ན་ཚ་དེ།
ད་ཞག་ང་ཡི་ལྷུ་ལག་མ་འཕྲོད་དེ།། ཉིན་ཞག་ཁྱུ་ཅིག་རི་བོའི་གཤམ་དུ་རྨས།། མི་ཡི་ཤ་བུབས་འདི་ལ་འོང་བ་ཀུན།། ཚེར་མའི་མལ་དུ་ཟླ་བ་རོག་རོག་ཡིན།།
ད་ཞག་ང་ཡི་ལྷུ་ལག་མ་འཕྲོད་དེ།། ཉིན་ཞག་ཁྱུ་ཅིག་རི་བོའི་གཤམ་དུ་རྨས།། མི་ཡི་ཤ་བུབས་འདི་ལ་འོང་བ་ཀུན།། ཚེར་མའི་མལ་དུ་ཟླ་བ་རོག་རོག་ཡིན།།
དགུན་ཁའི་རླུང་ཡན་བསུ་བའི་སྐྱ་མི་སྟེ།། འབུ་རས་དོར་མ་ལྷུག་པའི་རི་སུལ་དག། སྣང་བ་གཅོང་བའི་མཐོངས་སུ་འདར་བ་ན།། ལོ་མའི་ཁ་ངོར་དུས་ཀྱི་སེར་ཐིགས་འཁྱིལ།།
ནུབ་ཀྱི་ཞ་བོའི་རི་ཚོགས་འཐེང་ཞིང་གྱོལ་ཡང་།། སུག་རྗེས་ཚོན་མདངས་འདི་ཚོས་ལ་མོ་ཉག་ན།། འདབ་ལོ་ལྗང་ཁུ་ཡིན་པའི་ལྗོན་པ་ང་ཚོ།། འགྱེལ་བའི་ཁེ་ཚེ་སྒུག་ཅིང་སྡོད་ནས་ཅི་ཡིན།། (༡)