༓ ཧི་མ་ལ་ཡི་འཇིག་རྟེན།

། ཕྱྭ་སྣང་འཕྲུལ་གྱི་བང་རིམ་ལ།། བླ་མེད་རྫོགས་ཆེན་ཅོད་པན་མཛེས།། ཐེག་དགུ་བརྩེགས་པའི་གངས་རྒན་དེེ།། ཧི་མ་ལ་ཡི་འཇིག་རྟེན་ཡིན།།

༓ ཟླ་འོད་ཀྱིས་བཀྲུས་པའི་ཨ་མ།

དོ་དགོང་ནི༢༠༡༥ལོའི་ཟླ༧པའི་ཚེས༦ཉིན་གྱི་མཚན་མོ་སྟེ།  མཚོ་སྨི་སུམ་སྟོང་ལྷག་གི་མཐོ་སྒང་འདིར།   ངས་རྩིས་འཕྲུལ་གྱི་ཁ་ཕྱེས་ནས་བོད་ཡིག་འགའ་ཞིག་གཏག་གྲབས་བྱེད་ཀྱི་ཡོད།  སྡོད་ཁང་ནང་གི་གཡས་ཕྱོགས་ཀྱི་དམར་ལམ་ལམ་འབར་བའི་གློག་ཐབ་སྟེང་ཆུ་ཁོལ་གདུ་བའི་སྒྲ་དབྱངས་ནི།   དབེན་འཇགས་འདིར་གཟས་ཏེ་རྒོལ་བ་སློང་བའི་སཱ་ཁི་སིའི(Sax)འགྱུར་ཁུགས་ཤིག་དང་མཚུངས་ལ།    སྒོ་གསེབ་ནས་ག་ལེར་ལྡང་འོང་བའི་བསིལ་རླུང་གིས་མཐེབ་གཞོང་གི་གདན་རས་སྒུལ་ཙམ་བྱེད།

ཀ་བཤད་བན་བོན་མཐུན་སྒྲིལ།

ཀ་དག་གདོད་མའི་ཆོས་ཀྱི་རོལ་པ་ལས།། ཁ་བའི་ལྗོངས་ཀྱི་བན་བོན་བསྟན་པ་གཉིས།། ག་ནས་མཇལ་ཡང་དམིགས་ཡུལ་གཅིག་ཡིན་པས།།

༓ དྲ་འབུ་དང་མཆན་བུ། ཉལ་རོགས་དང་ལང་རོགས། 

ཨ་རིར་བསླེབས་ནས་བཟུང་སྟེ་ཁོར་ཡུག་གི་དབང་གིས། འདས་པའི་མི་ལོ་བཅུ་གཉིས་དེ་ཧ་ཅང་ཁེར་རྐྱང་དང་ཧ་ཅང་ལྷིང་འཇགས་ངང་བསྐྱལ་བ་ཡིན་ཞེས་བརྗོད་ཆོག་པ་འདྲ། སྤྱིར་ན་ཨ་རི་ཟང་ཟིང་དང་བྲེལ་འཚུབ་ཀྱི་རྒྱལ་ཁབ་ཆེན་པོ་འདི་འདྲ་ཞིག་ནས་ཁེར་རྐྱང་དང་ལྷིང་འཇགས་ཀྱི་འཚོ་བ་ཞིག་རོལ་རྒྱུ་དེ་ཧ་ལམ་མི་སྲིད་པ་ཞིག་ཀྱང་ཡིན་ཆོག འོན་ཀྱང་། ཁྱེད་ཅག་ལས་མང་པོ་ཞིག་ཨ་རི་ན་ཡོད་པས། ཁྱེད་ཅག་ཨ་རིའི་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ལ་གོམས་ཡོད་པས། ངས་འདི་ལྟར་བརྗོད་པ་ལ་མིག་ལྤགས་ཏོག་ཙམ་ཡང་མི་གཟེང་བའི་ཡིད་ཆེས་ཤིག་ང་ལ་ཡོད། ཨ་རི་ན་ཁང་བརྩེགས་མཐོན་པོ་དག་གནམ་དུ་ཟུག་ཡོད་ཀྱང་། མི་ཚང་མ་ཁེར་རྐྱང་ཡིན། ཨ་རི་ན་རླངས་འཁོར་ཆེ་ཆུང་དག་གི་འདུ་འཛི་རྒོད་ན་ཡང་། མི་ཚང་མ་ལྷིང་འཇགས་ཡིན།

༓ མིང་དང་སྒོར་མོའི་དོན། །

ལུས་སེམས་གཉིས་ཀ་སོས་དལ་ཅང་མེད་པར། ། གནམ་སའི་བར་དུ་རྒྱུ་བའི་རྐང་གཉིས་ཀུན། ། བྲེལ་བས་རང་ཚུགས་རང་གིས་བརླག་པ་འདི། ། གནད་ལ་གཞིགས་ན་མིང་དང་སྒོར་མོའི་དོན། །