༧ སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་བལ་ཡུལ་དུ་ཕེབས་པའི་གནས་ཚུལ་ཞིབ་ཕྲ།

རྩོམ་ཡིག་འདི་ཐེངས། 2093 བཀླགས་འདུག

/

AC8AA3FB-536E-49A7-BBDC-D615005AFC61-8885-0000087791A70C05_tmp

།་་་་་་་་་་་་་་༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་སྨན་རིའི་སློབ་དཔོན་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་སྟོན་འཁོར་ལྷན་རྒྱས་གདན་ས་ཁྲི་བརྟན་ནོར་རྩེ་རུ་ཞབས་སོར་བདེ་བར་འཁོད་པའི་གནས་ཚུལ་དང་འདི་ཕྱོགས་ཀྱི་མཛད་འཕྲིན་སོགས་ཀྱི་གནས་ཚུལ་མདོར་བསྡུས།

་་་་་་་་་་་་་དེ་ཡང་སྤྱི་ཟླ་ ༣ ཚེས་ ༡༩ ཉིན་༧དཔལ་ལྡན་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་བ་མཆོག་དང་སྨན་རིའི་སློབ་དཔོན་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་སྟོན་འཁོར་ལྷན་རྒྱས་གདན་ས་སྨན་རིའི་གླིང་ནས་ཞབས་བཅག་ཏེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཕེབས་གནང་མཛད་པ་དང་། དེ་བཞིན་གདན་ས་ཁྲི་བརྟན་ནོར་བུ་རྩེའི་བླ་གྲྭ་རྣམས་པས་མགོན་པོ་གང་ཉིད་ཀྱི་གསེར་ཞལ་མྱུར་མཇལ་གྱི་སྐལ་བཟང་བསྒུག་པའི་རེ་འབྲས་སྨིན་ལ་ཉེ་བའི་ཉིན་མོར་གདན་ས་འདིའི་བཤད་སྒྲུབ་སློབ་གཉེར་བ་རྣམས་པས་དགོན་པའི་ཁོར་ཡུག་གཙང་བཟོ་དང་། ལྷ་ཁང་དང་གསས་ཁང་སོགས་ལ་མཆོད་བཤམ་གྱི་གྲ་སྒྲིག་ལེགས་པར་བྱས་ཏེ་ཕེབས་བསུ་ཞུ་བའི་སྟ་གོན་ཞུས། འདི་ཟླའི་ཚེས་ ༢༡ ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་སྟོན་འཁོར་ལྷན་རྒྱས་རྒྱ་གར་ནས་མཁའ་ལམ་བརྒྱུད་དེ་བལ་ཡུལ་གྱི་ཆུ་ཚོད་ ༢ ཡས་མས་ཙམ་ལ་བལ་ཡུལ་གྱི་གནམ་ཐང་དུ་འབྱོར་བ་དང་། བལ་ཡུལ་གྱི་གནམ་ཐང་དུ་༧ གདན་ས་འདིའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དང་། བཙའ་སྐྱོང་ལྷན་ཚོགས་ཀྱི་ལས་མི་རྣམས་པ། དེ་བཞིན་གནད་ཡོད་མི་སྣ་མང་པོས་ཕེབས་བསུ་ཞུས།

IMG_0032 IMG_0036IMG_0073

་་་་་་་་་་་་་་་་དེ་ནས་བོན་གྱི་གདན་ས་ཆེན་པོ་ཁྲི་བརྟན་ནོར་བུ་རྩེའི་མཁན་དཔོན་སློབ་རྣམས་དང་བླ་གྲྭ་དགེ་བའི་བཤེས་རྣམས་པ། དེ་བཞིན་བན་བོན་རིས་མེད་ཀྱི་དད་ལྡན་ས་གནས་སེར་སྐྱ་མང་ཚོགས་རྣམས་པས་ལ་ལ་ཡིས་ནི་དར་ཕྱར། ལ་ལ་ཡིས་ནི་དུང་འབུད། ལ་ལ་ཡིས་ནི་གདུགས་སྐོར། ལ་ལ་ཡིས་རྒྱལ་མཚན་ཕྱར་དེ་དངོས་འབྱོར་གྱི་མཆོད་རྫས་རིམ་པ་ཅི་སྙེད་མཐའ་ཡས་པ་བསྣམས་ཏེ་སྔོན་དུས་ཀྱི་ལུགས་སྲོལ་མ་ཉམས་པར་བྱས་ཏེ་ཕེབས་བསུ་ཟབ་རྒྱས་ཞུས། དེ་ནས་༧སྐུའི་ཞབས་ཀྱི་པད་མོ་གདན་ས་ཁྲི་བརྟན་ནོར་རྩེའི་གཙུག་ལག་ཁང་གི་མདུན་ཐང་དུ་བཀོད་དེ་གྲྭ་མང་འདུས་པ་རྒྱ་མཚོས་གཤེན་རབ་མཆོད་ལྔ་བརྡུང་ནས་ཚོགས་ཆེན་འདུ་ཁང་ཆེན་མོར་གདན་དྲངས་ཤིང་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར་བཞུགས་གསོལ་མཛད། དེ་ནས་མཚན་ལྡན་བླ་མ་མཆོད་ཐབས་ཀྱི་སྒོ་ནས་༧མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་མནྜལ་འདེགས་འབུལ་ཞུས་ཤིང་དད་ལྡན་སེར་སྐྱ་མང་ཚོགས་རྣམས་པས་ལུས་ངག་ཡིད་གསུམ་གུས་འདུད་ཀྱི་སྒོ་ནས་མཇལ་ཁ་རིམ་གྱིས་ཞུས། དེ་ནས་སྤུས་མེ་དང་རྒྱ་གླིང་གིས་སྣ་དྲངས་ཏེ་བླ་བྲང་རྣམ་པར་རྒྱལ་བའི་ཁང་བཟང་དུ་གདན་འདྲེན་ཞུས།

