གངས་འདབས་ནས་གཤེགས་ཚུལ། 

ཨ་མའི་ཞལ་གསུང་འཁོར་ལོ་སེར་པོ།། དབང་ཆེན་ཁྲིམས་ཀྱིས་ཕྱི་ཤུན་བསྐོན་སོང་།། མཐུན་པའི་ལྕགས་ཀྱི་རི་བོ་དཀར་པོ།། མཆུ་ཐུམ་བརྒྱབས་ནས་དབུགས་རྒྱུན་ཆད་སོང་།།

 མཐོང་དུ་མེད་པའི་གྲིབ་རིས།

མི་ཞིག་མྱ་ངམ་ཐང་གི་སྲས་སུ་འཁྲུངས། ། དྲན་པ་དབྱིངས་ལ་བཏེཊ་ཏེ་གཞས་ཤིག་འཐེན། ། འཇིག་རྟེན་མུན་པའི་འོག་གི་སྐར་མ་ཞིག ། སུ་ཡི་སེམས་སུ་བབས་འདུག་སྲིད་པ་ཀྱེ། །

ཤི་རྐྱེན་དུག་སྦྱོར་ནག་པོ།

བདེ་ལེགས་སུ་གྱུར་ཅིག རྒྱ་བཟའ་ཀོང་ཇོ་གཅིན་སྙི་ནད་ཀྱིས་གཤེགས།། ཁྲི་སྲོང་ལྡེའུ་བཙན་གློ་བ་རྩིག་མར་འབྱར།། བྲན་ཀ་དཔལ་ཡོན་པགས་པ་བཤུས་ཏེ་བསད།། གྲུབ་ཆེན་ཨོ་རྒྱན་སྙིང་ཐུར་འབུགས་ཀྱིས་བསད།།

ཕ་ཡུལ་དྲན་པའི་གླུ།

དཀར་དཀར་གངས་རི་དཀར་པོའི་ཕྲེང་བ་མཛེས།། ཞིམ་ཞིམ་པདྨའི་དྲི་བསུང་ཕྱོགས་ཀུན་ཁྱབ།། མཛེས་མཛེས་ཚོན་མདངས་བཀྲ་བའི་མེ་ཏོག་ཚོམས།། ལམ་ལམ་མིག་ལ་མཛེས་པའི་ཕ་ཡུལ་དྲན།།

ལས་ཀྱིས་མནར་བའི་གྲུ་ཟུར།  

སྟོན་གྱི་ལོ་མ་རླུང་གིས་ཁུར།། རེ་བའི་འདུན་པ་གཙག་གིས་འཚེ།། སྐྱོ་བས་གདུང་བའི་མཚན་མོ་དེར།། ཨ་རག་ཁ་ན་ཁྱོད་ཞལ་མཛེས།།