ས་མཐའི་གཅོང་གླུ།
རྩོམ་ཡིག་འདི་ཐེངས། 700 བཀླགས་འདུག
ནུབ་ཀྱི་ཞ་བོའི་རི་ཚོགས་འཐེང་ ཞིང་གྱོལ་ཡང་།།
སུག་རྗེས་ཚོན་མདངས་འདི་ཚོས་ལ་ མོ་ཉག་ན།།
འདབ་ལོ་ལྗང་ཁུ་ཡིན་པའི་ལྗོན་པ་ ང་ཚོ།།
འགྱེལ་བའི་ཁེ་ཚེ་སྒུག་ཅིང་སྡོ ད་ནས་ཅི་ཡིན།། (༡)
ཆུ་མོས་བཤལ་ཞིང་བགྲུང་བའི་བོད་ སྐད་དྭངས་མ།།
གངས་ཀྱི་རོལ་མོའི་གདངས་སུ་འཐེ ན་ཞིང་གྱེར་ན།།
རྡོ་ལ་རྡ་རིའི་ཟེ་ནས་ཁ་བ་སིལ་ སིལ།།
ན་བུན་ཕང་ཕུང་བཅིབ་སྟེ་འདི་རུ་ འདུར་འོང་།།
ན་སོ་དེ་ཙམ་སོན་པའི་དབྱངས་གསལ་ སོ་བཞི།།
སྤྲིན་གྱི་གཤོག་པ་རྐྱོང་དེ་ལྷོ ་རུ་གཞམ་ན།།
མ་རུའི་ཤུལ་ནས་བང་སོ་རུལ་མྱགས་ འཚོལ་ཏེ།།
རྣམ་ཤེས་འཁྱམ་པོ་ཁྱུ་ཅིག་མེ་ཏོ ག་འཐོར་བ།།
གནམ་ས་མལ་དུ་ཤམ་པའི་སྡེ་འདབས་ འདི་ན།།
སེམས་ཀྱི་ཡི་དྭགས་ང་ཚོ་ངུ་སྐད་ ལྷང་ངེ་།།
སྨིག་རྒྱུ་ཞེ་ལ་ཐོགས་པའི་རྨི་ ལམ་རིང་མོ།།
མེ་ལོང་ནག་པོའི་ལོགས་སུ་ཡོལ་བ་ ཕྱེས་ཡོད།།
རྩྭ་ལོ་ཐགས་སུ་བྱས་པའི་བསིལ་ལྷ མ་དེ་དག།
ཨི་ཁུང་མཐིལ་ནས་བརྟོལ་བ་ཏུར་རེ ་དྲན་ན།།
སྔོན་པོ་གནམ་ལ་འཐོར་བའི་རྩམ་སྐྱ་ཕོར་གང་།།
ས་གཞིའི་རྩེ་མོ་དེ་རུ་སླར་ཡང་ འདུས་འོང་།།
ད་ལོ་ན་ཉིན་དེ་ཚོ་ཉི་འོད་རྣོ་ བས།།
ང་རང་གཙང་པོའི་འགྲམ་དུ་འགྲོ་ དགོས་ཡོད་ན།།
ཁ་ཁུ་སིམ་པའི་གྲོང་གསེབ་ཁང་ཆུ ང་འདི་ཡང་།།
བདེ་བ་ཅན་ཞིག་ཡིན་པའི་ཏིང་འཛི ན་སྒོམས་ཨ།།
ཚོར་བ་སྨག་ལ་འཁྱུད་པའི་སྣང་བ་ རོག་རོག།
དབྱར་ལྷས་གོང་བ་བསླེས་མའི་སྒྱུ ་འཕྲུལ་ཞིང་ན།།
སྦྲང་མའི་འཕོང་ཚོས་བྲུས་པ་བྱི ས་པའི་རྨི་ལམ།།
མལ་སའི་གྱང་རྩི་ལྷན་དུ་ལོགས་སུ ་ཉིལ་བྱུང་།།
ཡི་མུག་ཁ་ཟས་འཚོལ་བའི་གླེགས་ བམ་ཡ་ཟུང་།།
ཚིག་པ་གཏིང་ནས་ཟ་བའི་མདོག་རོ་ ཤོར་ན།།
གཞོན་པ་ཤོག་བུ་འདི་ཚོའི་དྲན་པ་ སྔོག་སྟེ།།
མིག་ཆུ་བརླན་པ་ཨེ་རེད་སྐད་ཆ་ འདྲི་འོང་།།
བསམ་ཚུལ་ཕྲིས།