༓ གདོད་མའི་སྙན་ངག་ཅིག་གི་རོལ་དབྱངས།
སྟོད་ཕྱོགས་ཀྱི་ཞང་ཞུང་ན།། གངས་རྒན་གྱི་ཏི་སེ་མཆིས།། སྤོས་རི་ནི་ལྷོད་ཀྱིས་འགྱིང་།། མ་ཕམ་ནི་ངང་གིས་འཁྱིལ།།
སྟོད་ཕྱོགས་ཀྱི་ཞང་ཞུང་ན།། གངས་རྒན་གྱི་ཏི་སེ་མཆིས།། སྤོས་རི་ནི་ལྷོད་ཀྱིས་འགྱིང་།། མ་ཕམ་ནི་ངང་གིས་འཁྱིལ།།
༼༡༽ ལྷ་དང་ལྷ་མོའི་ཚོགས་ཀྱིས་ཐུགས་རྗེས་སྤྱན་ཟུང་གི་རྨུ་ཞགས་ཟེར་ལ་བརྒྱུས་ནས། ལྷ་དང་ལྷ་མོའི་ཚོགས་ཀྱིས་བརྩེ་བས་གསུང་དབྱངས་ཀྱི་མགུར་མ་ངག་ལ་འགུག་བཞིན།
མཆོག་གསུམ་ཁོག་པའི་སྙིང་ལྟར་གཅེས་པས་དུས་གསུམ་སྐྱབས་གནས་གཅིག་པུར་བཀུར།། བསླབ་གསུམ་ཤེས་རབ་ཁོང་ནས་བརྡོལ་བས་ཚད་གསུམ་མཚོ་མོའི་དཀྱིལ་འཁོར་གྲུབ།། ས་གསུམ་འགྲོ་བའི་སྡུག་བསྔལ་བསམ་ནས་སྐུ་གསུམ་ཡོན་ཏན་བསླབ་པར་བྱས།།
རྒྱལ་ཀུན་གསང་གསུམ་འཕྲིན་ལས་སྔོ་བསང་མར།། འགྲོ་ཀུན་མུན་སེལ་སྨན་རིའི་འོད་པོ་ཆེ།། བྱང་ཕྱོགས་སྨག་རུམ་སེལ་བའི་སྤྱི་དཔོན་དུ།། དུས་ཀྱི་བགྲོད་པ་ཡུན་རིང་བརྟན་གྱུར་ཅིག། བསིལ་ལྗོངས་སྤྱི་བའི་མོས་པ་ཞིང་གི་གཙོར།། འབྲེལ་ལྡན་དམ་ཚིག་གསེར་གྱི་ཨ་ལོང་ཅན།། སྐྱབས་རྗེ་སྨན་རི་བ་ཞེས་གྲགས་པ་དཀར།། སྐུ་ཚེ་རྒྱལ་མཚན་བརྟན་ལ་གསོལ་བ་འདེབས།། ༢༠༡༥/༩/༣ཉིན། མངའ་རིས་སྨད་མང་ཡུལ་གུང་ཐང་ནས་སེམས་པ་སྐྱོ་བཞིན་(ཉེ་ཆར་རིན་པོ་ཆེ་སྐུ་བསྙུངས་པ་ཐོས་རྗེས་)བྲིས་སོ།།
དགེ་རྒན་དུས་ཆེན་ལ་ཕུལ་བའི་གཏམ། ཐོག་མར་གནམ་འོག་གི་དགེ་རྒན་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་།