སེམས་འཕྲིན་དམར་པོ།
། ༡༽ ། སྔོ་ལྗང་གཡུ་ལོའི་དབུས་ན་གནས་པའི་མ་ཡུམ་ཤེས་བྱའི་གཏེར་མཛོད་ཉིད།། ཅང་མེད་ཡུལ་གྱར་ང་ཚོའི་གཞིས་ཁྱིམ་དྲོད་ཀྱིས་བསྐྱངས་པའི་ཁོར་ཡུག་ན།། ཡོན་ཏན་ཀུན་འདུས་བརྩེ་བས་ཕྱུག་པའི་བཤེས་གཉེན་དམ་པ་གང་ཉིད་ཀྱིས།། ཐུགས་ཀྱི་རིན་ཆེན་གསེར་འོད་སྤྲོས་པས་བློ་གསར་དུ་མའི་རྨོངས་པ་བསལ།།