རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ་བཀླགས་རྗེས་ཀྱི་འཆར་སྣང་།
དགེ་འདུན་ཆོས་འཕེལ་མཆོག་ནི། ང་ཚོ་བོད་ཀྱི་བསམ་བློའི་བཀག་རྒྱ་ལས་བརྒལ་བའི་མི་ཤེས་རབ་ཅན་ཞིག་རེད། ཁོང་གིས་བརྩམས་པའི་ཀླུ་སྒྲུབ་དགོངས་རྒྱན་དང་། དེབ་དཀར། གཏམ་རྒྱུད་གསེར་ཐང་། གཤིས་སྤྱོད་བཅས་ལ་བསམ་བློའི་ཤེས་རིག་གི་སྒོ་མོ་འབྱེད་པའི་ནུས་ཤུགས་དམིགས་བསལ་བ་ཞིག་ཏན་ཏན་འདུག