༓ ཟླ་འོད་ཀྱིས་བཀྲུས་པའི་ཨ་མ།
རྩོམ་ཡིག་འདི་ཐེངས། 489 བཀླགས་འདུག
དོ་དགོང་ནི༢༠༡༥ལོའི་ཟླ༧པའི་ཚེ ས༦ཉིན་གྱི་མཚན་མོ་སྟེ། མཚོ་སྨི་སུམ་སྟོང་ལྷག་གི་མཐོ་ སྒང་འདིར། ངས་རྩིས་འཕྲུལ་གྱི་ཁ་ཕྱེས་ནས་བོ ད་ཡིག་འགའ་ཞིག་གཏག་གྲབས་བྱེད་ཀྱ ི་ཡོད། སྡོད་ཁང་ནང་གི་གཡས་ཕྱོགས་ཀྱི་ དམར་ལམ་ལམ་འབར་བའི་གློག་ཐབ་སྟེ ང་ཆུ་ཁོལ་གདུ་བའི་སྒྲ་དབྱངས་ནི། དབེན་འཇགས་འདིར་གཟས་ཏེ་རྒོལ་བ་ སློང་བའི་སཱ་ཁི་སིའི(Sax)འགྱུར་ ཁུགས་ཤིག་དང་མཚུངས་ལ། སྒོ་གསེབ་ནས་ག་ལེར་ལྡང་འོང་བའི ་བསིལ་རླུང་གིས་མཐེབ་གཞོང་གི་ གདན་རས་སྒུལ་ཙམ་བྱེད།
མདུན་དུ་བསིལ་རླུང་ཐེངས་གཅིག་ གཡུགས་པ་ལྟ་བུའི་མི་ཚེ་ནི་ཅི་ འདྲའི་མགྱོགས་པ་ལ། མིག་རྡེབ་ཡུན་ཙམ་གྱིས་ང་རང་བྱི ས་པ་ནས་གཞོན་པར་གྱུར་ཅིང་། གཞོན་པ་ནས་དར་མར་ཆགས་འདུག ཤེས་མེད་ཚོར་མེད་ངང་བཞུར་བའི་ལོ ་ངོ་མང་བོའི་ཡར་སྔོན་གྱི་འདས་དོ ན་ནི། ད་ཅིར་གསར་དུ་བལྟས་པའི་ཧོ་ལེ་ ཝོད(Hollywood)ཀྱི་གློག་བརྙན་ཇི ་བཞིན་ཡིད་ཡུལ་ལ་མངོན་པར་ཤར་བྱུ ང་།
ལོ་དེར། ལོ་ངོ་བདུན་ལ་སོན་མ་ཐག་པའི་ང་ རང་། ཨ་མ་ལགས་ཀྱིས་ལྷ་རྩེ་ཞེས་པའི་ཆ་ མེད་ཀྱི་ཡུལ་གྲུ་ཞིག་ཏུ་གནས་ མཇལ་ལ་ཁྲིད་སོང་། ཕ་ཡུལ་དང་སྤྱི་ལེ་སྟོང་ཕྲག་དུ་ མས་བཅད་པའི་ཡུལ་ཕྱོགས་དེར་བསྐྱོ ད་པ་ལ། གང་གི་དུས་སུ་རླངས་འཁོར་གྱི་ འགྲོ་འོང་ཧ་ཅང་ཉུང་ཞིང་འགྲིམ་ འགྲུལ་གྱི་གཞུང་ལམ་ཡང་བདེ་བོ་མེ ད་པས། ལམ་ཐག་རིང་བོར་ཨ་མ་དང་ངེད་གཉི ས་གཅིག་པུར་རྐང་ཐང་དུ་ཕྱིན་པ་ཡི ན།
