གུང་ཐང་རྒྱལ་མོའི་བོན་ལུགས་ཀྱི་གཉེན་སྟོན།
—-བོན་པོའི་ཡིག་རྙིང<མིང་སྲིང་དཔལ་དགོས་དང་ལྷ་འདོགས>ཀྱི་སྐོར། སྣུབས་ཀྱི་བཙུན་པ་ལྷ་ལུང་དཔལ་རྡོར་གྱི་བྱས་ཉེས་ངན་པ་ལས་བོད་ཀྱི་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་པ་དང་། དེའི་ཁྲོད་ནས་སྟོད་ཀྱི་ཧི་མ་ལ་ཡའི་རི་རྒྱུད་དུ་གྱར་བའི་བཙན་པོའི་མི་རྒྱུད་ཕྱི་མ་དག་གིས་མང་ཡུལ་གུང་ཐང་དུ་ཕོ་བྲང་བཀྲ་ཤིས་ཁྱུང་རྫོང་དཀར་པོ་བཏབ་ཏེ་བཙན་པོའི་གདུང་རྒྱུད་དྲི་མ་མེད་པ་བསྐྱངས་ནས་མི་ལོ་ལྔ་བརྒྱ་ལྷག་ལ་ཆོས་སྲིད་གཉིས་ཀྱི་འགན་བཞེས་པ་ཡོད་པ་དེ་ལ་ཡོངས་གྲགས་སུ་གུང་ཐང་རྒྱལ་རབས་ཞེས་སུ་འབོད་པ་རེད། །