དགུ་བཅུའི་དུས་སྟོན་བསུ་བའི་གཤེན་དབྱངས། །
/ ༧དཔལ་ལྡན་དྲིན་ཆེན་༧རྩ་བའི་བླ་མའི་དགུང་ལོ་དགུ་བཅུར་ཕེབས་པའི་དུས་ཚིགས་འདི་ལ་སྒོ་གསུམ་གུས་པ་ཆེན་པོའི་སྒོ་ནས་ཕྱག་འཚལ་ཞིང་དྭངས་བས་སྐྱབས་སུ་མཆིའོ། ཁྱུང་ཡུལ་ནོར་འཛིན་དགའ་མའི་ཁྱོན་དུ་མཚན་དཔེའི་ཁོ་ལག་རབ་ཏུ་རྫོགས། ། ཁྱུང་ཕྲུག་ཚང་ལས་འཕུར་བ་བཞིན་དུ་གྲྭ་ས་གོང་འོག་བར་གསུམ་ཕེབས། ། ཁྱུང་ཆེན་ལྟ་བའི་དགོངས་རྒྱ་བཀྲོལ་ཏེ་འཛམ་གླིང་མཁས་དགུའི་གཙུག་ན་རྒྱལ། ། ཁྱུང་ཆེན་རྒོད་པོའི་གཤོག་ཟུང་འདི་ཡིས་མུ་མེད་མཐའ་འདས་མཁའ་རུ་བསྐྱོད། །