ཤི་རྐྱེན་དུག་སྦྱོར་ནག་པོ།
རྩོམ་ཡིག་འདི་ཐེངས། 627 བཀླགས་འདུག
བདེ་ལེགས་སུ་གྱུར་ཅིག
རྒྱ་བཟའ་ཀོང་ཇོ་གཅིན་སྙི་ནད་ཀྱིས་གཤེགས།།
ཁྲི་སྲོང་ལྡེའུ་བཙན་གློ་བ་རྩིག་མར་འབྱར།།
བྲན་ཀ་དཔལ་ཡོན་པགས་པ་བཤུས་ཏེ་བསད།།
གྲུབ་ཆེན་ཨོ་རྒྱན་སྙིང་ཐུར་འབུགས་ཀྱིས་བསད།།
བཅོམ་ལྡན་རིག་རལ་མཛེ་ཡིས་རྐང་ལྡུམ་ཆགས།།
གུ་རུ་ཆོས་དབང་མཛེ་ཁྲག་རྣག་གིས་ཟིན།།
མི་ལ་རས་ཆེན་སྦྱོར་ལོག་དུག་གིས་བཀྲོངས།།
དཔོན་ཆེན་ཤཀྱ་དུག་ངན་སྦྱར་མས་བསད།།
འགྲོ་མགོན་ཆོས་འཕགས་དངུལ་ཆུའི་དུག་གིས་བཀྲོངས།།
ཟུར་མཁར་སྨན་པ་འགོས་རིམས་ནད་ཀྱིས་ཤི།།
གོང་མའི་དབུ་བླ་ལྕང་སྐྱ་སྤྱན་གྱིས་ཕོངས།།
ལྔ་བ་ཆེན་པོའི་སྤྱན་གཉིས་དར་མོས་འཁྱེར།།
མི་ཕམ་མཁས་པ་མཛེ་ཡིས་འབར་འབུར་སོང་།།
ཚོགས་དྲུག་རང་གྲོལ་མཛེ་ཕོག་རི་ཁྲོད་འགྲིམས།།
པན་ཆེན་དགུ་པ་སེམས་ངལ་སྙིང་གིས་གཤེགས།།
ཕ་བོང་ཁ་བ་རྩ་གྲིབ་ནད་ཀྱིས་གྲོངས།།
དེ་མོ་བདེ་ལེགས་སེམས་ངལ་ནད་ཀྱིས་ཤི།།
རྭ་སྒྲེང་རྒྱལ་པོ་རླིག་པ་བཙིར་ནས་བཀྲོངས།།
དགེ་ཆོས་སྨྱོན་པ་ཆང་ནད་དུག་གིས་གྲོངས།།
བླ་སྨན་བྱམས་པ་མཆིན་པ་རུལ་ནས་གཤེགས།།
ལུང་ཤར་རྒད་པོ་མིག་ཟུང་དྲུས་ནས་གྲོངས།།
སྨྱུང་གནས་བླ་མས་མེ་མདས་བརྒྱབ་ནས་བསད།།
ཨ་འབྲུག་མགོན་པོ་མདེའུ་ཕོག་རྨས་ཀྱིས་གཤེགས།།
རྒྱས་ཤོམ་སྟག་ལྤགས་ཚིག་གིས་མ་སྤྲོས་ཤིང་།།
དོན་གྱི་སྙིང་པོའི་གཟིག་ལྤགས་བཀབ་པ་འདི།།
སེར་པོ་བླ་མ་དམར་པོ་དགེ་འདུན་ལ།།
མཐོལ་ལོ་བཤགས་སོ་སྐྱབས་སུ་འཛིན་གྱུར་ཅིག།
ཤི་རྐྱེན་དུག་སྦྱོར་ནག་པོའི་ངང་ཚུལ་འདི།།
ཨུ་རུ་སུ་ནས་ཤར་མར་བྲིས་པ་ལགས།།
༢༠༡༥/༠༤/༢༨ཉིན།
བསམ་ཚུལ་ཕྲིས།