2CB09338-DFE3-442E-BFC5-57143CB6001D-8885-0000087B22263033_tmp

་་་་་་་་་་་་་་སྤྱི་ཟླ་གསུམ་པའི་ཚེས་ ༢༢ ཉིན་གྱི་ཞོགས་པར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་བ་མཆོག་ཡོངས་འཛིན་སྨྲ་བའི་སེང་གེར་དངོས་སུ་མཇལ་ཁ་ཞུས་པ་དང་མ་འོངས་བསྟན་པ་འཛིན་ཕྱོགས་སོགས་ཀྱི་སྐོར་ནས་བཀའ་སློབ་ཟབ་རྒྱས་གནང་། ཆུ་ཚོད་༡༠ཐོག་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨྲ་བའི་སེང་གེ་མཆོག་གདན་ས་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་ནས་སྤུས་མེ་རྒྱ་གླིང་གིས་སྣ་དྲངས་ཏེ་གཙུག་ལག་ཁང་གི་ཡང་ཐོག་གསས་མཁར་མཆོག་ལྔའི་ལྷ་ཁང་དུ་གདན་དྲངས་ཤིང་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲི་མཐོན་པོར་བཞུགས་གསོལ་གྲུབ་མཚམས། སྨན་རིའི་སློབ་དཔོན་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་མནྜལ་བཤད་པ་ཕུལ་ཞིང་མཚན་ལྡན་བླ་མ་མཆོད་ཐབས་ཀྱི་སྒོ་ནས་མནྜལ་འདེགས་འབུལ་ཞུས། དེ་བཞིན་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཚེ་དབང་དངོས་གྲུབ་དང་། སྨན་རིའི་གྲྭ་ཚང་གི་གཉེར་བ་ཨ་ཀྲོང་རིན་ཆེན་རྒྱལ་མཚན། སྨན་རི་ཚང་གི་དངུལ་གཉེར་ཤེས་རབ་དཔལ་ལྡན། བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ཡོན་ཏན་རྒྱལ་མཚན་སོགས་འབྲེལ་ཡོད་གདན་ས་སྨན་རིའི་གླིང་གི་ལས་སྣེ་རྣམས་པས་དངོས་འབྱོར་བརྟན་བཞུགས་ཀྱི་མཆོད་རྫས་རྣམས་རིམ་གྱིས་ཕུལ་བ་དང་། ཚང་མས་མགྲིན་དབྱངས་གཅིག་གིས་༼ཨེ་མ་འབྱུང་ལྔའི་དང་རིན་པོ་ཆེའི་གསོལ་འདེབས་༽སོགས་དབྱངས་སུ་གྱེར་ནས་མགོན་པོ་གང་ཉིད་མཁའ་མཉམ་གདུལ་བྱའི་མགོན་དུ་བསྐལ་བ་བརྒྱ་ཡི་བར་དུ་བཞུགས་ཕྱིར་གདུང་ཤུགས་དྲག་པོས་གསོལ་བ་རྩེ་གཅིག་ཏུ་བཏབས་པ་དང་། དེ་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་བཀའ་སློབ་ཕེབས་དོན། “འོ་ལགས་སོ། ད་ཐོག་མར་མཁན་རིན་པོ་ཆེ་དང་སློབ་དཔོན་རིན་པོ་ཆེ་དང་ལས་བྱེད་ཚང་མ་ས་འདི་ན་ཕེབས་པར་བཀའ་དྲིན་ཆེ། དཔེ་དགའ་བོ་བྱུང་། དེ་ནས་ད་ང་རང་ལ་ལྟོས་ན་བརྟན་པོ་བཞུགས་དང་མི་བཞུགས་དབང་ཆ་ཡོད་མཁན་ཞིག་མ་རེད་དེ་ཚང་མ་ཡིས་ཁྱི་ལ་སེང་གཟུགས་ཀྱི་ཚུལ་དུ་ཚང་མ་ཡིས་གསོལ་བ་སྨོན་ལམ་རེད། ད་དུང་ལོ་ཁ་ཤས་ལ་བསྡོད་རྒྱའི་གསོལ་བ་སྨོན་ལམ་ཡིན་རྒྱུ་རེད་ད་སེ་ཚང་མ་ལ་ཐུགས་རྗེ་ཆེ། བཀའ་དྲིན་ཆེ།མ་འོངས་པ་ཡིན་ན་ཡང་ཚང་མ་ཡིས་མཐུན་སྒྲིལ་གཅིག་སྒྲིལ་དང་ཚང་མ་ཡིས་ཕན་ཚུན་ཕྱར་བ་གྲུ་འདེགས་བྱེད་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་རྒྱལ་བ་མཉམ་མེད་པའི་བསྟན་པ་འདི་ལ་ད་ཚང་མ་སྐྱ་སེར་ལྷན་རྒྱས་འདི་ན་འཁོད་པ་ཚང་མ་གཞིས་བྱེས་ཚང་མ་ལ་རེ་བ་རྒྱག་རྒྱུ་དེ་རེད། དེ་ག་རེ་རེད་ཟེར་ན་རང་རང་གི་དོན་དག་མ་རེད། ད་སེ་ཚེ་འདི་དང་ཕྱི་མ་དང་། སེམས་ཅན་ཡོད་དོ་ཅོག་ཐམས་ཅད་ཚང་མ་སྐྱེ་འཆི་ལ་རག་མི་ལས་པ་སུ་གཅིག་ཡོད་མ་རེད། དེའི་དུས་སུ་དགོས་རྒྱུ་དེ་ཚང་མ་ལ་སངས་རྒྱས་ཀྱི་བསྟན་པ་མ་གཏོགས་ཕན་ཐོག་བྱེད་མེད་པ་དེ་ཐག་ཆོད་ཚར་རེད། དེ་འདྲ་ཡིན་དུས་ཚང་མ་ཡིས་གཅིག་སྒྲིལ་བྱས་ནས་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་དུ་མཉམ་མེད་ཆེན་པོའི་བསྟན་པ་འདི་ནི་གཞན་དང་མི་འདྲ་ལེ་འཇིག་རྟེན་འདི་ན་དགོས་པ་དགོས་ཡོད་ཅིག་ཡིན་དུས་ཚང་མ་ཡིས་ཕྱར་བ་གྲུ་འདེགས་ལ་བརྟེན་གྱིས་ཚང་མ་ཡིས་ཐུགས་བསྐྱེད་བཟང་པོ་གནང་བ་དེ་ལ་བཀའ་དྲིན་ཆེ། ད་ངས་དེ་ཞུ་རྒྱུ་ཡིན།” གསུངས་པ་དང་། དེ་བཞིན་གདན་ས་ཁྲི་བརྟན་ནོར་བུ་རྩེའི་གྲྭ་མང་འདུས་པ་རྒྱ་མཚོ་བཤད་གྲྭའི་གཙུག་ལག་ཁང་དུ་འཚོགས་ནས་མགོན་པོ་གང་ཉིད་ཀྱི་སྐུ་ཕྱྭའི་ཞབས་རིམ་དུ་ཚེ་སྒྲུབ་བྱ་རི་མ་གསུངས་ཤིང་གདན་ས་སྨན་རིའི་འདུས་སྤྱི་ནས་བསྙེན་བཀུར་མང་ཇའི་མཆོད་སྤྲིན་རྒྱས་འབུལ་གནང་བ་བཅས་སོ།།

