བོད་མིའི་བྱུང་ཁུངས་སྐོར་གྱི་འཚོལ་ཞིབ་གསར་པ།

-སྔོན་བྱོན་མཁས་པའི་དེབ་ཐེར་ལས་བྱུང་བའི་སྤྲེའུ་དང་བྲག་སྲིན་གྱི་ངག་རྒྱུན་ལ་དཔྱད་པ། །   གངས་དཀར་ཤེལ་གྱི་མཆོད་རྟེན་གྱིས་ཡོངས་སུ་བསྐོར་བའི་ལྗོངས་ཆེན་པོ་འདིར་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་དམངས་འཚོ་གཞེས་བྱེད་ཐུབ་པ་ནས་བཟུང་།

བསྟན་རྩིས་ཀྱི་རྣམ་བཤད་དྭོགས་བསལ་པན་ཙ་ལི་ཀའི་ཆུན་པོ།

  ། ༄༅།།  བསྟན་རྩིས་ཀྱི་རྣམ་བཤད་མཐོང་བའི་དགའ་སྟོན་ནམ་དྭོགས་བསལ་པན་ཙ་ལི་ཀའི་ཆུན་པོ་ཞེས་བྱ་བ་བཞུགས།། ། །རྒྱལ་ཀུན་མཁྱེན་བརྩེའི་ཡེ་ཤེས་གཅིག་བསྡུས་པའི། ། སྙིགས་དུས་བསྟན་འགྲོའི་མགོན་གྱུར་མཉམ་མེད་བླ། ། སེམས་དཔའ་རིག་འཛིན་མཁའ་འགྲོའི་ཚོགས་བཅས་ལ། ། སྒོ་གསུམ་གུས་པ་ཆེན་པོས་ཕྱག་བགྱིས་སོ། ། བསྟན་པའི་སྙིང་པོ་འཁྲུལ་བྲལ་གཡུང་དྲུང་བོན། ། བསྟན་པ་ཇི་ལྟར་དར་དང་གནས་ཚུལ་དང་། ། བསྟན་འཛིན་སྐྱེས་བུ་རིམ་པར་བྱོན་ཚུལ་གྱི། ། བསྟན་རྩིས་རྣམ་བཤད་མཐོང་བའི་དགའ་སྟོན་སྤེལ། ། །

གྲི་གུམ་བཙན་པོའི་སྐབས་སུ་ནང་ཆོས་བོད་དུ་དར་ཚུལ་སྐོར་གླེང་བ།

ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་རིང་དུ་ཧི་མ་ལ་ཡའི་གཙོས་རྒྱལ་ཁག་དགུ་ལ་ནང་ཆོས་སྤེལ་མཁན་གྱི་དགེ་སློང་འགའ་བཀའ་མངགས་གནང་བའི་སྐོར་དང་བོན་དཔེ་སྲིད་རྒྱུད་ཁ་བྱང་དུ་གྲི་གུམ་བཙན་པོའི་སྐབས་སུ་སངས་རྒྱས་ཆོས་ལུགས་དར་ཚུལ་བཀོད་པའི་ནང་དོན་གཉིས་པོ་དཔྱད་བསྡུར་བྱས་ཏེ་བོད་རྒྱལ་གྲི་གུམ་བཙན་པོའི་སྐབས་སུ་སངས་རྒྱས་ཆོས་ལུགས་བོད་ཡུལ་དུ་དར་བའི་སྐོར་རགས་ཙམ་གླེང་བ།                                ། དང་པོ། བོད་རྒྱལ་གྲི་གུམ་བཙན་པོའི་སྐུ་དུས་སུ་བོད་དུ་དར་བའི་སངས་རྒྱས་ཆོས་ལུགས་ལ་བན་ལུགས་འཛིན་མཁན་རྣམས་ཀྱིས་འཁྱར་བོན་དུ་ངོས་བཟུང་མཛད་ཡོད་པའི་ཚུལ།

གནམ་གྱི་ཁྲི་བདུན་སྐབས་ཐུབ་བསྟན་བོད་དུ་ཕེབས་མྱོང་བའི་སྐོར་ལ་དཔྱད་པ།

  ཡོངས་གྲགས་ཀྱི་བོད་ཀྱི་ལོ་རྒྱུས་ལྟར་ན། བོད་ཡར་ལུང་རྒྱལ་བརྒྱུད་ཀྱི་རྒྱལ་བོ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་པར་བཞེད་དེ།

ཞང་ཞུང་གི་མངའ་ཁུངས་ལ་དཔྱད་པ་རགས་བསྡུས།

། ཞང་ཞུང་ནི་སྟོན་པ་གཤེན་རབ་མི་བོ་མ་འཁྲུངས་བའི་གོང་ནས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པར་མ་ཟད། སྐབས་དེ་ནས་ཆོས་སྲིད་རིག་དཔལ་སོགས་ཀྱི་ཚད་ཧ་ཅང་མཐོན་པོར་སླེབས་ཡོད་པར་ངེས། དཔེར་ན་སྟོན་པ་གཤེན་རབ་མི་བོའི་མཛད་མདོ་རྒྱས་པ་《དྲི་མེད་གཟི་བརྗིད་》དང་མཛད་མདོ་འབྲིང་པོ་