གནའ་བོའི་ཞང་ཞུང་སྐབས་ཀྱི་འདུལ་བའི་འདུས་སྡེ་ལི་མུར་ལྷ་རྩེའི་གནའ་ཤུལ།།

    ་་་་་་་་་་་་་འདིར་ལི་མུར་ལྷ་རྩེའི་མཚམས་སྦྱོར་ཉུང་བསྡུས་ཤིག་བྱེད་པར་བྱེད་པར་ལི་ངུར་དང་། ལེ་ངུར། ལི་མུར་བཅས་དག་ཆ་འབྲི་སྲོལ་མི་འདྲ་བ་འདུག་པས་ཁོ་བོས་ལི་མུར་ཞེས་བྲིས་ནས་སྙམ་པ་ཡིན། ཞང་ཞུང་ཡུལ་དུ་འདུལ་བའི་བསྟན་པ་ཐོག་མར་དར་བའི་ཚུལ་ནི། འདུལ་རྒྱུད་རྣམ་དག་ཤེལ་གོང་མ་ལས། གདུང་སོབ་མུ་ཆོའི་ཞལ་སློབ་མཁས་བཙུན་མང་། དེ་ནང་མཆོག་གྱུར་དམུ་ཙ་ཏྲ་ཧེ་ནི། སེམས་ཉིད་ཡེ་ཤེས་སྤྱན་ལྔའི་མངོན་ཤེས་ལྡན། མཚན་ལྡན་ཁྱེའུ་བཞིའི་ཞལ་གཟིགས་གཙུག་གཤེན་རྒྱལ། སློབ་དཔོན་མཛད་དེ་དྲང་སྲོང་རྒྱལ་བས་མཁན། རྨ་ལོ་གཡུ་ལོས་དཔང་པོ་ལོ་ཙ་མཛད།