IMG_2165IMG_2163IMG_2164

་་་་་་་་་་་་་་་སྤྱི་ཟླ་གསུམ་པའི་ཚེས་ ༢༣ ཉིན་གྱི་ཕྱག་ཚོད་བཅུ་བའི་ཐོག་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་ལ་སྔོན་ནས་ཇི་ལྟར་གསོལ་བ་བཏབས་པ་གནད་སྨིན་བྱུང་བ་ལྟར། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་བ་མཆོག་དང་། དེ་བཞིན་༧སྐྱབས་རྗེ་མཁན་སློབ་རྣམས་པ་དང་བླ་གྲྭ་དགེ་བཤེས་སོགས་འདུས་མང་ཡོངས་ལ་དཔལ་ལྡན་རྒྱལ་བ་སྨན་རི་བའི་ལུགས་ཀྱི་འདུལ་བའི་གསོ་སྦྱོང་དང་འདུལ་ཆོག་རིན་ཆེན་འཕྲེང་བ་སོགས་ཀྱི་ལུང་རྒྱུན་བསྩལ་གནང་མཛད།

 

་་་་་་་་་་་་་་ཟླ་འདིའི་ཚེས་༢༤ ཉིན་གྱི་ཞོགས་པ་སྔ་མོ་ནས་ཁྲི་བརྟན་ནོར་རྩེའི་བཙའ་སྐྱོང་ལྷན་ཚོགས་ཀྱི་ལས་མི་རྣམས་པ་དང་དེ་བཞིན་བཤད་སྒྲུབ་སློབ་གཉེར་བ་རྣམས་ཀྱིས་གཙུག་ལག་ཁང་གི་ནང་དུ་གཙང་བཟོ་དང་བརྟན་བཞུགས་ཀྱི་མཆོད་རྫས་རྣམས་རིམ་བསྟར་བཤམས་ཤིང་བརྟན་བཞུགས་བཀོད་སྒྲིག་ལེགས་པར་བྱས། དེ་བཞིན་བལ་ཡུལ་གནས་འཁོད་ས་གནས་མི་མང་རྣམས་ལ་ཉིན་འགའི་སྔོན་ནས་བརྟན་བཞུགས་ཀྱི་གསལ་བརྡ་བཏང་ཟིན་པ་ལྟར་བན་བོན་རིས་སུ་མ་མཆིས་པའི་དད་ལྡན་ཧ་ཅང་མང་པོ་འཛོམས་པ་དང་། འཁོར་ཚོད་༩ བའི་ཐོག་༧གཡུང་དྲུང་བོན་གྱི་བསྟན་པའི་གཙུག་ནོར་དཔལ་ལྡན་རྒྱལ་བ་སྨན་རི་བའི་༧ཁྲི་འཛིན་སོ་བཞི་བ་ཆེན་པོ་མཆོག་བླ་བྲང་རྣམ་པར་རྒྱལ་བའི་ཁང་བཟང་ནས་སྤུས་མེ་དང་རྒྱ་གླིང་གིས་མདུན་བསུས་ཏེ་གདན་ས་ཁྲི་བརྟན་ནོར་བུ་རྩེའི་གཙུག་ལག་ཁང་དུ་གདན་དྲངས་ཤིང་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར་བཞུགས་གསོལ་མཛད། དེ་ནས་དགོན་འདིའི་འདུས་མང་དང་དད་ལྡན་སེར་སྐྱ་རྣམས་ཀྱིས་བླ་མ་མཆོད་པ་གསུང་ཞིང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ནས་མནྜལ་གྱི་བཤད་པ་ཕུལ་བ་དང་། མཁན་རིན་པོ་ཆེ་དང་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱིས་མནྜལ་འདེགས་འབུལ་ཞུས། དེ་བཞིན་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་མཆོག་དང་། བཤད་གྲྭའི་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ། དགོན་འདིའི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་བློ་གྲོས་མཆོག་ལེགས་གསུམ་གྱིས་རྒྱལ་བའི་སྐུ་གསུང་ཐུགས་རྟེན་ཕུལ་ཞིང་། དེ་བཞིན་བཙའ་སྐྱོང་ལྷན་ཚོགས་ཀྱི་ལས་བྱེད་རྣམས་དང་དགེ་བཤེས་རྣམས་པས་ན་བཟའ་གོས་དྲུག་དང་། བཀྲ་ཤིས་རྟགས་བརྒྱད་སོགས་དངོས་འབྱོར་གྱི་མཆོད་རྫས་རྣམས་དང་། རྒྱལ་བའི་བཀའ་རིན་པོ་ཆེ་དེབ་གཟུགས་སུ་བསྐྲུན་པ་སོགས་རིམ་གྱིས་ཕུལ། དེ་རྗེས་བླ་གྲྭ་མི་མང་རྣམས་རིམ་གྱིས་མཇལ་ཁ་ཞུས་ཤིང་མཐར་སྒོ་གསུམ་དག་པ་དང་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་དེ་༧གྲྭ་ཚང་འདུས་སྤྱི་ནས་ཕུལ་བའི་བརྟན་བཞུགས་མཇུག་ལེགས་པར་གྲུབ།

