སྡེ་གྲོང་།
བྱེ་མའི་རྡུལ་གྱིས་ཞིང་ཁར་རི་མོ་བྲིས།། མི་དག་རྔུལ་ཆུ་ཤམ་ཤམ་ཟམ་འོག་ཉལ།། སྟོན་ཀ་ལེན་པའི་ལག་པ་མང་བོ་ཡིས།། དགུན་གྱི་འཚོ་ཚིས་ལྡང་བའི་སྣོད་ཀ་འཚེམ།། གཞོན་ནུའི་མིག་འོད་ཕན་ཚུན་ལྟེང་ཀ་རྩོད།། མཚན་མོའི་རུམ་དུ་སྐར་ཕྲན་མང་བོ་བཀྱེ།། མི་དག་སླར་ཡང་ལག་པར་ཐེམ་ཚོད་ཀྱིས།། སྡེ་གྲོང་སྐྱ་བོ་བལ་དཀར་བཞིན་དུ་བསེད།། ༢༠༡༥།༡༡།༢ཉིན།