རྩེ་ཞིག་ཚང་གི་སྐུ་བསྟོད་ནོར་བུ་འོད་འབར་དགོས་འདོད་ཀུན་འབྱུང་།

                         མདོ་སྨད་ཞིག་ཆེན་བཅོ་བརྒྱད་ཕྲེང་བ་ལས།།              ཡང་རྩེ་མཆོག་གྱུར་བླ་མེད་རྩེ་ཞིག་པ།།              མདོ་སྨད་བསྟན་དང་འགྲོ་བའི་མགོན་པོ་ཆེ།།              ཤེས་རབ་མཁའ་ལ་འཆར་བའི་ཟླ་བ་མཆོག། །

༓ བསྟོད་ཚིག་ཙན་དན་ལྗོན་པ།

མཆོག་གསུམ་ཁོག་པའི་སྙིང་ལྟར་གཅེས་པས་དུས་གསུམ་སྐྱབས་གནས་གཅིག་པུར་བཀུར།། བསླབ་གསུམ་ཤེས་རབ་ཁོང་ནས་བརྡོལ་བས་ཚད་གསུམ་མཚོ་མོའི་དཀྱིལ་འཁོར་གྲུབ།། ས་གསུམ་འགྲོ་བའི་སྡུག་བསྔལ་བསམ་ནས་སྐུ་གསུམ་ཡོན་ཏན་བསླབ་པར་བྱས།།