IMG_2167

་་་་་་་་་་་་་་ཕྱི་དྲོ་ཕྱག་ཚོད་ ༡ དང་ཕྱད་ཀའི་ཐོག་དཔོན་གསས་བླ་མ་༧སྐྱབས་རྗེ་སྨྲ་བའི་སེང་གེ་མཆོག་ནས་ཆུ་ཚོད་གཅིག་དང་ཕྱེད་ཙམ་གྱི་རིང་ལ་༧ ཁྲི་འཛིན་སོ་བཞི་ཆེན་པོ་མཆོག་དང་མཁན་དཔོན་སློབ་རྣམས་པ། དེ་བཞིན་གྲྭ་མང་བྱིངས་ལ་དུ་ཏྲི་སུ་ཡི་སྒྲུབ་གཞུང་དང་དབང་། འཕོ་བ་བཅས་ཀྱི་ལྗགས་ལུང་གནང་ཞིང་། འཕོ་ཁྲིད་ཀྱི་སྐབས་སུ་རང་འཕོ་དང་གཞན་འཕོ་བྱེད་ཚུལ་སོགས་ཀྱི་སྐོར་ནས་འཕོ་ཁྲིད་ཟབ་རྒྱས་གནང་།

 

་་་་་་་་་་་་་་ཟླ་འདིའི་ཚེས་༢༦ ཉིན་སྔར་བཞིན་ཕྱག་ཚོད་ ༩ ཐོག་༧སྐྱབས་རྗེ་༧ཁྲི་འཛིན་སོ་བཞི་ཆེན་པོ་མཆོག་དང་མཁན་དཔོན་སློབ་རྣམས་པ་དང་། གྲྭ་ཚང་འདུས་པ་རྒྱ་མཚོ་ཡོངས་ལ་ ༧ སྐྱབས་རྗེ་སྨྲ་བའི་དབང་པོ་མཆོག་ནས་ཐུགས་བརྩེ་གཟིགས་ཆེན་པོས་མ་འོངས་བསྟན་པའི་ཆེད་དུ་དགོངས་ཏེ་སྐུ་ངལ་ལ་མ་འཛེམས་པར་”མ་རྒྱུད་སངས་རྒྱས་རྒྱུད་གསུམ་ལས་འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ཆ་ཚང་དང་། ཞང་ཞུང་སྙན་རྒྱུད་ལས་རྒྱུད་བུ་ཆུང་བཅུ་གཉིས”ཀྱི་ལུང་གནང་བ་དང་། མ་ཚད་འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ལས། “ཕྱིས་གཏེར་སྟོན་གུ་རུ་རྣོན་རྩེས་བཏོན་པའི་དར་དངོས་ལས། བཙུན་པ་གཞོན་གྱིས་ཞུས་ནས་དག་པར་བྲིས།” ཞེས་གསུངས་པ་ལྟར། འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་གཏེར་སྟོན་ཆེན་པོ་གུ་རུ་རྣོན་རྩེས་གཏེར་ནས་བཞེས་ཚུལ་དང་དེ་ནས་མཉའ་སྟོན་གཞོན་ནུ་འབུམ་ལ་རྒྱུད་ཚུལ་སོགས་དབུ་འཆད་ལོ་རྒྱུས་ཀྱི་ཚུལ་དུ་གསུངས་པ་དང་། སྤྱིར་བོན་པོའི་མདོ་སྔགས་རྫོགས་གསུམ་དེ་བློ་རིམ་པ་གསུམ་ལ་ལྟོས་ནས་བསྟན་པ་དང་། ཉམས་སུ་ལེན་ཚུལ་ཡང་གང་ཟག་རང་རང་གི་བློས་ཐེག་ཚོད་ལ་ལྟོས་ནས་ཉམས་སུ་ལེན་དགོས་པ་རེད་ཅེས་གསུངས། དེ་བཞིན་རྒྱུད་བུ་ཆུང་བཅུ་གཉིས་ཀྱི་ལྗགས་ལུང་གནང་སྐབས་སྤྱིར་སྔགས་རྫོགས་གཉིས་ཀྱི་ལྟ་བའི་རྨང་གཞི་གཅིག་ན་ཡང་ཏིང་འཛིན་རྣམ་གསུམ་གྱི་བསྣན་ཁ་རྒྱག་དགོས་མིན་གྱི་ཁྱད་པར་དང་། ལྷག་པར་དུ་གསང་བ་སྔགས་ཀྱི་ལུགས་ལ་གཟུགས་སྐུ་འགྲུབ་བྱེད་ཀྱི་རྒྱུ་ལ་ངེས་པར་དུ་ཏིང་འཛིན་རྣམ་གསུམ་དགོས་ཚུལ་དང་རྫོགས་པ་ཆེན་པོའི་ལུགས་ལ་དེ་ལྟར་མི་དགོས་པ་སོགས་ཀྱི་སྐོར་ནས་ཟབ་ཁྲིད་ཅ་ནོམ་པ་གནང་། དེ་བཞིན་བོན་པོའི་མདོ་ཡི་ལྟ་བ་དེ་ཡང་གསལ་སྟོང་གཉིས་སུ་མེད་པའི་བདག་ཉིད་དེ་རང་ལ་འཇོག་དགོས་པ་དང་། གསལ་སྟོང་གཉིས་སུ་མེད་པའི་བདག་ཉིད་ཅེས་པ་ནི་གསལ་བ་གང་ཡིན་པ་སྟོང་པ་དང་སྟོང་པ་གང་ཡིན་པ་གསལ་བ་དེ་རང་ལ་ངོས་འཛིན་དགོས་པ་དང་དེ་གཉིས་དབྱེར་མེད་གཅིག་ཏུ་གྱུར་བ་ནི་ཐིག་ལེ་ཉག་གཅིག་ཡིན་ཚུལ་སོགས་ཀྱི་སྐོར་ཟབ་ཁྲིད་རྒྱ་ཆེ་གནང་བ་བཅས་སོ།།