དུས་ཉིན་ཞིག་གི་དགོང་མོར། ལྷ་རྩེའི་གྲོང་རྡལ་དང་ཐག་མི་རི ང་བའི་སྤང་གཤོང་ཞིག་ཏུ་ཨ་མ་ངེད་ གཉིས་ཞག་སྡོད་བྱས། སྤང་གཤོང་གི་མཐའ་ནས་མདུན་ཕྱོ གས་སུ་མར་བལྟས་ཚེ། ཁྱིམ་ཚང་འགའ་ཞིག་གི་དུད་པ་སྔོ་ ལྷོག་ལྷོག་འཕྱུར་བ་མཐོང་ལ། ལྷ་རྩེ་མཁར་གྱི་རྒྱ་ཕིབས་འོག་ དཔྱངས་པའི་གཡེར་དྲིལ་གྱི་སྒྲ་ ཡང་ཐོས་ཐུབ།
ནུབ་ཁའི་ཉི་མ་དལ་གྱིས་རྒྱབ་རིར་ ཡིབས་ཏེ་ས་སྲོས་ཀྱི་མཚམས་སུ་ཐོ ན་པ་ན། ཨ་མ་ལགས་ཀྱིས་མོ་རང་གི་སློག་པའི ་ཐུ་བ་ནང་མ་གདན་དུ་བཏང་ནས་ངེད་ གཉིས་ལ་ཉལ་ས་བཟོས་པ་མ་ཟད། སློག་པའི་ཕུ་ཐུང་གིས་སྔས་མགོ་ བདེ་མོ་ཞིག་ཀྱང་བཅོས་འདུག ང་རང་ཨ་མ་ལགས་ཀྱི་རུམ་ལ་འཛུལ་མ་ ཐག མོའི་སློག་པའི་ཐུ་བ་ཕྱི་མ་དང་ ངའི་རྩག་པ་ཆུང་ཆུང་གིས་ཉལ་ཁེབས་ བགྱིས་པས། ཡུད་ཙམ་གྱིས་རུམ་ཁུང་ཧྲིལ་བོ་ དྲོད་ཀྱིས་ཁྱབ།
ངེད་གཉིས་ཉལ་ནས་ཡུན་རིང་མ་ལོན་ པར། ཨ་མས་ལག་གཡས་པས་ངའི་ལག་པ་ཆུང་ཆུ ང་ཟུང་དམ་པོར་བཟུང་ཞིང་། ལག་གཡོན་པས་ཕྲེང་བ་བགྲང་བཞིན་སི དྡྷི་འདོན་འགོ་བརྩམས།
མཚན་མོ་དེར། གཡའ་དག་པའི་མཁའ་དབྱིངས་སུ་སྤྲི ན་པ་སེན་མགོ་ཙམ་མཐོང་རྒྱུ་མི་ འདུག་ལ། གསལ་ལ་འཚེར་བའི་ཟླ་བའི་མཐའ་སྐོ ར་དུ་སྐར་མ་མང་པོ་ཁྲ་ཆེམ་ཆེམ་ ཕན་ཚུན་གཅིག་གིས་གཅིག་ལ་འགྲན་པ་ ཇི་བཞིན་རྣམ་པར་བཞད། ངས་སྐར་མ་རེ་རེར་ཞིབ་ཏུ་ལྟ་བཞི ན་དེ་རྣམས་གྲངས་སུ་བརྩི་བར་བརྩོ ན། ངའི་སྣང་ངོར། སྐར་མ་ཆེན་པོ་དག་ནི་ཨ་མ་དང་འཁྲ ིས་ཀྱི་སྐར་ཕྲན་རྣམས་ནི་ཕྲུ་གུ་ སྟེ། ཁོ་ཚོ་ཡང་རང་རང་གི་ཨ་མའི་རུམ་ ལ་ཉལ་ནས་ས་གཞིའི་སྟེང་གི་མཛེས་ སྡུག་ལ་ལྟད་མོ་ལྟ་ཡི་ཡོད་ཚོད་རེ ད། ཡང་ན། ཨ་མ་ངེད་གཉིས་ཀྱི་བཟོ་ལྟ་ལ་དགོ ད་འཆོར་གྱི་ཡོད་པ་ཨེ་ཡིན།
སྐབས་ཤིག་ལ་ཨ་མས་སིདྡྷི་འདོན་ མཚམས་བཞག་སོང་། ངས་གློ་བུར་ཨ་མའི་ངོར་བལྟས་པ་ ན། མོས་ཀྱང་མིག་ཟུང་གནམ་ལ་ཕྱོགས་ ནས་གཟབ་ནན་གྱིས་ཅི་ཞིག་ལ་ལྟ་ཡི་ འདུག
