ཕྱི་གླིང་བོན་ཚོགས་ཀྱི་ཚོགས་འདུ་ཐེངས་ལྔ་པ།
རྩོམ་ཡིག་འདི་ཐེངས། 923 བཀླགས་འདུག
ཕྱི་གླིང་བོན་ཚོགས་ཀྱི་ཚོགས་འདུ་ཐེངས་ལྔ་པ་འཚོགས་འཆར།
།
ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༣༡ ནས་ཟླ་ ༡༡ ཚེས་ ༣ བར།
།
ཕྱི་གླིང་བོན་ཚོགས་ནི་ཕྱི་ལོ་ ༢༠༡༣ ནས་བཟུང་ཨ་རིའི་ནང་དབུ་ཚུགས་པའི་གཡུང་དྲུང་བོན་གྱི་ཚོགས་སྡེ་ཞིག་ཡིན་ཞིང་། དམིགས་ཡུལ་གཙོ་བོ་ནི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་ཆེད་ཕྱག་ལས་གནང་བཞིན་པའི་བོན་གྱི་བླ་དགེ་སྔགས་གསུམ་དབར་སྔར་བས་ཀྱང་མཐུན་ལམ་དམ་ཚིག་ཟབ་མོ་ཇེ་དམ་གཏོང་ཆེད་དང་། འབྱུང་འགྱུར་ནང་གཡུང་དྲུང་བོན་གྱི་བསྟན་པའི་སྙིང་པོ་ཕྱི་གླིང་ཡུལ་གྲུ་ཁག་ཏུ་འཛིན་སྐྱོང་སྤེལ་གསུམ་བྱ་བར་དགོས་པ་སྟབས་བསྟུན་གྱི་སྒོ་ནས་ཕྱག་ལས་གནང་ཕྱོགས་ཅི་དགེའི་ཐད་ཕན་ཚུན་ཉམས་མྱོང་བརྗེ་རེས་བྱ་རྒྱུ་སོགས་གཙོ་བོ་ཡིན་འདུག དེ་དག་གི་ཕྱིར་དུ་ལོ་རེའི་ནང་དུ་ཕྱི་གླིང་བོན་ཚོགས་ཀྱི་ཚོགས་ཆེན་རེ་འཚོགས་རྒྱུའི་འཆར་གཞི་ཡོད་པ་གཞི་བཟུང་གིས་འཚོགས་འདུ་ཐེངས་ལྔ་པ་ཕྱི་ལོ་ ༢༠༡༧ ལོའི་ཟླ་བ་ ༡༠ པའི་ཚེས་ ༣༡ ནས་ཟླ་བ་ ༡༡ པའི་ཚེས། ༣ བར་ཁེ་ནཱ་རུ་དགེ་བཤེས་གཡུང་དྲུང་བློ་གསལ་རིན་པོ་ཆེས་ཕྱག་བཏབ་པའི་ཤེས་རབ་བྱམས་མ་གླིང་དུ་ཚོགས་རྒྱུ་གཏན་འཁེལ་བྱུང་འདུག
/
རྒྱལ་གཤེན་བོན་སྒྲས།
བསམ་ཚུལ་ཕྲིས།