IMG_2166IMG_2171IMG_2169

་་་་་་་་་་་་

་་་་་་་་་་་་་་་་འདི་ཟླའི་ཚེས་༢༧ ཉིན་གྱི་ཞོགས་པར་རྒྱུན་ལྡན་ལྟར་བཤད་སྒྲུབ་སློབ་གཉེར་བ་རྣམས་པས་ཞོགས་ཇ་གསོལ་གྲུབ་མཚམས། ༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་ལ་དགོན་འདིའི་མཁན་སློབ་རྣམ་པ་དང་། བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་པ་འཚང་ཀ་ཤིག་ཤིག་གིས་རིམ་གྱིས་མཇལ་ཁ་ཞུས་པ་དང་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱིས་ཐུགས་དགྱེས་ཚོར་ཆེན་པོས་ངང་ནས་བརྙན་པར་སྒྲོན་པ་དང་མ་འོངས་པའི་མི་ཚེ་དོན་ཡོད་པ་ཞིག་བྱེད་རྒྱུ་དང་། ལྷག་པར་དུ་སློབ་སྦྱོང་གི་ཕྱོགས་ལ་འབད་པ་བྱེད་དགོས་ཚུལ་སོགས་ཀྱི་སྐོར་ནས་ལམ་སྟོན་བཀའ་སློབ་ཟབ་རྒྱས་གནང་། དེ་ནས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་༧ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་གཟིམ་ཁང་དུ་བཅར་དེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ལ་མཇལ་ཁ་ཞུས་པ་དང་། དེ་རྗེས་དགོན་འདིའི་མཁན་སློབ་རྣམས་པ་དང་གྲྭ་མང་འདུས་པ་རྒྱ་མཚོས་ཕེབས་སྐྱེལ་གྱིས་༧ སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་ཞབས་ཀྱི་པད་མོ་བལ་ཡུལ་རྒྱལ་སྤྱིའི་གནམ་ཐང་དུ་བཀོད་དེ་མི་འགྱངས་བར་༧ སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ནས་རྒྱ་བལ་གྱི་ས་མཚམས་སུ་ཕྱག་བཏབ་པའི་བོན་གྱི་སློབ་གྲྭ་ཤེས་རིག་ཕུན་ཚོགས་གླིང་དུ་ཕེབས་རྒྱུ་ཡིན་པ་བཅས་སོ།།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *