སྐུ་ཚེ་བསྐལ་བརྒྱའི་མཆོད་སྤྲིན་གྱི་གསལ་བརྡ།

རྩོམ་ཡིག་འདི་ཐེངས། 200227 བཀླགས་འདུག

 

2008-Lopon_Tenzin_Namdak_600_350

སྐུ་ཚེ་བསྐལ་བརྒྱའི་མཆོད་སྤྲིན།

༼གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨྲ་བའི་སེང་གེ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་དགུང་ལོ་གོ་ལྔའི་དགྱེས་སྟོན་དུ།༽

        མཁྱེན་མངའ་བཞིན་ལོ་ཤས་གོང་ནས་རྒྱལ་གཤེན་བོན་སྒྲའི་རྩོམ་སྒྲིག་པ་རྣམ་པས་ནུས་པ་གཅིག་ཏུ་སྤུངས་ནས་བསྟན་པ་ཞིག་དང་མི་རིགས་ཤིག་གི་ཆེད་དུ་འབད་པ་ལྷུར་ལེན་གྱིས། བོན་གྱི་དྲ་མཛོད་ཆེན་མོ་༼རྒྱལ་གཤེན་བོན་སྒྲ་༽རུ་བོན་སྤྱི་དང་འབྲེལ་བའི་གནས་ཚུལ་གལ་ཆེན་ཁག་དང་། རྩོམ་པ་པོ་ཚད་ལྡན་གྱིས་བྲིས་པའི་ཞང་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དཔྱད་རྩོམ་སྣ་ཚོགས། དེ་བཞིན་གལ་ཆེའི་མི་སྣ་ཁག་དང་གནའ་བོའི་དགོན་སྡེ་དང་རི་གྲོང་སོགས་ངོ་སྤྲོད། བརྗོད་བྱ་དང་རྩོམ་ལུས་སྣ་ཚོགས་ཀྱིས་གྲུབ་པའི་སྙན་རྩོམ་རིགས་དང་སྒྱུར་རྩོམ་སོགས་དུས་དང་དུས་སུ་ཤར་ནུབ་ཀྱི་གཟིགས་མོ་བ་མང་པོའི་སྤྱན་ལམ་དུ་ཕུལ་དང་འབུལ་བཞིན་ཡོད། དེ་བཞིན་བོན་སྤྱིའི་ཆེད་དུ་མཛད་འཕྲིན་བླ་མེད་བསྐྱངས་དང་སྐྱོང་བཞིན་པའི་སྐྱེས་ཆེན་དག་ལ་བཀའ་དྲིན་མཚོན་པའི་ལེ་ཚན་དམིགས་བསལ་བ་རེ་ཟུར་དུ་བཀོད་སྒྲིག་བྱེད་བཞིན་པ་ལགས་ན། ད་རེས་ཀྱང་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་སྐུ་ཚེ་གང་བོར་བསྟན་འགྲོའི་མཛད་འཕྲིན་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་པར་བཀའ་དྲིན་བླ་མེད་ལེགས་མཚོན་དང་། འདི་ལོར་༧སྐྱབས་རྗེ་རིན་པོ་ཆེ་མཆོག་དགུང་ལོ་གོ་ལྔར་ཕེབས་པར་བརྟན་བཞུགས་ཀྱི་མཆོད་པར་༼སྐུ་ཚེ་བསྐལ་བརྒྱའི་མཆོད་སྤྲིན་༽ཞེས་པའི་ཁ་བྱང་གཅིག་པའི་སྙན་ངག་གི་མཆོད་པ་འབུལ་སའི་སྟེགས་བུ་ཆུང་ཆུང་ཞིག་བཀོད་སྒྲིག་བྱེད་བཞིན་པ་ལགས་ན། ཤར་ནུབ་ཀྱི་ཡུལ་གྲུ་གང་སར་བཞུགས་པའི་རིས་སུ་མ་མཆིས་པའི་སྨྱུག་ཐོགས་པ་རྣམས་ཀྱིས་ཚིགས་བཅད་དང་ཚིག་ལྷུག་གང་རུང་གི་ལམ་ནས་རྩོམ་ཡིག་རིང་ཐུང་རན་ཙམ་རེ་འབྲི་གནང་རོགས་ཞེས་འབོད་བསྐུལ་ཞུ་བའོ།། རྩོམ་ཡིག་རྣམས་ངེད་རྩོམ་སྒྲིག་པ་ཁག་གི་ལག་ཏུ་འབྱོར་རིམ་བཞིན་རྩོམ་པ་པོའི་མཚན་གཞུང་རིམ་གྱིས་འགོད་རྒྱུ་ཡིན།།—

གཤམ་གྱི་གཤེར་རིས་བརྒྱུད་ནས་རྩོམ་ཡིག་བསྐུར་རོགས་ཞུ་ཞུ།

གདོང་བཙུན་རྒྱ་ཐར།

རྔ་རང་རིག

Screen Shot 2018-08-22 at 10.36.20 PM

ཟུར་ཞུ། ཕྱི་ཟླ་ ༡ ཚེས་ ༢༣ ཉིན་རྩོམ་ཡིག་བསྡུ་མཚམས་འཇོག་རྒྱུ་ཡིན།

༼རྒྱལ་གཤེན་བོན་སྒྲ་༽རྩོམ་སྒྲིག་ཚོགས་པས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *