ཆོས་ལུགས་འཐེན་འཁྱེར་གྱིས་བཟི་བའི་དྲ་འབུ་འགའ་ལ་གདམས་པ། །
། དེང་རབས་འཕྲུལ་རྩལ་འཕེལ་ཤུགས་ཁྲོད་དུ་སྐད་འཕྲིན་ནང་གི་དྲ་འབུའི་གཤིས། ། ནངས་ནུབ་དུས་དྲུག་ག་དུས་ཡིན་ཡང་མི་ཚེ་ཕར་ཆེར་དེའི་ཐོག་སྐྱེལ། ། རྒྱལ་ཁམས་གནས་ཚུལ་ཐེ་གཏོགས་བྱེད་ནས་མཐོང་ཚད་ཁ་པར་ནང་དུ་འདྲེན། ། དགོས་པ་ཡོད་མེད་བསམ་གཞིགས་མི་ཤེས་དྲ་འབྲེལ་ཀུན་ལ་གཏོང་རྐྱང་བྱེད། ། རང་ཉིད་ཁྲིམས་ཆད་ཉེན་པ་ཕོག་ལ་གཞན་དག་ཁྲིམས་ཁང་ནང་དུ་བསྐྱལ། །