༓ ཕྱི་གླིང་བོན་མཐུན་འབྲེལ་ལྷན་ཚོགས་ཀྱི་འཚོགས་འདུ་ཐེངས་གསུམ་པ།
རྩོམ་ཡིག་འདི་ཐེངས། 1132 བཀླགས་འདུག
ཕྱི་གླིང་བོན་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པ་འདི་ལོའི་ཟླ་བ་ ༡༡ པའི་ནང་མེཀ་སི་ཀོ་ Mexico རུ་འཚོགས་གཏན་འཁེལ་ཡོད་ན་ཡང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་མཛད་བྲེལ་རྒྱ་ཆེའི་དབང་གིས་འཚོགས་འདུར་སྐུ་དངོས་སུ་ཕེབས་རྒྱུའི་དུས་ཁོམ་འབྱུང་མིན་ལ་བརྟེན་འཚོགས་ཐེངས་གསུམ་པ་ཕྱི་ཟླ་ ༡༡ ཚེས་ ༡༩།༢༠ ཉིན་གཉིས་རིང་དྲ་ལམ་བརྒྱུད་ནས་འཚོགས་རྒྱུ་གཏན་འཁེལ་བྱས་ཡོད་འདུག འཚོགས་ཞུགས་མི་སྣ་ནི་ནུབ་ཕྱོགས་ཁུལ་གྱིས་མཚོན་ཕྱིའི་རྒྱལ་ཁབ་ཁག་ཏུ་གཡུང་དྲུང་བོན་གྱི་བསྟན་པ་དང་འགྲོ་བའི་ཆེད་ཕྱག་ལས་གནང་བཞིན་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་སོགས་མི་གྲངས་ལྔ་བཅུ་མ་ཟིན་ཙམ་འཛོམ་རྒྱུ་ཡིན་པ་དང་། བརྗོད་གཞི་གཙོ་བོ་བསྟན་འགྲོའི་དོན་སྤྱི་དང་ལྷག་པར་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་ནུས་པ་སྔར་ལས་ཀྱང་དར་སྤེལ་ཇི་ལྟར་གཏོང་ཐབས་སྐོར་དང་། ཚོགས་འདུ་ཐེངས་གཉིས་པའི་སྐབས་ཀྱི་གྲོས་ཆོད་ཁག་ལ་བསྐྱར་ཞིབ།
དེ་བཞིན་ཚོགས་པ་དེ་ཨ་རིའི་གཞུང་ལ་དེབ་སྐྱེལ་བྱེད་བཞིན་པའི་རྒྱུད་རིམ་དང་ད་ལྟའི་སྐབས་བབ་ཀྱི་གནས་སྟངས། དམིགས་བསལ་དུ་ཕྱི་གླིང་བོན་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་གང་ལ་གང་ཐུབ་ཀྱིས་འབྲེལ་ཡོད་རྣམས་ལ་དུས་ཀུན་མཐུན་འགྱུར་རམ་རྒྱབ་བརྟེན་སྡོང་གྲོགས་ཇི་ལྟར་བྱ་རྒྱུ་སོགས་ཡིན་འདུག འཚོགས་འདུ་ཐེངས་དང་པོ་ ༢༠༡༣ ལོར་ལིག་མིན་རྐྱའི་བོན་ཚོགས་སུ་འཚོགས་པ་དང་། འཚོགས་ཐེངས་གཉིས་པ་ ༢༠༡༤ ལོར་རྒྱལ་གཤེན་བོན་ཚོགས་སུ་འཚོགས་པ་རེད།
བསམ་ཚུལ་ཕྲིས།