་དཔྱ ོད་བེད་སྤྱོད་གཏོང་དགོས།
༩༨༽
རང་ཉིད་མི་གཞན་གྱིས་གཙིགས་མཐོང་ ཆེན་པོ་བྱེད་སྐབས་རང་ཉིད་ཀྱི་ཤེ ས་ཡོན་ཐད་ཀྱི་ཞན་ཆ་དང་འཐུས་ཤོར་ དག་འགེབས་སྲུང་བྱེད་མི་རུང་། སྤོབས་པ་ཆེན་པོ་ཅན་གྱི་མི་ལ་ངོ་ བསྟོད་བྱེད་མཁན་མང་ན། ཉེན་ཁ་ཆེན་པོ་བཟོ་སྲིད་པས་གཟབ་ དགོས།
༩༩༽
དུས་རབས་ཀྱི་འཕེལ་འགྲིབ་རེ་རེར་ བདེན་དོན་རེ་རེ་མངོན་གསལ་དོད་ ནས་འབྱུང་སྲིད། འདི་ཡང་ཤེས་རབ་ལས་འཁྲུངས་པའི་ དགའ་ཞེན་ཡིན། ནོར་འཁྲུལ་དང་གཡོ་སྒྱུའི་ཁ་གཏད་ ནས་བདེན་དོན་དེ་རྣམ་པར་རྒྱལ་ཡོ ང་། མི་ཚེ་བདེན་དོན་གྱི་ཆེད་དུ་འཐབ་ རྩོད་དང་འབད་བརྩོན་བྱེད་པ་ནི་ དགའ་འོས་པ་དང་སྤྲོ་སྣང་ལྡན་པ་ཞི ག་རེད།
༡༠༠༽
བདེན་དོན་དང་མིའི་ཐོབ་ཐང་ནི་སྨྲ ་བརྗོད་རང་དབང་ནས་དཔལ་འབྱོར་འདྲ ་མཉམ་བར། རྟགས་མཚུངས་གཉེན་བསྡེབས་ནས་ཆབ་ སྲིད་བདག་དབང་བར། མི་སེར་དཀྱུས་མ་ནས་རྒྱལ་ཁབ་སྲི ད་འཛིན་བར་ཐོབ་དགོས་པ་དང་རྩོད་ དགོས་པའི་གནད་དོན་དེ་རེད། རང་དབང་། དད་མོས། བདེ་འཇགས། གཉའ་གནོན་ལ་ངོ་རྒོལ་བྱེད་པ་བཅས་ ནི་རང་བྱུང་ལྟ་བུ་འགྱུར་བ་མེད་ པའི་ཐོབ་ཐང་ཡིན། ཁྲིམས་བཟོ། ཁྲིམས་འཛིན། སྲིད་སྐྱོང་བཅས་དམངས་གཙོ་ཀ་བ་རྣ མ་གསུམ་མམ་དབང་ཆ་སུམ་ཚུགས་ཅན་གྱ ི་མདུན་སར་ཡང་བདེན་དོན་དང་ཐོབ་ ཐང་གཙོ་བོ་ཡིན།
༡༠༡༽
སྟེས་དབང་གི་འདི་འདྲའི་ལས་བཟང་ པོ་ཐོབ་པ་ངོ་ཤེས་དགོས་ལ། གཡོ་ཐབས་ཟོལ་སྦྱོར་ལྟ་བུའི་བྱ་ བྱེད་དག་ནི་རང་གཞན་ཐམས་ཅད་ཀྱིས་ གཟབ་དགོས་པའི་གནད་དོན་དེ་རེད། ལ་ལ་སྟེས་དབང་རེད་ལ། ཡོན་ཏན་ནི་བརྩོན་འགྲུས་ཀྱིས་རྗེ ས་འགྲོ་ལས་ཐོབ་ཞིག་ཡིན་པ་ཧ་གོ་ དགོས།
༡༠༢༽
ཐབས་རྡུགས་དང་ཅོལ་ཆུང་གི་བསམ་བླ ོ་ནི་དམིགས་ཡུལ་འགྲུབ་ཐུབ་མེད་ པའི་ལམ་ཀ་དེ་རེད། བྱ་བར་ཞིབ་འདང་ཕོག་ནས་དེ་འཕྲད་ ལག་ལེན་བྱེད་པ་ནི་འཚོ་བའི་དགོས་ མཁོ་རེད། ཕམ་ཁ་ཅི་ཙམ་འཁུར་ཡང་ཡིད་མི་ཆད་ པ་ནི་དམིགས་ཡུལ་མངོན་འགྱུར་བྱེ ད་ཐབས་ལེགས་ཤོས་དེ་རེད།
༡༠༣༽
སྒྲུབ་ན་འགྲུབ་ངེས་སྙམ་པའི་ཡིད་ ཆེས་ཡོད་པ་ནི་གོ་སྐབས་ཤིག་ཡིན་ པས་དམ་འཛིན་བྱེད་དགོས། གོ་སྐབས་ནི་སྐབས་འགར་མ་གཏོགས་མེ ད་པའི་གནད་འགག་དེ་ཤེས་དགོས། འདི་ཡང་དུས་ཚོད་ལ་གཅེས་སྤྲས་བྱེ ད་དགོས་པ་དེ་རེད།
༡༠༤༽
གཤིས་རྒྱུད་བབས་ཆགས་དང་བརྗིད་ ཉམས་ལྡན་པའི་མི་ནི་རྒས་པའི་གནས་ སྐབས་དང་ཕམ་པའི་སྐབས་ལའང་འཇིགས་ མེད་ཀྱི་སྤོབས་སེམས་ཤིག་ཡོད། གཤིས་ཉམས་འདི་སྐབས་ལ་ལར་དམག་ དཔུང་བཟློག་ཐུབ་པའི་མཚོན་ཆ་ཞིག་ ཀྱང་ཡིན་སྲིད།
༡༠༥༽
ཁྱེད་ལ་ལས་ཀ་ཅི་ཡང་མེད་དུས་ཁྱོ ད་འཇིག་རྟེན་འདིར་ཆེས་ཐབས་རྡུ གས་དང་སྡུག་བསྔམ་ཅན་དེ་ཡིན། རང་ཉིད་ཀྱི་ཕུགས་བསམ་དང་སེམས་ འདུན་མིའི་མདུན་ནས་ངོམས་སོ་བྱས་ ན་བར་ཆད་འབྱུང་ངེས། མྱུར་དུ་བྱ་བའི་ལས་ལ་འཇུག་རྒྱུ་ ནི་གྲུབ་འབྲས་ཐོབ་པའི་རྒྱུ་རྐྱེ ན་ཨང་དང་པོ་དེ་ཡིན།
༡༠༦༽
སྤོབས་པ་དང་སྙིང་སྟོབས་ནི་སྦྱོ ང་བརྡར་ཁྲོད་སྐྱེད་སྲིང་བྱེད་ཐུ བ་པ་ཞིག་ཡིན། རང་ཚུགས་བརྟན་པོ་དང་བློ་རིག་སྦྱ ང་གྲུང་ལྡན་པའི་མི་ལ་བརྩེ་དུང་ གིས་བསྒུལ་ཤུགས་ཐེབས་མི་སྲིད། སྤྱོད་ལམ་ཐམས་ཅད་རུལ་སུངས་སུ་གྱུར་ཚེ། དགའ་ཞེན་ཟེར་བ་ཡང་མ་རབས་ཐ་ཤལ་བ་ ཅན་ཡིན།
༡༠༧༽
ཚད་ཡོད་དང་ཚད་གཞི་ཅན་གྱི་ན་ཚོད་ ལ་བརྟེན་ནས་ཚད་མེད་པའི་ཡོན་ཏན་ སྦྱོང་རྒྱུ་འདི་མི་ཚེའི་སྙིང་པོ་ ལེན་སྟངས་གཅིག་རེད། དཀའ་ཚེགས་ཁྲོད་དཀའ་ངལ་སེལ་ཐུབ་ ལ། འཐབ་རྩོད་ཁྲོད་དཔའ་ངར་འཐོབ་ཐུབ། ཕྲུ་གུ་དཀྱུས་མ་ཞིག་ལའང་སློབ་ གསོ་ཡག་པོ་ཐེབས་ཚེ། ཕུལ་བྱུང་མི་སྣ་ཞིག་ཆགས་རྒྱུར་ དཀའ་ཁག་མེད།
༡༠༨༽
བསམ་བློ་བ་ཞིག་ཡིན་ཚེ། རང་ཉིད་ཁོ་ནའམ་ཁྱིམ་ཚང་གཅིག་གི་ཆེད་འཚོ་བ་དོན་དུ་གཉེར་བ་ནི་སྒེ ར་སེམས་ཅན་གྱི་དུད་འགྲོའི་བྱ་སྤྱོད་རེད་ལ། ངོ་ཚ་དགོས་པ་ཞིག་ཀྱང་རེད། རྒྱུ་ནོར་ལོངས་སྤྱོད་ལ་རྔམས་དྲ གས་པ་ནི་རྒྱུ་ནོར་ལོངས་སྤྱོད་ཀྱ ི་བྲན་གཡོག་ཏུ་ཚུད་པའི་རྟགས་རེད། མི་ཚེ་དང་དུས་ཚོད་ནི་ཚེ་སྲོག་གི ་གྲུབ་ཆ་ཡིན་པས་རྒྱུ་ནོར་གྱི་ཆེ ད་དུ་གཏོང་མི་རུང་ངོ་།། རྫོགས་སོ།། ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༥ཉིན།
བསམ་ཚུལ་ཕྲིས།