ཐང་ཆད་པའི་མེ་ཏོག (ཚན་པ་བཞི།)

། ཁོ་ཆད་པའི་དུམ་ཁ་རེ་རེ དུས་ཚིགས་ཀྱི་རི་བོའི་གཏིང་ནས་འཕག་འཚག་རྒྱག སྐྱེ་བོ་དག གཞས་ཀྱི་ཐང་ཆེན་ནས རྒྱང་རིང་གི་རོལ་དབྱངས་ལ་རྣ་བ་ཆགས ཐང་ཆད་པའི་མེ་ཏོག ང་རང་ཧ་ཅང་ངལ་བའི་ལུས་སྟེང་གི་མེ་ཏོག ངལ་བའང་སྐྱོ་གཞས་འཐེན་པའི་སེམས་ཀྱི་ལོངས་སྤྱོད་ཅིག་ཡིན ཁ་སང་གི་ང་ལ གྲིབ་མ་མེད་ཅིང་ངལ་བ་མེད གསོན་ཤི་བརྒྱབ་པའི་ཐ་སྙད་ཁག་ཅིག ཤི་བ་ལ་བཏབ་པའི་སྔོན་གྱི་ལམ་གྲོ་རུ་བརྫངས ། ༈ གདུང་བའི་ཁྲོད་ཀྱི། ཁེར་རྐྱང་གི་ཟླ་བ། ། ས་རུབ་ཁའི་འདར་བཞིན་པའི་སྐར་ཚོགས གྲང་ངར་དང་རླུང་འཚུབ་རྒོད་པས་འཐོར་ལ་ཉེ་བས གཅིག་པུར་ལུས་པའི་ཟླ་བ་དྭངས་གཙང་གི་འོད་ཀྱི་ཀློང་ན་ངུ་བཞིན་འདུག ཁེར་རྐྱང་གི་ཟླ་བས གཙང་བོས་ཟོས་པའི་སྐར་ཚོགས་ཀྱི་འོད་ཟེར་བཙལ་བཞིན མཐའ་ཡས་པའི་ནམ་མཁའ་ལ་ན་ནིང་གི་ལོ་རྒྱུས་འབྲི་བཞིན་འདུག མུན་པ་རབ་ཏུ་སྟུག་པས   ཟླ་བ་ཁེར་རྐྱང་གི་གདུང་བས་མནར་གྱིན་ཡོད མུན་པ་ཤིན་ཏུ་སྟུག་དོན ད་ལོའི་ཉི་མ་དེ་ནུབ་པ་སྔ་བས་ཡིན་ནམ ཡང་ན་དོ་ནུབ་ཀྱི་སྐར་ཚོགས་ལ་འོད་མདངས་མེད་པས་ཡིན མུན་པ་ཅི་ལྟར་སྟུག་ཀྱང ཁེར་རྐྱང་གི་ཟླ་བར་སྔར་བཞིན་འོད་མདངས་འཚེར་གྱིན་འདུག ན་ནིང་བཞིན སྐར་ཚོགས་ལ་འོད་མདངས་རེ་ཡོད་ན ཟླ་བ་ཁེར་རྐྱང་ཡིན་དོན་མེད  གདུང་བས་མནར་དོན་ཡང་ག་ལ་ཡོད གཅིག་པུར་རྒྱུ་བཞིན་པའི་ཟླ་བ་ལགས་ཁྱེད་ཀྱིས་དཀའ་ལས་མྱངས་སོང ། ༈ སྙིང་ཉེ། ། སྙིང་ཉེ་བའི་མི མི་ཚོགས་རབ་ཏུ་མང་ནའང ང་ལ་ཁེར་རྐྱང་གི་གདུང་བ་ཤིན་ཏུ་ལྕི གལ་ཏེ ང་རང་བྱེའུ་ཞིག་ཡིན་རྒྱུ་ན ཡང་ན་རླུང་བུ་ཞིག་ཡིན་རྒྱུ་ན ཁྱོད་ཀྱི་ནམ་མཁའ་ནས་ལྡིང་སྐོར་རྒྱག་ལ ཁྱོད་ཀྱི་ཉེ་འགྲམ་ནས་དལ་བུར་ལྡང་ངེས ཚོན་ཁ་མེད་པའི་ཉི་མ་འདི་ཚོར ཁངས་ཆར་དང་གྲང་རླུང་བརྟུན་མར་ལྡང་དོན …

སྟོན་དུས་སྔོན་མ། ༼ཞར་བཀོད་བདུན།༽

༈ སྟོན་དུས་སྔོན་མ། ། སེམས་ན་དབྱར་ཁ་ཚེས་པའི་དུས་ཚིགས་ཤིག་ཡོད།། ཉི་མ་ནུབ་རི་གན་ནས་མ་བརྒྱུད་གོང་ཡིན།། སྡོང་མགོའི་ལོ་མ་དག་ཀྱང་མ་འཐོར་སྔོན་རེད།། ང་ཡི་ཕྱེ་ལེབ་དག་ཀྱང་ཡར་མར་ལྡང་དུས།། ང་ཡི་རྐང་རྗེས་དེ་ལ་ལྗང་ལོ་འབུས་མྱོང་།། རེ་བའི་ཉི་མ་ཞིག་ཀྱང་མཚན་མོར་ཤར་མྱོང་།། དེ་དུས་སང་ཉིན་ཞིག་གི་ས་བཀྲ་བྲིས་ཡོད།། ང་དང་ཁོ་མོ་ཁོ་ནའི་འཇིག་རྟེན་ཡིན་མོད།། ལྭ་བ་འཁྱག་པ་གྱོན་པའི་ནངས་མོ་ཞིག་ལ།། སྨྲེང་བ་ཁོ་ན་ཡིན་པའི་ཕར་འགྲོའི་མགྲོན་པོས།། བདག་གི་ཅི་ཞིག་ཁྱེར་ནས་གང་ལ་བུད་འགྲོ།། གདུང་བའི་རྒྱབ་གཟུགས་དེ་དག་གང་དུ་སྦས་དགོས།།