ཡིད་སྐྱོའི་གནས་ཚུལ།

ཕྱི་ལོ༢༠༡༧/༩/༡༤ཕྱི་དྲོའི་ཆུ་ཚོད་དྲུག་དང་སྐར་མ༢༥་སྟེང་འཛམ་གླིང་བོན་གྱི་གཙུག་རྒྱན་རྒྱལ་བ་སྨན་རིའི་ཁྲི་འཛིན༣༣པ་རིན་པོ་ཆེ་མཆོག     གདན་ས་ཆེན་པོ༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རེ་ཞིག་སྐུ་མི་རྟག་མྱ་ངན་ལས་པའི་ཚུལ་བསྟན་སོང་བས།   འཛམ་གླིང་ས་ཕྱོགས་ཀུན་ཏུ་བཞུགས་པའི་རྒྱ་ཆེའི་དད་འབངས་ཡོངས་ཀྱིས་དུས་ཚིགས་ཁྱད་པར་ཅན་འདི་ལ།   རང་རང་ས་ནས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འབད་གལ་ཆེ་བར་ནན་ཞུ་བྱ་བ་དང་ཆབས་ཅིག     ངེད་རྒྱལ་གཤེན་བོན་སྒྲའི་དྲྭ་ཚིགས་ལས་སྒྲུབ་ཁང་གི་ངོས་ནས་རྗེ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གི་གཟུགས་སྐུ་ཡིད་བཞིན་ནོར་བུའི་བཀོད་པ་རེ་ཞིག་བོན་དབྱིངས་སུ་བསྡུས་པར་མྱ་ངན་ཡང་ཡང་ཞུས་པ་ལགས།               རྒྱལ་གཤེན་བོན་སྒྲ་དྲྭ་ཚིགས་ཁང་གིས།                            ༢༠༡༧/༩/༡༤ ཉིན།

༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

ལོ་རེའི་སྤྱི་ཟླ་ ༧ པའི་ ༩ ནི་གཞིས་བྱེས་བོན་འབངས་ཡོངས་ཀྱི་གཙུག་ནོར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་ལ།  འདི་ལོར་ཡང་བོད་གཞིས་བྱེས་གཉིས་དང་རྒྱལ་ཁབ་ཕྱི་ནང་ཀུན་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོའི་སྐུ་མཆོག་གསེར་གྱི་ཉི་མ་འཛམ་གླིང་འདིར་བཞད་དེ་དགུང་གྲངས་ ༨༩ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་རེད།

༧སྐྱབས་རྗེ་རྒྱལ་བ་སྨན་རི་བར་གོ་སྟོན་འབུལ་འཆར།

ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བདག་པོ་དོན་གྱི་སླད་དུ་མཚན་ནས་ཟུར་ཙམ་སྨྲོས་ན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དཔལ་བཟང་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་རྒྱས་པ་ཞིག་འཆར་ལོ་ཕྱི་ལོ་༢༠༡༨་ཟླ་༤་ཚེས་༣་དང་བོད་ས་ཕོ་ཁྱི་ལོའི་ཟླ་༢་ཚེས་༡༨སྐུ་ཡི་བླ་གཟའ་དང་གཟའ་སྐར་འཕྲོ་སྦྱོར་ཤིན་ཏུ་ལེགས་པའི་ཉིན་འབུལ་ཆར་ཡིན་པའི་གསལ་བསྒྲགས་ཞིག་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱིས་གནང་འདུག་པ་གཤམ་གསལ། །

ཕྱི་གླིང་བོན་ཚོགས་ཀྱི་ཚོགས་འདུ་ཐེངས་ལྔ་པ།

ཕྱི་གླིང་བོན་ཚོགས་ཀྱི་ཚོགས་འདུ་ཐེངས་ལྔ་པ་འཚོགས་འཆར། ། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༣༡ ནས་ཟླ་ ༡༡ ཚེས་ ༣ བར། །       ཕྱི་གླིང་བོན་ཚོགས་ནི་ཕྱི་ལོ་ ༢༠༡༣ ནས་བཟུང་ཨ་རིའི་ནང་དབུ་ཚུགས་པའི་གཡུང་དྲུང་བོན་གྱི་ཚོགས་སྡེ་ཞིག་ཡིན་ཞིང་།

<<ཞང་བོད་ཤེས་རིག་གནའ་དེང་གསལ་བའི་མེ་ལོང་།>དཔར་བསྐྲུན་གྲུབ་ཡོད།

གནའ་དེང་རིག་པའི་གཞུང་ལུགས་ལ་མཁྱེན་རྒྱ་ཡངས་པའི་རྩོམ་པ་པོ་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་ནམ་རྒན་གངས་སེང་ལགས་ཀྱིས་བརྩམས་པའི་<<ཞང་བོད་ཤེས་རིག་གནའ་དེང་གསལ་བའི་མེ་ལོང་།>>དཔར་བསྐྲུན་གྲུབ་སྟེ་ད་ཆར་རྒྱལ་ཕྱི་ནང་ཀུན་ཏུ་འགྲེམས་སྤེལ་ཞུ་འགོ་ཚུགས་ཡོད།