སྲོག་གི་སྐད་ཆ་འགའ། 

་་་་་་་་་་་་་འབྲུག་མོ་ཚེ་རིང་ལ་ཕུལ་བའི་ཁག་བདུན་པ། / གཅིག / ངས་རྒྱུན་དུ་བརྩེ་དུངས་དང་ཁྱེད་རང་གླེང་དུས་སེམས་ཀྱི་གཏིང་རིམ་ན་དགའ་སྐྱོ་ཡི་དད་ཞེན་རེ་རེ་སྙིང་གི་འཕར་རྩ་རུ་ཞུགས་ནས་ཡོད། ངའི་བྲང་ཁོག་གི་ཟབ་ས་ནས་ཁྱེད་རང་ཕྱི་ལ་འགྲོ་མི་ཐུབ་པ་དེ་བརྩེ་དུངས་ཞེས་པའི་གཟུགས་མེད་ཀྱི་ཚོར་བ་འདིའི་དབང་གིས་རེད།