རུས་རྐང་ནས་བཞུར་བའི་ཚོར་ཤེས་ཕྲན་བུ།
རྩོམ་ཡིག་འདི་ཐེངས། 364 བཀླགས་འདུག
།
སྣང་བའི་རི་མོ་སེམས་ཀྱི་ཟབ་སར་བཞད།།
ཚོར་བའི་གྱི་ལིང་རི་ལུང་ཐང་དུ་ཤོར།།
རྟོག་འགྱུ་ཕྲ་མོ་ཕ་གིའི་གྲོང་ལ་བྲོས།།
ངག་རིག་དགའ་མ་སྒྱུ་མའི་གར་སྟབས་མྱུར།།
།
དྲན་པའི་གདུང་བ་འཇག་མས་གླུ་རུ་གྱེར།།
སེམས་ཀྱི་གཞས་ལ་ཚིག་གི་རོལ་མོ་དཀྲོལ།།
བརྩེ་སེམས་རྨུ་ཐག་ཀ་ཁས་དབྱངས་སུ་འཐེན།།
དགའ་སྡུག་འཚོ་བ་གཟུགས་སུ་ཡང་ཡང་ཕབ།།
།
རྨ་ཀླུང་བཞུར་སྒྲ་གདུང་བའི་རྣ་བར་གཟན།།
ཁེར་རྐྱང་ཟླ་བ་བུ་ལོའི་གྲོགས་སུ་འཁུམས།།
ལས་ཀྱི་རྒྱལ་མོའི་གཉའ་ཤིང་མི་ཐེག་ལྗིད།།
མི་སེམས་སྒྱུ་མའི་འཕྲུལ་ལ་ཞེན་ཆགས་ལྕི།།
།
ངོ་གཉིས་གྲོགས་ལ་ཞེ་ཁྲེལ་གཏིང་ནས་སྐྱེ།།
ངང་ཐུང་མཛའ་མོར་ཞེ་མེར་རྟག་པར་སྡང་།།
འཇིག་རྟེན་ཁྲ་ཁྲ་མི་སེམས་སྒྱུ་མའི་མཚོ།།
ཚོར་བ་ར་རི་ཞེ་སེམས་སྡུག་གིས་བཟུང་།།
།
༢༠༡༥/༤/༣ཉིན།
།
བསམ་ཚུལ་ཕྲིས།