།་་་་་་་་་་་་སྤྱི་ལོ་ ༢༠༠༧ ལོ་ནས་བཟུང་གཡུང་དྲུང་བོན་གྱི་
བཤད་སྒྲུབ་སློབ་གླིང་གི་སྐབས་
བཞི་བའི་སློབ་གཙོ་ཆེན་མོ་མདོ་སྨ
ད་སྣང་ཞིག་དགོན་གྱི་དཔོན་སློབ་
ཁྲི་རབས་ཉི་ཤུ་བ་སྤྲེའུ་བཙུན་ཀུ
ན་བཟང་ལྷུན་འགྲུབ་མཆོག་གི་མདུན་
ནས། ཡིག་གཟུགས་དང་སུམ་དག་རྟགས་གསུམ། སྙན་ངག་ལོ་རྒྱུས་སྐར་རྩིས་སོགས་
རིག་གནས་ཀྱི་སྐོར་ལ་སྦྱང་པ་མི་
དམན་པ་བྱས་ཤིང་། དེ་དང་དུས་མཚུངས་སུ་ཞང་ཞུང་བློ་
གྲོས་ཉི་མའི་མདུན་ནས་དབུ་ཅན་དང་
དབུ་མེད། འཁྱུག་ཡིག་དང་འབྲུ་ཚ་སོགས་ལ་སློ
བ་པ་དང་བསྟུན་ནས་སྨར་ཆེན་དང་སྨ
ར་ཆུང་སོགས་ཞང་བོད་གཉིས་ཀྱི་ཐུ
ན་མོང་མ་ཡིན་པའི་ཡིག་རིགས་ལ་ལོ་
དུ་མའི་རིང་དུ་ཆེད་སྦྱོང་བྱས། སྤྱི་ལོ ༢༠༠༩ ལོ་ནས་གཡུང་དྲུང་བོན་བཤད་སྒྲུབ་
སློབ་དུ་ཞུགས་ཤིང་སློབ་གླིང་དེ
འི་ཁྲིད་རིམ་ལྟར། བསྡུས་གྲྭ་དང་རྟགས་རིགས། ཚད་མ་དང་ཐེག་འགྲེལ། ས་ལམ་དང་ཕར་ཕྱིན་སོགས་བཤད་སྒྲུ
བ་འདུས་སྡེའི་ཁྲིད་གཞི་ལྟར་རིམ་
གྱིས་སྦྱང་སྟེ་ད་ལྟ་མཛོད་འཛིན་
གྲྭ་ཡིན།
།་་་་་་་་་སྤྱི་ལོ ༢༠༡༤ ལོར་གཡུང་དྲུང་བོན་བཤད་སྒྲུབ་སློ
བ་གླིང་གི་སྐབས་ལྔ་བའི་ཚོགས་གཙོ
་ཆེན་མོ་སྣང་དགོན་དཔོན་སློབ་ཁྲི
་རབས་ཉེར་གཅིག་པ་དགེན་གཡུང་དྲུ
ང་བློ་གསལ་གྱི་བཀའ་དགོངས་འོག་ལོ
་གཉིས་ཀྱི་རིང་ལ་ཡིག་གཟུགས་དང་
རྨང་གཞི་འཛིན་གྲྭ་ལ་གསབ་ཁྲིད་
དགེ་རྒན་གྱི་འགན་བཞེས་ཤིང་། སློབ་གླིང་དེ་གའི་འཛིན་གྲྭ་གོང་
འོག་གི་སློབ་མ་མང་པོ་ཞིག་ལ་ཡིག་
རིས་སློབ་ཁྲིད་བྱས་ཡོད་པ་མ་ཟད། སྤྱི་ལོ ༢༠༡༧ ལོར་དམིགས་བསལ་གྱིས་འཛིན་ཁག་མི་
འདྲ་བ་གསུམ་ལ་སློབ་གཙོ་དང་དགེ་
རྒན་རྣམས་ཀྱི་རེ་འདོད་བཞིན་གཡུ
ང་དྲུང་བོན་བཤད་སྒྲུབ་སློབ་གླི
ང་གཞུང་ངོས་ཡིག་གཟུགས་གསབ་ཁྲིད་
བྱས། དེ་དང་དེར་མཚུངས་སུ་གྲོགས་པོ་
དང་སློབ་མ་མང་པོའི་ཐུགས་རེ་ལྟར་
གྲྭ་ཤག་ནས་རྒྱུན་དུ་སློབ་མ་སུམ་
ཅུ་ལྷག་ལ་སློབ་ཁྲིད་གནང་གིན་ཡོ
ད།
།་་་་་་་་་་་་སྤྱི་ལོ ༢༠༡༧ ལོར་རྔ་བ་ཁུལ་སྐབས་གཉིས་པའི་བོད་ཡིག་ཡིག་གཟུགས་རྒྱུ་ཆ་བེད་སྤྱོད་ཀྱི་གསོ་སྦྱོང་འཛིན་གྲྭར་དངོས་ཞུགས་བྱས་ཏེ། བོད་ཀྱི་ཡིག་གཟུགས་ཆེད་མཁས་པ་མང་པོ་དང་ལྷན་དུ་ཡིག་གཟུགས་གི་རྒྱུ་ཆ་བེད་སྤྱོད་བྱེད་ཚུལ་ལ་གྲུབ་འབྲས་མི་དམན་པ་བླངས། སྤྱི་ལོ ༡༠༡༨ ལོར་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་དུ་ངོས་ཞུགས་བྱས་ཏེ་ཕྱོགས་སོ་སོ་ནས་འདུས་པའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ། སྤྱི་ལོ ༢༠༡༨ ལོའི་དགུན་ཁ་བོད་བཙན་རིག་གནས་ཚད་ཡོད་སྤྱི་གཉེར་ཁང་གི་སྒོ་འབྱེད་དུས་ཚུགས་སུ་གདན་ཞུས་བྱས་ཏེ་ཞང་བོད་ཀྱི་ཡིག་རིས་དུ་མའི་མཛེས་པ་ངོམས། ལོ་དེའི་དཔྱིད་ཀར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཡིག་མཁན་ལྷན་ཚོགས་རྔ་བར་ཕེབས་ཏེ་ཕྱོགས་གཉིས་ཀྱིས་མཛའ་འབྲེལ་དང་རྒྱུས་ལོན་ཟབ་མོ་བྱས་ཏེ་སྔར་ལས་མིག་རྒྱང་རིང་བོར་བསྟན། ལོ་དེའི་དབྱར་ཁ་དཀར་མཛེས་ཁུལ་གྱི་བོན་དགོན་ཞིག་གི་ལྷ་ཁང་གསར་བཟོའི་སྐབས་དང་བསྟུན་ནས་ལྷ་ཁང་དེའི་ནང་དུ་ཤང་བསྐོས་བྱེད་པའི་མ་ཡིག་རྟག་གཟིགས་ཀྱི་ཡི་གེ་སྤུངས་སོ་ཆེ་བའི་ལམ་ནས་ཞང་ཞུང་སྙན་རྒྱུད་ཨ་གསལ་གྱི་གཞུང་འབྲི་བཞེངས་བྱས།
།་་་་་་་་་་་་་་་་ད་དུང་དུས་རབས་དང་བསྟུན་ཏེ་བློན་ཚང་བསྟན་ཁོའི་རྩོམ་རིག་སྤྱི་སྟེགས་ཀྱི་དྲྭ་བདག་མཛད་དེ་བན་བོན་རིས་སུ་མ་ཆད་པའི་བོད་གངས་ཅན་གྱི་མཁས་པའི་དབང་པོ་རྣམས་ཀྱི་གསུང་རྩོམ་དང་ལེགས་བཤད། བསྒྱུར་རྩོམ་དང་སྐྱེས་ཆེན་ངོ་སྤྲོད་རྣམས་ཁྱབ་སྤེལ་བྱེད་ཀྱིན་ཡོད་པ་མ་ཟད། བརྙན་རིས་དང་པར་རིས། སྒྲ་སོགས་ཀྱི་ལམ་ནས་དུས་རབས་དང་མཐུན་པའི་རྒྱུན་ཤེས་སྣ་ཚོགས་ཤིག་མཁོ་འདོན་བྱས་ཏེ་གཞན་ཕན་གྱི་ཕྱག་ལས་བསྐྱངས་དང་སྐྱོང་བཞིན་པ་ལགས་སོ།།
།
་་་་་་་་་་་ན་གཞོན་ཡིག་བྲིས་པ་བློན་ཚང་བསྟན་ཁོའི་རྩོམ་རིག་སྤྱི་སྟེགས་དབུ་བརྙེས་ནས་མི་ལོ་གསུམ་འཁོར་བར་མདོ་དབུས་ཁས་གསུམ་གྱི་ཡིག་བྲིས་པ་བརྒྱ་ཕྲག་གཅིག་ལྷག་གིས་ཡིག་གཟུགས་ཀྱི་ལམ་ནས་རྟེན་འབྲེལ་ཤིས་ཚིག་ཕུལ་འབྱོར་བྱུང་བ་ལས་༼མདོ་དབུས་ཁས་གསུམ་གྱི་བྲིས་པ་གསུམ་གྱི་རྟེན་འབྲེལ་ཤིས་ཚིག་༽གཤམ་ལ་བཀོད་ཡོད།
་་་་་་་་་་་༼དབུས་གཙང་།༽ གཞིས་ཀ་རྩེའི་མང་ཡུལ་གུང་ཐང་གི་དགེ་རྒན་ཡིད་འགྲུབ་ཀྱིས་ཕུལ།
་་་་་་་་༼ཁམས།༽ སྟེང་ཆེན་རྫོང་ལས་རིགས་ལག་རྩལ་གསོ་སྦྱོང་ལྟེ་གནས་ཀྱི་ཡིག་གཟུགས་དགེ་རྒན། ཞང་བོད་ཡིག་གཟུགས་ཀུན་འདུས་གསེར་ཐང་ཆེན་མོ་འབྲི་བཞེང་སྐབས་ཀྱི་གཙོ་བོའི་འགན་ཁུར་མི་སྣ་དང་དབུ་མཛད་ཆུང་རྒྱུད་ཚེ་དབང་རྣམ་རྒྱལ་གྱིས་ཕུལ།
་་་་་་་་་་༼མདོ་སྨད།༽ བོད་ཀྱི་ཡིག་མཁན་ཆེན་མོ་རྔ་ཡུལ་སྒོ་མང་དགོན་གྱི་གྲྭ་རིགས་ཕུན་ཚོགས་ཐུབ་ཆེན་ནམ་པད་དཀར་འབངས་བས་ཕུལ།
བསམ་ཚུལ་ཕྲིས།