དགུ་བཅུའི་དུས་སྟོན་བསུ་བའི་གཤེན་དབྱངས། །
རྩོམ་ཡིག་འདི་ཐེངས། 2524 བཀླགས་འདུག
/
༧དཔལ་ལྡན་དྲིན་ཆེན་༧རྩ་བའི་བླ་ མའི་དགུང་ལོ་དགུ་བཅུར་ཕེབས་པའི་ དུས་ཚིགས་འདི་ལ་སྒོ་གསུམ་གུས་པ་ ཆེན་པོའི་སྒོ་ནས་ཕྱག་འཚལ་ཞིང་དྭ ངས་བས་སྐྱབས་སུ་མཆིའོ།
ཁྱུང་ཡུལ་ནོར་འཛིན་དགའ་མའི་ཁྱོ ན་དུ་མཚན་དཔེའི་ཁོ་ལག་རབ་ཏུ་རྫོ གས། །
ཁྱུང་ཕྲུག་ཚང་ལས་འཕུར་བ་བཞིན་དུ ་གྲྭ་ས་གོང་འོག་བར་གསུམ་ཕེབས། །
ཁྱུང་ཆེན་ལྟ་བའི་དགོངས་རྒྱ་བཀྲོ ལ་ཏེ་འཛམ་གླིང་མཁས་དགུའི་གཙུག་ ན་རྒྱལ། །
ཁྱུང་ཆེན་རྒོད་པོའི་གཤོག་ཟུང་ འདི་ཡིས་མུ་མེད་མཐའ་འདས་མཁའ་རུ་ བསྐྱོད། །
གངས་རྒྱལ་ཏི་སེའི་དབུ་རྨོག་མཐོ ངས་ནས་ཡབ་མེས་སྲིད་པའི་བླ་དར་ བསྒྲེངས། །
གངས་དཀར་ལྷུན་པོའི་འཁྱག་རོམ་དཀྱ ིལ་ནས་ཞུམ་མེད་ན་བུན་གོས་སུ་གྱོ ན། །
གངས་ལྗོངས་ཁ་བའི་ཞིང་དུ་འཁྲུངས་ ཡང་སྲིད་པ་སྐྱེ་དགུའི་མགོན་དུ་ ཕེབས། །
གངས་སེང་དཀར་མོ་ཁྱེད་ཀྱི་ངར་སྒྲ ས་གླིང་བཞིའི་ཁྱོན་དུ་ལྷང་ངེར་ ལྡིར། །
སྟག་གཟིག་འོལ་གླིང་རྒྱལ་བསྟན་ དར་ནས་ད་ལྟའི་དུས་རབས་ཉེར་གཅིག་ བར། །
སྟག་མོའི་སྤུ་རིས་འཁྱོགས་པ་ནང་ བཞིན་ལོ་རྒྱུས་འགག་འཕྲང་དོག་མོ་ འདིར། །
སྟག་རྒོད་ནགས་ཀླུང་མཆོངས་པ་ལྟར་ དུ་དྲང་པོ་བརྗོད་པའི་བདེན་དཔང་ ཕེབས། །
སྟག་གཟིག་འོལ་གླིང་བསྟན་པའི་གཉེ ར་དཔོན་ངར་ཆེན་སྟག་མོ་བཞིན་དུ་ བསྲུངས། །
འབྲུག་གསས་རྔམ་པའི་ཡང་སྤྲུལ་ཆེ ན་མོ་སྨན་རིའི་དཔོན་སློབ་མཚན་རྟ གས་བཞེས། །
འབྲུག་གློག་སྟོང་གིས་མེ་ཞགས་སྤ ར་བས་མུན་པའི་སྨག་རུམ་ལྷུར་གྱི ས་གཏོར། །
འབྲུག་ཆེན་དར་མའི་ལྗགས་མདུད་བཀྲ ོལ་བས་ཡ་ཀི་སྲིད་པའི་གནས་སུ་གྲ གས། །
འབྲུག་སྟོང་ལྡིར་བའི་སྒྲ་རྒྱལ་ ཀློང་ནས་གྱེར་བསྟན་བསྭཱོ་སྒྲ་ དགུང་ན་རྒྱལ། །
རྟ་བདུན་དབང་པོའི་འོད་ཞགས་གཟེར་ མོས་གླིང་བཞིའི་ཁྱོན་དུ་དཀར་ཕྱོ གས་བསྒྱུར། །
རྟ་སྒོ་བྲག་ཆེན་མདུན་ཞོལ་ངོགས་ སུ་ནུབ་མེད་གཡུང་དྲུང་རིས་སུ་ བཀོད། །
རྟ་ཕོ་སྟོང་གི་རྨིག་པའི་གོམ་འགྲ ོས་ཞབས་ཟུང་ཡངས་པའི་གར་དུ་འཁྱུ གས། །
རྟ་མཆོག་ཅང་ཤེས་གོམ་རྩལ་འཁྱུགས་ པས་སྟོང་གསུམ་ཞིང་ལ་ཡུད་ཀྱིས་ བསྐྱོད། །
འདི་ལོར་ཡོངས་འཛིན་སྨྲ་བའི་དབང་ པོའི་གོ་སྟོན་གསེར་རིའི་རྩེ་ནས་ འཛུམ། །
དཔལ་ལྡན་དྲིན་ཆེན་རྩ་བའི་བླ་མའི ་ཐུགས་རྗེ་ཆེན་པོའི་སྐྱབས་འོག་ ཏུ། །
དད་ཕྱག་འབུལ་བའི་བསོད་སྐལ་ཐོབ་ པའི་ས་མཐར་འཁྱམས་པའི་གྲྭ་རྐྱང་ ངས། །
དེ་རིང་རྟེན་འབྲེལ་གསུམ་འཛོམས་ ཉིན་མོར་བཀའ་དྲིན་དྲན་པའི་དབྱ ངས་ཤིག་གྱེར། །
འཛམ་གླིང་བོན་གྱི་གཙུག་རྒྱན་ཆེ ན་མོ་ཡབ་རྗེ་༧དཔོན་གསས་བླ་མ་ཡི། །
སྐུ་ཚེའི་དབུ་འཕང་དགུང་དུ་འཐོར་ ཞིང་དུས་རྣམ་ཀུན་ཏུ་བརྟན་བཞུགས་ ཆེད། །
རླུང་རྟའི་སྲུང་བཞིའི་ཤིས་ཚིག་ བརྒྱན་ཏེ་དངོས་འབྱོར་ཡིད་ཀྱི་ དད་ཚོགས་སྤྲོས། །
བསང་གསོལ་རླུང་རྟ་གཏང་རག་མཆོད་ སྤྲིན་འཕགས་ཡུལ་སྨན་རིའི་གླིང་ ནས་བཏེགས། །
བསམ་ཚུལ་ཕྲིས།