གནམ་ངོ་བཞེངས་པ།
རྩོམ་ཡིག་འདི་ཐེངས། 364 བཀླགས་འདུག
དགུན་ཁའི་རླུང་ཡན་བསུ་བའི་སྐྱ་ མི་སྟེ།།
འབུ་རས་དོར་མ་ལྷུག་པའི་རི་སུལ་ དག།
སྣང་བ་གཅོང་བའི་མཐོངས་སུ་འདར་བ་ ན།།
ལོ་མའི་ཁ་ངོར་དུས་ཀྱི་སེར་ཐིགས་ འཁྱིལ།།
མལ་ཁྲི་འོག་ཏུ་ཡི་མུག་འཁྱམས་སོ ང་བ།།
ཟྭ་ཡིས་བསྙལ་བའི་དགུན་ལྭ་ཏིང་ངེ ་འཛིན།།
ལོ་ཡི་ཟོ་ཆུན་འཁོར་བའི་མིག་ཆུ་ ཡིས།།
བ་སྤུ་ཉག་མ་དག་ཀྱང་བསྒུལ་བར་བརྩ མ།།
གློ་བའི་རྩ་ཕྲན་གྲང་བའི་རྟོག་ ཡན་གྱི།།
ལྷོག་ལྷོག་འཁོལ་བའི་ཆུ་ཡང་ཆབ་རོ མ་སྟེ།།
ནུབ་ཀྱི་ཉི་འོད་ལྷན་དུ་ཟགས་པ་ཡི །།
ཞེ་མདངས་མུན་པའི་གམ་དུ་ཉེ་བར་སོ ན །།
རྩྭ་ལོའི་ཉལ་ཐུལ་གསེང་དུ་གཡོལ་ བ་ཡི།།
ལམ་ཁའི་རྡོ་བ་དག་ཀྱང་གཞའ་བ་ན།།
རྒས་ཤིང་མྱག་པའི་སྡོང་རྡུམ་ཡ་ཟུ ང་ཞིག།
ཁོག་གི་སྐྱོ་བ་གཡའ་མའི་རི་བོར་ འཐེན།།
འཐེང་ཞིང་གྱོལ་བའི་དུག་སྦྲང་སྨུ ག་པོ་ཞིག།
ཕ་ཡུལ་ལམ་སོ་སྟོར་བའི་འགྲོན་པོ་ ཡིན།།
དོ་ནུབ་ཞག་ཚུགས་གུང་དུ་འཇབ་འོང་ སྟེ།།
འཕོངས་སུ་འོ་ཞིག་བསྐྱལ་ནས་དམྱལ་ བར་དོང་།།
ས་གཞིའི་གྲོག་མར་ཅི་ཞིག་ཉེས་སོ ང་བ།།
བཅོ་བརྒྱད་དྲུག་ཅུ་འདི་རུ་གཤམ་ འོང་ངོ་།།
སྣང་བ་རོག་རོག་ཡོལ་བའི་མེ་ལོང་ ནི།།
ལྐོག་ཏུ་ཡིབ་པ་འདི་དག་སྙིང་མ་རྗ ེ།།
དབྱངས་ཀྱི་ཁ་ཚར་བཏགས་པའི་མིག་ ཆུ་ཡིས།།
ལམ་གྱི་བུ་ཡུག་འཇུས་པའི་རྨི་ ལམ་དག།
ལོགས་སུ་གཟིམ་པའི་གླེགས་བམ་སྤྲ ུག་པ་ན།།
རྨོངས་པའི་ཐལ་བ་སྒོ་རུ་དབྱུང་ བར་བྱ།།
ཉིལ་བའི་སྡོང་ལོ་བསེར་བུས་འགྱོ ག་པ་ན།།
ཁོག་པའི་སྐྱོ་བ་སྒྱུ་མའི་དབྱི ངས་སུ་ཡན།།
སྒེའུ་ཁུང་ལོགས་སུ་ཕྱི་མིག་འོང་ བ་ཡི།།
གཉོམ་མོའི་ཉི་འོད་ཁ་ཆེམས་ཅི་ཞི ག་འོད།།
༢༠༡༥།༡༡།༧ ཉིན།
བསམ་ཚུལ་ཕྲིས།