ལས་ཀྱིས་མནར་བའི་གྲུ་ཟུར།  

རྩོམ་ཡིག་འདི་ཐེངས། 776 བཀླགས་འདུག

སྟོན་གྱི་ལོ་མ་རླུང་གིས་ཁུར།།
རེ་བའི་འདུན་པ་གཙག་གིས་འཚེ།།
སྐྱོ་བས་གདུང་བའི་མཚན་མོ་དེར།།
ཨ་རག་ཁ་ན་ཁྱོད་ཞལ་མཛེས།།

བརྩེ་བའི་འོད་ཅིག་འཆར་རྒྱུ་དཀོན།།
དུང་བའི་སེམས་ཤིག་འཇགས་ཐབས་བྲལ།
བཅོས་མའི་འཚང་བའི་རྒྱ་གྲོང་དུ།།
ལྷག་མེད་མི་ཞིག་འཚོལ་བར་དཀའ།།
གཞན་ཕན་བོར་བའི་འཇིག་རྟེན་ན།།
འདོད་པའི་ཆགས་སྡང་མེ་ལྟར་མཆེད།།
ཚོར་བའི་རྣམ་ཤེས་ཁབ་ལྟར་རྣོ།།
ཡིད་ཀྱི་བློ་གཏད་སུ་ལ་བྱེད།།
སྙིང་གི་དུང་ཞེན་མེ་ལྟར་ཚ།།
རྨ་མེད་ཟུག་གིས་སྙིང་ཁ་རྨས།།
ཞེ་འདང་བོར་བའི་གྲུ་ཁ་ནས།།
དགོད་པའི་འཛུམ་ཞིག་གང་ན་ཡོད།།
ཡུལ་གྱར་སེམས་པ་གདོན་གྱིས་བཟིས།
དུང་བའི་ཚིག་མདའ་མེ་ཡིས་བསྲེགས།
སྡུག་གིས་མནར་བའི་གྲུ་ཟུར་ནས།།
ཤུགས་རིང་བྲང་གཞུང་བརྡོལ་ཏེ་ཤོར།།
        ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༢ ཉིན་ས་རཱ་མཐོ་སློབ་དུ་བྲིས། 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *