རིག་འཛིན་དྲན་པ།
བྲག་གི་རི་བོ་གོས་སུ་བྱས་ཤིང་།། འདི་སྣང་འཇའ་ཡི་སྒོམ་ཐག་བཅིངས་ཏེ།། ཏིང་འཛིན་ཟས་ཀྱི་མངར་ཁ་ལྡག་པའི།། རིག་པ་འཛིན་པའི་སྡེ་རྣམས་དྲན་བྱུང་།།
བྲག་གི་རི་བོ་གོས་སུ་བྱས་ཤིང་།། འདི་སྣང་འཇའ་ཡི་སྒོམ་ཐག་བཅིངས་ཏེ།། ཏིང་འཛིན་ཟས་ཀྱི་མངར་ཁ་ལྡག་པའི།། རིག་པ་འཛིན་པའི་སྡེ་རྣམས་དྲན་བྱུང་།།
གཅིག་ཁྲི་ལོ་ཡི་ཕྲེང་བའི་ཡར་ཁུགས་ན།། འོད་ཟེར་དཀར་པོ་ཏི་སེའི་གཡས་སུ་ལྷུངས།། མ་པང་མཚོ་མོ་འཁྱིལ་བའི་འགྲམ་དུ་བབས།། ཁྲི་སྡེས་གཙུག་ཏུ་བཀུར་བའི་མི་དབང་གིས།། ཞབས་ཀྱི་སེན་མོ་སྤྱི་བོར་ཡང་ཡང་རེག།