ཁྲོ་བོའི་རྒྱུད་དྲུག་ནས་བསྟན་པའི་སེམས་དཔའ་བཞི་ཡི་སྐོར་ལ་དཔྱད་ཙམ་བྱས་པ།
[གནད་བསྡུས] དཔྱད་རྩོམ་འདིར་སྔགས་ནང་པའི་མཐོང་ལམ་སྒོམ་ལམ་མཐར་ལམ་གསུམ་གྱིས་བསྡུས་པའི་འབྲས་བུ་བཞི་སྟེ། རིག་འཛིན་ནམ་སེམས་དཔའ་བཞི་ཡི་སྐོར་ལ་རྩ་བ«ཁྲོ་བོའི་རྒྱུད་དྲུག»དང་། འབྲེལ་ཡོད་ཡིག་ཆ་གཞན་ནས་ཇི་ལྟར་བསྟན་པའི་སྐོར་རྣམས་སོ་སོར་བཀོད་དེ། དེ་དག་གི་བསྟན་དོན་ཁག་ལ་སྐབས་ཀྱི་དཔྱད་པ་གང་འཚམ་རེ་ཞུས་ཡོད།