སྡེ་གྲོང་།

རྩོམ་ཡིག་འདི་ཐེངས། 894 བཀླགས་འདུག

བྱེ་མའི་རྡུལ་གྱིས་ཞིང་ཁར་རི་མོ་བྲིས།།
མི་དག་རྔུལ་ཆུ་ཤམ་ཤམ་ཟམ་འོག་ཉལ།
སྟོན་ཀ་ལེན་པའི་ལག་པ་མང་བོ་ཡིས།
དགུན་གྱི་འཚོ་ཚིས་ལྡང་བའི་སྣོད་ཀ་འཚེམ།།
གཞོན་ནུའི་མིག་འོད་ཕན་ཚུན་ལྟེང་ཀ་རྩོད།།
མཚན་མོའི་རུམ་དུ་སྐར་ཕྲན་མང་བོ་བཀྱེ།།
མི་དག་སླར་ཡང་ལག་པར་ཐེམ་ཚོད་ཀྱིས།།
སྡེ་གྲོང་སྐྱ་བོ་བལ་དཀར་བཞིན་དུ་བསེད།།
                                   ༢༠༡༥།༡༡།༢ཉིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *