གྲུབ་ཆེན་རིན་པོ་ཆེ་དྲན་པའི་གདུང་དབྱངས།
། དུས་གསུམ་རྒྱལ་ཀུན་དགོངས་པའི་ཀློང་ཡངས་ཐུགས་རྗེའི་རང་རྩལ་ནུས་པའི་དཔལ།། ལྔ་བདོའི་དུས་ཀྱི་མཐའ་མ་འདི་རུ་བསྟན་འགྲོའི་བདག་པོ་ཤར་བ་ཉིད།། མཁས་གྲུབ་བྱེ་བའི་གཙུག་ན་མངོན་འཕགས་ནམ་མཁའ་རྒྱལ་མཚན་ཞེས་བྱ་བའི།། ཕྱི་ནང་གསང་གསུམ་མཛད་པའི་མཚོ་ལས་ཆུ་ཐིགས་ཙམ་ཞིག་འདི་རུ་འབྲི།།