“ཨ་མ། ཁྱོད་ཀྱིས་ཀྱང་སྐར་མ་ཆུང་ཆུང་ ཚོ་རྩི་ཡི་ཨེ་ཡོད།”
“……” ཨ་མ་ལགས་འཇམ་ཅག་གེར།
“དེས་ན། ཨ་ཁུ་ཟླ་བར་ལྟ་ཡི་ཨེ་ཡོད།”
ངས་སྐར་ཚོགས་ཀྱི་དཀྱིལ་དུ་ལྷིང་ ངེར་འགྱིང་བའི་ཨ་ཁུ་ཟླ་བའི་ཕྱོ གས་སུ་བལྟས། ཨ་ཁུ་ཟླ་བ་ནི་སྨ་ར་ཐོགས་པའི་བགྲ ེས་པོ་ཞིག་དང་ཀུན་ནས་མཚུངས་པར། ཆེད་དུ་ཨ་མ་ངེད་གཉིས་ལ་འཛུམ་བཞི ན་འོད་ཟེར་གྱིས་བྱིལ་བྱིལ་བྱེད་ ཀྱི་ཡོད་པ་འདྲ།
“མ་ལོ། ཁྱོད་ཀྱིས་ཟླ་བའི་ནང་དུ་ཅི་ཞིག་ ཤར་ཡོད་པ་མཐོང་ངམ།” ཨ་མས་ངའི་དཔྲལ་བར་དལ་བུར་འོ་ཞི ག་བྱས་རྗེས་གཞི་ནས་ཁ་གྲག་བྱུང་།
“ཨ་མ། ཨ་ཁུ་ཟླ་བའི་ནང་དུ་རི་བོང་དཀར་ ཆུང་ཡོད་པ་མིན་ནམ།” ངས་པིར་གྱིས་བྲིས་པ་ལྟ་བུའི་ཨ་ ཁུ་ཟླ་བའི་ངོས་ཀྱི་རི་མོའི་དབྱི བས་གཟུགས་དེར་ལྟ་བཞིན། ཨ་མས་སྔར་གནའ་གཏམ་ཁྲོད་བཤད་མྱོ ང་བའི་རི་བོང་དཀར་ཆུང་ཡིད་ལ་འཁོ ར།
“མ་ལོ། དོ་དགོང་ཟླ་བའི་ནང་ཤར་ཡོད་པ་ཀན་ རི་བོང་མ་རེད། ‘རྒྱལ་བ་རིན་པོ་ཆེ’རེད། ཁོང་གིས་ཟླ་བ་བརྒྱུད་དེ་ང་ཚོར་ གཟིགས་ཀྱི་ཡོད་པ་རེད།”
ཨ་མས་ལག་པ་གཡས་པས་ཐོད་པར་ཐལ་མོ་ སྦྱོར་གྱིན་སླར་ཡང་ཁ་སྣོན་གྱི་ ཚུལ་དུ། “ཁྱོད་ཀྱིས་ཞིབ་ཏུ་མཇོལ་དང་། དོ་དགོང་ཁོང་གིས་སྤྱན་ཤེལ་སྒམ་ སྒམ་དེའང་བསྣབས་འདུག་པས། ཁྱོད་ཀྱི་སྐེ་རུ་བཏགས་པའི་གོང་ རྟགས་ནང་གི་སྐུ་པར་དང་ཨ་ན་མ་ན་ རེད།” ཨ་མས་གསོལ་བ་ཤུགས་ཀྱིས་བཏབ་བྱུ ང་།
ངས་ཕྱོགས་གཅིག་ནས་ཨ་ཁུ་ཟླ་བར་ གཟབ་ནན་གྱིས་བལྟས་ཤིང་། ཕྱོགས་གཅིག་ནས་རང་གི་གོང་རྟགས་ ལ་ལག་སྙོབ་བྱེད་ཀྱིན་མཚར་སྣང་ཆེ ན་པོས་དྲིས་དོན། “ཨ་མ། རིན་པོ་ཆེ་ཁོང་ཨ་ཁུ་ཟླ་བའི་ནང་ ཡོད་ནི་ཨེ་རེད།”
ཨ་མས་ང་ལ་ལྟ་ཙམ་བྱས་རྗེས་ལག་པ་ གཡས་པས་མདུན་ཕྱོགས་སུ་མཛུབ་མོ་ འཛུགས་བཞིན་བརྗོད་རྒྱུར། “མ་ལོ། ཁྱོད་ཀྱིས་ལྟོས་དང་། འདི་ནས་ཕར་ལ་སོང་ན་ནགས་ཚལ་མང་པོ ་མང་པོ་ཡོད་ནི་རེད། དེ་ནས་ཕར་ལ་སོང་ནས་གཙང་བོ་མང་ པོ་མང་པོ་ཡོད་ནི་རེད། དེ་ནས་ཕར་ལ་སོང་ན་གངས་རི་མང་པོ་ མང་པོ་ཡོད་ནི་རེད། དེ་དག་གི་ཕ་རོལ་ན་ད་གཟོད་རིན་པོ ་ཆེ་ཁོང་བཞུགས་ཡོད་ནི་རེད།”
ངས་ཟླ་འོད་ཀྱི་ཀློང་དུ་ཨ་མའི་ མཛུབ་མོ་དང་། གུང་མཛུབ་བར་གྱི་སྨེ་བ་ཆུང་ཆུ ང་ཡང་གསལ་བོ་མཐོང་། དེ་ནས་ཁོང་མོས་བསྟན་པའི་རྒྱང་ རིང་གི་གནས་དེར་བལྟས་པ་ན། སྐར་མདའ་འགའ་ཤར་མར་རྒྱུ་བཞིན་ པའི་མཐའ་ཡས་པའི་གནམ་སའི་མཚམས། གསལ་ལ་མི་གསལ་བའི་གངས་རི་མཐོན་ པོ་ཞིག་ཀྲོང་ངེར་འགྲེང་ཡོད་པ་ཚོ ར།
“ཨ་མ། ངེད་གཉིས་རིན་པོ་ཆེ་ཡོད་སའི་ས་ ཕྱོགས་དེར་འཐོན་ཐུབ་ནི་ཨེ་རེད།”
“……”
ཁུ་སིམ་སིམ་གྱི་མཚན་ལྗོངས་དེར། ཨ་མའི་མཁུར་ཚོས་ངོས་སུ་མིག་ཆུ་ ཐིགས་པ་གཉིས་རིམ་གྱིས་འགྲིལ་འོ ང་། ཟླ་འོད་འཁྱིལ་བའི་དྭངས་གསལ་གྱི ་མཆི་མ་ཟུང་གིས་དོན་ངོ་མར་ག་རེ་ ཟེར་གྱི་ཡོད་དམ། དེ་ནི་ང་རང་ལོ་ངོ་བདུན་ལ་སོན་མ་ ཐག་པའི་ལོ་དེའི་ཟླ༧པའི་ཚེས༦ཉིན་ གྱི་མཚན་མོའོ། །
ལོ་ཟླ་ཕར་ཕར་བཞུད་སོང་། ཕྱིར་དྲན་ཡང་ཕར་ཕར་འགྲོ་ཡི་འདུ ག འོན་ཏེ། སྔར་བཞིན་མཐོང་ཐུབ་པ་ཁོ་ན་ནི་ཟླ ་བའོ། ། ད་ནི་ལག་པ་ཕར་བསྲིངས་ནས་སྒེའུ་ ཁུང་གི་དྲ་ཡོལ་ལོགས་སུ་འདེད་ཀྱི ན། བར་སྣང་གི་མཐོངས་སུ་བཏེགས་པའི་ དོ་དགོང་གི་དཀར་གསལ་ཟླ་བའི་ནང་ ཅི་ཞིག་འཆར་བར་བལྟའོ། །
༢༠༡༥.༠༧.༠༦ཉིན་གྱི་དགོང་མོར།
བསམ་ཚུལ་ཕྲིས།