ཆོས་རྒྱལ་ནམ་མཁའི་ནོར་བུ་མཆོག་ལ་མྱ་ངན་ཞུ་བ།

རྩོམ་ཡིག་འདི་ཐེངས། 111350 བཀླགས་འདུག

IMG_8313

དུས་རབས་གསར་རྙིང་བསྣོལ་མཚམས་དེ་རུ་རྒྱལ་ཁམས་ཉུལ་བའི་སྐྱེས་མཆོག་ཅིག །

ཆུང་ནས་ཐོས་བསམ་གཞུང་ལ་འབུངས་པས་ཨ་འཛོམས་པ་ཡི་སྐྱེས་མིང་འཛིན།།

གྲུབ་མཐའི་རྒྱ་དང་ཕྱོགས་སུ་མ་ལྷུང་ཡང་ཟབ་ཨ་ཏིའི་ཐབས་ལམ་བཙལ།།

གོ་ལ་འདི་ཡི་ཤར་ནུབ་ཀུན་ལ་ཐུ་བྷོཊ་རིག་པའི་ཕྲ་རྒྱན་བཀོད།།

གཞུང་ལུགས་སྨྲ་བའི་མཁས་མང་ཁྲོད་དེར་གཙུག་ན་ཟླ་བ་ཁྱེད་ཉིད་དང་།།

སྲིད་པ་འདི་ཡི་གྲོལ་ཕུགས་འཚོལ་ལ་སྐྱེས་བུ་ཁྱེད་ནི་ཉིན་བྱེད་ཅེས།།

ཕྱི་ནང་དཔྱོད་ལྡན་ཁྲི་མ་འབུམ་གྱིས་མ་གྲོས་མགྲིན་དབྱངས་གཅིག་ཏུ་འཐེན།།

བོད་པའི་བུ་ལ་ཁྱེད་འདྲ་དགོས་ཞེས་གཞིས་བྱེས་བོད་མིས་གཟེངས་སུ་བསྟོད།།

ནུབ་ཕྱོགས་རིག་པའི་གླིང་ག་དེ་ནས་ཕ་མེས་འཚོ་བའི་ཁྱད་ཆོས་བྲིས།།

ལོ་རྒྱུས་འཚོལ་བའི་ཤུལ་ལམ་རིང་མོར་ཏི་སེའི་འོད་སོགས་སྐྱེས་སུ་སྟེར།།

དཀར་ནག་མི་སེར་སློབ་འབངས་འབུམ་ཕྲག་ཤེས་ཡོན་སྟོབས་ཀྱིས་ངང་གིས་རྫོགས།།

ཡུལ་དང་རྒྱལ་ཁབ་བཞི་བཅུ་ལྷག་ལ་འཕྲིན་ལས་སྣང་བའི་དྲོད་ཁོལ་བསྩལ།།

སྒོམ་དང་ཉམས་ལེན་ཆུ་རྒྱུན་འབབ་བཞིན་ལྷུན་གྲུབ་ཐོད་རྒལ་རིམ་གྱིས་བསྐྱལ།།

ཐབས་ཤེས་ཟུང་འཇུག་དབུ་མའི་སྣང་བ་བདེ་ཆེན་ཟད་སར་ཕྱིན་པ་མཛད།།

མི་ཚེ་རིག་པའི་འཚོལ་ལམ་ཁྲོད་སྐྱེལ་ཁམས་པའི་ཕོ་རྒོད་རིགས་ཞེན་ཅན།།

དེ་རིང་སྐུ་ཉིད་འདས་ཚུལ་ཐོས་ཕྲལ་གདུང་བའི་སྨྲེ་སྔགས་བཅས་ཏེ་ཐལ།།

       །

         ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༨ ཉིན་ངེས་དོན་མཁས་པའི་དབང་བོ་ཆོས་རྒྱལ་ནམ་མཁའི་ནོར་བུ་མཆོག་ལ་མྱ་ངན་ཞུ་བའི་གདུང་འབོད་ཅིག་གི་དོད་དུ་གནའ་མཁར་ཟི་ལིང་གྲོང་ནས་གུས་པས་ཕུལ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *