བཟོད་གསོལ་ཡི་གེ།

རྩོམ་ཡིག་འདི་ཐེངས། 692 བཀླགས་འདུག

ཁྱོད་ལ་ནོར་བ་ཅི་ཡང་མེད་དེ།
ང་རང་རྨང་ནས་འཆུག་སོང་ཡང་།
ངས་ཁྱོད་ལ་བཟོད་གསོལ་ཞུ་མི་འདོད།
ཁྱོད་ཀྱི་སེམས་པ་ཁེངས་སྣང་གིས་གང་ནས།
ཁ་ཕྱིར་འཁོར་ཏེ་བུད་སོང་།
ངས་ཁྱོད་ཀྱི་རྒྱབ་གཟུགས་ལ་བལྟ་བཞིན།
བརྟན་ཚུགས་འཛིན་ཁུལ་བྱས།

ཆར་བ་བར་མེད་དུ་བབས།
ཤུགས་དྲག་ཏུ་བབས།
ནང་སྔ་མོའི་ནམ་མཁའ་འདྲ་བའི་སེམས་པ།
གར་སོང་རྗེས་མེད་རེད།
ངའི་དགའ་སྣང་།  ཁྱོད་ཀྱི་བདེ་སྐྱིད།
དེ་དག་ཡོད་ཚད་སྤྲིན་ནག་མཐུག་པོ་དེས་ཡོངས་སུ་གཡོགས།

ཁྱོད་རང་སོང་རྗེས།
ངའི་རང་ལུས་རང་དབང་ན་མི་འདུག
མིག་ཆུ་གྲངས་མེད་ཅིག ག་ལེར་ས་ལ་འཁྱིལ་རྗེས།
མིག་སྔུན་གྱི་ཡོད་ཚད་ཁ་དོག་གཅིག་མཚུངས་སུ་གྱུར།

དོན་མེད་རྩོད་སློང་གི་རིན་ཞིག་བཏབ་ནས།
དྲོད་འཇམ་གྱི་འཐམ་འཁྱུད་ཅིག་ཁོ་ནར་རེ།
ཤེས་རྟོག་ནི་སྒེར་སེམས་ཀྱི་ཆགས་པ་ཤིག་རེད་དེ།
ཐེ་ཚོམ་མེད་པ་ནི་རྣམ་དག་གི་བརྩེ་དུང་ཞིག་ཡོད་པའི་མཚོན་རྟགས་རེད།

དྭངས་གཙང་གི་བརྩེ་དུང་ཞིག་ལ།
གསལ་བཤད་མང་པོ་ཞིག་དགོས་དོན་མི་འདུག
ང་འཆུག་སོང་། ཁྱོད་ལ་མ་ཉེས་ཁ་གཡོགས་ཐེབས་སུ་བཅུག
འགྲེལ་བཤད་མང་པོ་ཞིག་ཀྱང་མི་དགོས།
ཁྱོད་ཕྱིར་ལ་ཕེབས་དང་།
ཡོད་ཚད་ནམ་མཁའ་གཡའ་དག་པ་བཞིན་ཡིན།

ང་ཡི་ནམ་མཁར།
མི་ཞིག་དགོས་གལ་ཆེ།
དེ་ནི་གྲོགས་གཞན་ཞིག་སྟེ།
ནམ་རྒྱུན་གྱི་ཕྱེ་མ་ལེབ་ཁྲ་བོ་དེ་ཡིན།

ང་ཡི་ཕྱེ་ལེབ། ཕྱིར་ལ་ཕེབས་རོགས།
བརྩེ་བ་ནི་མུ་མཐའ་མེད་པ་ཞིག་ཡིན།

 道歉词
                                     智琼
即使你没有错,
是我千错万错,
我也不向你道歉。
你带着满腔的不服转身离去,
望着你的背影,我假装坚强。
雨一直下,下得够狠,
早晨的晴天心境,无影无踪。
我的快乐,你的幸福,
都被那黑沉沉的乌云压住了。
你走后,我身不由己啊!
无数个泪珠,滚落而下,
眼前变为同一个颜色。
付出一个无理取闹的代价,
只想一个温暖的拥抱。
知晓是一个自私鬼的欲望,
但,无疑是一片真情的流露。
一片真正的情意,不用太多的述说,
我错了,你受委屈了,
也不用太多的解释。
你回来了,一切会是一片晴空。
我的天空中,
只缺一个主角,
就是,那个另一伴,
曾经的花蝴蝶。
回来吧,我的蝴蝶,
爱,是无止尽的。

གྲུ་ཆུང་གིས་བརྩམས། གཡུ་ལོས་བསྒྱུར།

༢༠༡༥།༧།༢

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *