༓ བརྡ་སྤྲོད་གཟི་མིག་དགུ་པ།

རྩོམ་ཡིག་འདི་ཐེངས། 38319 བཀླགས་འདུག

བརྡ་སྤྲོད་དེབ།

 བརྡ་སྤྲོད་གཟི་མིག་དགུ་པའི་ཤིས་སྨོན་དང་རེ་བསྐུལ།

 ཆོས་རྒྱལ་ནམ་མཁའི་ནོར་བུ།

 བོད་ཀྱི་ཤེས་རིག་གི་རྨང་གཞི་ཁྱད་ཅན་བོན་གྱི་གནའ་སྲོལ་སྐད་ཡིག་གི་འགྲོས་དང་བོད་ཀྱི་བརྡ་སྤྲོད་སྐོར་ལ་མཁས་ཡོན་དང་ལྡན་པ་སྐུ་ཞབས་ཁྲི་གཡུང་དྲུང་ལགས་ནས་ཞིབ་འཇུག་ནན་འབྲེལ་གྱི་སྒོ་ནས་ཤིན་ཏུ་དགོས་གལ་ཆེ་བའི་དཔེ་འདི་ལྟ་བུ་ཞིག་གསར་བསྐྲུན་ལེགས་གྲུབ་བྱུང་ཡོད་འདུག ཁོང་གིས་གསར་བསྐྲུན་གནང་བའི་དཔེ་འདི་ནི་བོད་ཀྱི་ཤེས་རིགས་དར་རྒྱས་གོངའཕེལ་ལ་ཕན་ནུས་ཤིན་ཏུ་ཆེ་བ་ཞིག་ཡིན་ངེས་པ་ཡིན་སྟབས། ཁོ་བོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་དང་།

ཁོང་གི་ལེགས་མཛད་འདི་ཉིད་ཆེས་རྙིང་ཞིང་རིན་ཐང་ཚད་ལས་འདས་པ་བོད་ཀྱི་ཤེས་རིགས་ཡོངས་སུ་རྫོགས་པའི་རྨང་གཞི་བརྡ་སྤྲོད་ཀྱི་ཤེས་ཡོན་ཕྱོགས་དུས་གནས་སྐབས་ཀུན་ཏུ་མི་ཉམས་འཕེལ་རྒྱས་ཀྱི་ཆ་རྐྱེན་ཡང་དག་པ་ཞིག་ཏུ་འགྱུར་ངེས་པའི་ཤིས་སྨོན་དང་རེ་བསྐུལ་ཡང་ནན་ཏན་དུ་ཞུ་རྒྱུ་ཡིན།

བཀྲ་ཤིས་བདེ་ལེགས་བཅས།

ཆོས་རྒྱལ་ནམ་མཁའི་ནོར་བུས་སྤྱི་ལོ༢༠༡༥ལོའི་ཟླ༣པར་ཕུལ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *