གཤེན་ལ་བཏབ་པའི་ཁ་ཡིག 

། ། དམུ་རྒྱུད་ཐེམ་པའི་སྒོ་དར་ལྷབ་སེ་སུམ་རྩེན་ཡུལ་ལ་རྒྱང་ཐག་བཅད།། ཕྱྭ་བཟའ་ནག་མོའི་བྷ་གའི་ཀློང་ནས་དལ་བརྒྱད་འབྱོར་བཅུའི་གྲོང་ལ་ཟགས།། ཏི་སེའི་མདངས་ལ་ལན་མང་འཁུ་བས་སྤུངས་སོ་སྦར་གང་ངེས་མེད་གཏོར།། ཆུ་བཞི་འདུས་པའི་རི་སུལ་ཕར་ནས་ཡར་ཀླུང་སོག་ཀར་དམིགས་གཏད་ཕབ།།

སྲོག་གི་སྐད་ཆ་འགའ། 

་་་་་་་་་་་་་འབྲུག་མོ་ཚེ་རིང་ལ་ཕུལ་བའི་ཁག་བདུན་པ། / གཅིག / ངས་རྒྱུན་དུ་བརྩེ་དུངས་དང་ཁྱེད་རང་གླེང་དུས་སེམས་ཀྱི་གཏིང་རིམ་ན་དགའ་སྐྱོ་ཡི་དད་ཞེན་རེ་རེ་སྙིང་གི་འཕར་རྩ་རུ་ཞུགས་ནས་ཡོད། ངའི་བྲང་ཁོག་གི་ཟབ་ས་ནས་ཁྱེད་རང་ཕྱི་ལ་འགྲོ་མི་ཐུབ་པ་དེ་བརྩེ་དུངས་ཞེས་པའི་གཟུགས་མེད་ཀྱི་ཚོར་བ་འདིའི་དབང་གིས་རེད།  

གངས་ཁྲོད་ནས་ལྡིང་བའི་ཁྱུང་ཆེན།

/ ཏི་སེ་གངས་ཀྱི་རྭ་བའི་མཐིལ་དུ་སྤྲེལ་རྒན་རྔ་མ་མ་ཆད་གོང་།། མ་པང་གཡུ་མཚོའི་རླབས་ཞགས་འགྲོགས་པའི་རིག་པའི་ཟུངས་ཁྲག་རྒྱས་པའི་བུ།། བླ་བྲག་རྟ་སྒོའི་ཚེ་སྲོག་མཉམ་པའི་མེས་པོའི་གྲུབ་མཐའ་གཡུང་དྲུང་བོན།། འཛིན་སྐྱོང་སྤེལ་བའི་སྙིང་སྟོབས་ཟླ་མེད་སྨྲ་བའི་སེང་གེ་གཙུག་ན་རྒྱལ།། /

སྙིང་གི་ཕྱེ་མ་ལེབ།

། ཁྲོམ་ཚོགས་སྤང་ཐང་ཡངས་མོ་ནས།། མེ་ཏོག་ཅིག་ཏུ་སྒྱུ་འཕྲུལ་བསྟན།། དེ་དུས་ཁྱོད་ནི་ཕྱེ་ལེབ་སྟེ།། བདག་གི་མིག་སྔར་འཕུར་ལྡིང་རྩེན།།

ཤིས་ཚིག་ཨེར་སངས་ལྷ་མོའི་དབྱངས་སྙན།

  ། སྐུ་༵མཆོག་མཚན་དཔེ་འགྲོ་བའི་དོན་དུ་བཞད།། གསུང༵་དབྱངས་རེ་བཞིས་བརྒྱད་ཁྲིའི་བོན་སྒྲ་སྒྲོག། ཐུགས༵་ཉིད་མ་གཡེང་མི་གཡོ་མཉམ་པར་གནས།། གསང་གསུམ་མཛོད་འཛིན་ཉི་ཟླའི་སྣང་བྱེད་ཟུང་། །