ན་ཚ་དེ།
ད་ཞག་ང་ཡི་ལྷུ་ལག་མ་འཕྲོད་དེ།། ཉིན་ཞག་ཁྱུ་ཅིག་རི་བོའི་གཤམ་དུ་རྨས།། མི་ཡི་ཤ་བུབས་འདི་ལ་འོང་བ་ཀུན།། ཚེར་མའི་མལ་དུ་ཟླ་བ་རོག་རོག་ཡིན།།
ད་ཞག་ང་ཡི་ལྷུ་ལག་མ་འཕྲོད་དེ།། ཉིན་ཞག་ཁྱུ་ཅིག་རི་བོའི་གཤམ་དུ་རྨས།། མི་ཡི་ཤ་བུབས་འདི་ལ་འོང་བ་ཀུན།། ཚེར་མའི་མལ་དུ་ཟླ་བ་རོག་རོག་ཡིན།།
། དབེན་པ་མི་མེད་ཀྱི་ལུང་སྟོང་དེ་ན།། རྫ་རིའི་གུར་ཁང་གི་བྲག་གི་སྐྱིབས་ན།། མཐའ་བྲལ་ཏིང་འཛིན་གྱི་སྟོང་ཉིད་ཀློང་ན།། ང་ཡི་དྲིན་ཆེན་གྱི་བླ་མ་བཞུགས་སོ། །
སྐྱ་རེངས་ལྷག་བསམ་གྱི་གཤོག་པས།། ནག་ནོག་མུན་སྨག་དེ་གཤགས་ནས།། ཉི་ཟེར་འཕྲོ་དུས་སུ་ཆས་ཏེ།། ལྡིང་ཁང་གྲུ་བཞི་རུ་སླེབས་སོང་།།
དགུན་ཁའི་རླུང་ཡན་བསུ་བའི་སྐྱ་མི་སྟེ།། འབུ་རས་དོར་མ་ལྷུག་པའི་རི་སུལ་དག། སྣང་བ་གཅོང་བའི་མཐོངས་སུ་འདར་བ་ན།། ལོ་མའི་ཁ་ངོར་དུས་ཀྱི་སེར་ཐིགས་འཁྱིལ།།
༈སྨྲ་ལྕེ། ཁྱོད་གྲུབ་རྗེས མེ་ལོང་དུ་འཇའ་དང་འོད་ཟེར་འཕྲོས་ཆོག ལྷན་འཛོམས་ཤིག་མཇུག་བསྒྲིལ་བ་ན ཕན་ཚུན་གྱི་ངོ་གདོང་དང་སྨྲ་བའང་འགག་འགྲོ རི་མོ་རེའི་གཟེབ་ངོས་ནས་ཀྱང་དུས་གཏན་ཏུ་འཇག་འགྲོ