དྲིན་ཆེན་བླ་མའི་མཆོད་པ་བརྒྱད་ཀ་ཡར་དར།།

      ། གནམ་སའི་བར་ནས་འོད་མདངས་གཡོས་ཏེ་རིགས་དྲུག་སྤྱི་ལ་སྦྱིན་པ་སྟེར།། ཐར་པའི་ས་བོན་དྲོད་གཤེར་འཕྲད་ནས་མངོན་སངས་རྒྱས་པའི་ཡལ་འདབ་རྫོགས།། ས་གསུམ་ཐོགས་མེད་ཆིབས་ཁ་བསྒྱུར་ཏེ་རྣམ་གཞིའི་གདུལ་བྱ་དྲོད་ཀྱིས་བསྲོས།། མ་རིག་བདུད་སྡེའི་གཡུལ་ངོ་བཟློགས་ནས་བདེ་ཆེན་ཁ་ལོ་སྟོབས་ཀྱིས་བསྒྱུར།།