སྨྲ་དབང་ཡོངས་འཛིན་མཆོག་སྲིད་པའི་ཏོག་ཡིན། ༼གཞས།༽

རྩོམ་ཡིག་འདི་ཐེངས། 178313 བཀླགས་འདུག

2008-Lopon_Tenzin_Namdak_600_350

སྨྲ་དབང་ཡོངས་འཛིན་མཆོག་སྲིད་པའི་ཏོག་ཡིན།

ཚིག རྔ་རང་རིག

དབྱངས། ཨ་མདོའི་ཕོ་ཉ།

ལེན་མཁན། ཨ་མདོའི་ཕོ་ཉ།

སྐྱིད་པའི་གཞིས་ཁྱིམ་ཞིག་རྒྱབ་ལ་བསྐྱུར་ནས།།

དོག་མོའི་འཕྲང་རིང་ཞིག་འཕྲེད་ཀྱིས་བཅད་དེ།།

རེ་བ་གསོན་པོ་ཞིག་རུམ་ལ་ཉར་ནས།།

རྒྱུས་མེད་མྱི་ཡུལ་ན་ཁྱིམ་གཞིས་བསྐྲུན་སོང་།།

རིན་པོ་ཆེ་་་་་བཀའ་དྲིན་ཆེ་་་་་་་་་་

མི་ཡུལ་ས་མཐའ་དེ་ས་མཐའ་རུ་ངེས་ཀྱང་།།

ལྟོ་གོས་གཏམ་གསུམ་གྱི་འཚོ་བ་སྤངས་ཏེ།།

ཟས་སྐྱ་གོས་ཧྲུལ་གྱི་འཚོ་བའི་ཀློང་ནས།།

ཉམ་ཐག་སློབ་བུའི་ཚོགས་དྲོད་ཀྱིས་བསྐྱངས་སོང་།།

རིན་པོ་ཆེ་་་་་ཐུགས་རྗེ་ཆེ་་་་་་་་་

ཐོབ་དང་གོ་ས་ལ་ཐུགས་འདོད་མེད་ཀྱང་།།

བྱམས་བརྩེའི་གཟི་འོད་ཀྱིས་ས་གཞི་ཁྱབ་ཏེ།།

སློབ་ཚོགས་སྟོང་ཕྲག་གི་གཙུག་གི་ནོར་བུ།།

སྨྲ་དབང་ཡོངས་འཛིན་མཆོག་སྲིད་པའི་ཏོག་ཡིན།།

རིན་པོ་ཆེ་་་་བརྟན་བཞུགས་གསོལ་་་་་་

སྔོན་གྱི་མེས་པོ་ཚོའི་རྔུལ་ཆུས་གྲུབ་ཅིང་།།

རིགས་ཞེན་རྒྱལ་བློན་ཚོའི་སྲོག་གིས་སྲུང་བའི།།

གངས་ཅན་གདོང་དམར་བའི་ཕ་ཆོས་དག་མ།།

ཡངས་པའི་ཁྱོན་ཀུན་ཏུ་སྤེལ་བར་རྨད་དོ།།

རིན་པོ་ཆེ་་་་་་བརྟན་བཞུགས་གསོལ་་་་་་

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *