རྗེ་བླ་མ་ཁྱེད་ལྷག་ཏུ་དྲན་གི

རྩོམ་ཡིག་འདི་ཐེངས། 415 བཀླགས་འདུག

03AC8AA3FB-536E-49A7-BBDC-D615005AFC61-8885-0000087791A70C05_tmp
             ཀ༵་ལི་ཨ་ལི་ནས་ཨ༵་རྫོགས་མན་ཆོད། 
ཁ༵་ཙམ་མ་ཡིན་པར་ཧ༵་གོ་དོན་གསལ། །
ག༵་དར་ཡང་ཡང་གྱིས་ས༵་ཆོད་འོང་ཞེས། །
འདོམ་མཁན་བླ་མ་ཁྱེད་ལྷག་ཏུ་དྲན་གི །

ང༵་ཅག་བོན་འབངས་ཚོ་ཤ༵་ཉེ་འདྲ་བའི། །
ཆ༵་ཡོད་རྒྱུས་ཡོད་ཀྱི་ལ༵་ཞེན་དཀར་པོས། །
ཇ༵་ཁ་ཆང་ཁ་ཙམ་ར༵་རོགས་དགོས་ཚུལ། 
གསུངས་མཁན་བླ་མ་ཁྱེད་ལྷག་ཏུ་དྲན་གི །
 །
ཉ༵་མོ་ཆུ་བོ་དང་ཡ༵་བྲལ་སོང་བཞིན། །
ཏ༵་ཐ་ག་ཏ་ཡི་འ༵་ཅག་བསྟན་པ། །
ཐ༵་སྙད་ཚིག་སྤྱི་ཙམ་ཟ༵་ཁའི་གྲི་བརྡར། །
ཁོ་ནར་མ་བྱེད་ཅེས་གསུངས་པ་དྲན་གི །
 
ད༵་ལྟ་སྐྱོན་མེད་སྐབས་ཞ༵་བོ་མིན་ཡང་། །
ན༵་ཚ་གློ་བུར་དུ་ཝ༵་ལེར་ཡོང་ཏེ། 
པ༵་སངས་ར་ཧུ་ཡིས་ཛ༵་དྲག་འཛིན་བཞིན། །
འོངས་ཁར་འཕྲོད་བསྟེན་གྱིས་གསུང་མཁན་དྲན་གི །
 །
ཕ༵་མེད་བུ་ཕྲུག་ཚོ་ཚ༵་བའི་ཡུལ་ལ། །
བ༵་གླང་གསོ་གསོ་འདྲའི་ཙ༵་མོ་མེད་ཀྱང་། །
མ༵་གཞིའི་ཤེས་རིག་ཀྱང་མ༵་ལུས་ཤེས་ཆེད། །
ལུས་སྲོག་བློས་གཏོང་གི་བླ་མ་དྲན་གི །
 །
རྒྱལ་བ་སྨན་རི་བའི་རྒྱལ་ཚབ་ངོ་མ། །
ཁར་སང་དེ་རིང་ཞག་གསེར་ཞལ་མཇལ་ཚེ། །
ཞིང་ཁམས་དམ་པ་ཡི་མཚན་དཔེ་ངོ་མ། །
ཡང་ཡང་ཡང་ཡང་དུ་ཡིད་ལ་དྲན་གི །
 །
རྒྱལ་བ་མཉམ་མེད་པའི་གསེར་ཁྲི་འཛིན་མཁན། །
ལུང་རྟོགས་ཉི་མ་མཆོག་དབྱིངས་ན་བཞུགས་ཀྱང་། །
ལུང་རྟོགས་ཟླ་བ་ཡི་འོད་མདངས་དཀར་པོས། །
བོན་འབངས་སྡུག་བསྔལ་གྱི་མུན་པ་བསལ་ངེས། །
 །
མཆོག་གསུམ་བོན་སྐྱོང་གི་བྱིན་བརླབས་མཐུ་དང་། །
བོན་འབངས་མཐུན་འབྲེལ་གྱི་དར་ཐག་རིང་མོས། །
ཟླ་བའི་འོད་མདངས་ནི་ལྷག་ཏུ་འབར་ཤོག །
བོན་འབངས་སྤྲོ་དགའ་ཡི་མེ་ཏོག་བཞད་ཤོག །
 །2018 ་3 ་27 ཕྱི་དྲོར་བྲིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *