གངས་འདབས་ནས་གཤེགས་ཚུལ།
རྩོམ་ཡིག་འདི་ཐེངས། 472 བཀླགས་འདུག
ཨ་མའི་ཞལ་གསུང་འཁོར་ལོ་སེར་པོ།།
དབང་ཆེན་ཁྲིམས་ཀྱིས་ཕྱི་ཤུན་བསྐ ོན་སོང་།།
མཐུན་པའི་ལྕགས་ཀྱི་རི་བོ་དཀར་པོ །།
མཆུ་ཐུམ་བརྒྱབས་ནས་དབུགས་རྒྱུན་ ཆད་སོང་།།
ས་ལ་བྲིས་པའི་འཇའ་ཚོན་ལྗང་དཀར།།
གདོོན་གྱིས་བཟུང་ནས་མངོན་པ་མི་ འདུག།
ལོ་ངོ་སྟོང་གི་རིན་ཆེན་གསེར་སྒ མ།།
ཇག་གླུ་ལེན་མཁན་དེ་ཚོས་བརྐུས་སོ ང་།།
ལག་པ་མྱུལ་བའི་འཇིག་རྟེན་འཁྱག་ པ།།
ཨ་མས་ལན་གཅིག་བསྲེས་ཙམ་བྱས་ཀྱང་ །།
མེ་ཏོག་འཚིག་པའི་རོ་དང་དྲི་མས།།
ནམ་མཁའི་ཕོ་བྲང་ས་ལ་གཡུགས་སོང་། །
རི་བོའི་རྩེ་ལ་སྒྱུ་རྩལ་འབྲི་ བའི།།
རི་སུལ་ཞིག་ལ་ཉལ་གདན་བཀབ་པའི།།
དད་པའི་ཨ་ལོང་སེམས་ལ་འདོགས་མཁན། །
གངས་འདབས་ཤིག་ནས་འདི་ལྟར་གཤེགས་ སོང་།།
ཡིད་ཆེས་དཀོན་པའི་ཐང་ག་ནག་པོ།།
དབང་ཆེན་དབུགས་ཀྱིས་ས་ལ་དམུར་ ཡང་།།
ཨ་མའི་ལག་ཟུང་དཀར་པོ་དེ་ཡིས།།
ད་དུང་ལན་གཅིག་གནམ་ལ་བཀྱགས་ཡོད། །
བསམ་ཚུལ་ཕྲིས།