ཁམས་ཕྱོགས་སུ་མཛད་འཕྲིན་སྐྱོང་བཞིན་པའི་བོན་གྱི་དགེ་བཤེས་ཁག་ཅིག
རྩོམ་ཡིག་འདི་ཐེངས། 293136 བཀླགས་འདུག
ད་ལྟའི་དུས་འདིར་དགོན་སྡེ་ཚད་ལྡ
དེང་གི་དུས་འདིར་ཕྱོགས་ཀྱི་ཡུལ་ གྲུ་མང་པོར་བཤད་སྒྲུབ་སློབ་གཉེ ར་བྱ་བའི་ཁོར་ཡུག་གི་ཚ་རླབས་ གསར་བ་ཞིག་དྲག་ཏུ་འཁྱིལ་བཞིན། རྒྱལ་བསྟན་ཡོངས་རྫོགས་ཀྱི་ངོ་བོ ་ལུང་རྟོགས་གཉིས་ལྡན་གྱི་བསྟན་ པ་རིན་པོ་ཆེའི་ཉམས་རྒུད་སྐྱོབ་ པའི་དུས་རབས་ཤིག་ཏུ་འཁེལ་ནས་ཡོ ད་ལ། རྒྱུ་མཚན་དེ་ལྟ་བུའི་འོག་ཕྱོགས་ ཀྱི་ཡུལ་གྲུ་མང་པོར་བཤད་སྒྲུབ་ ལས་གསུམ་གྱི་བགྱི་བས་བསྟན་པའི་ སྙིང་པོ་སངས་རྒྱས་གཡུང་དྲུང་བོ ན་གྱི་བསྟན་པ་རིན་པོ་ཆེ་ལ་སྲི་ ཞུ་གང་ལེགས་སྒྲུབ་པའི་བཤད་སྒྲུ བ་འདུས་པའི་སྡེ་ཆེན་པོ་མང་དུ་ བཞུགས་ཡོད་པ་ནི་ཤིན་ཏུ་ནས་ཀྱང་ དགའ་འོས་པའི་གནས་སུ་མཐོང་ཆོག་ཆོ ག་རེད།
གནས་ཚུལ་དེ་དག་ལ་དམིགས་ཏེ་གཡུང་ དྲུང་བོན་གྱི་བཤད་སྒྲུབ་སློབ་གླི ང་ནས་ཐོན་པའི་དགེ་སློབ་མང་པོ་ཞི ག་གིས་ཀྱང་རྒྱལ་རོང་དང་། ཉག་རོང་། ལི་ཐང་དང་། བྲག་འགོ་སྡེ་དགེ་སོགས་ཀྱི་དགོ ན་པ་དང་རི་ཁྲོད་མང་པོར་བཤད་སྒྲུ བ་སློབ་གཉེར་བ་མང་པོ་སྐྱེད་སྲི ང་བྱ་བའི་ལས་ཀྱིས་བཤད་སྒྲུབ་ཀྱི ་བསྟན་པ་རིན་པོ་ཆེ་ལ་ཅུང་ཟད་ཕན་ སྙམ་གྱི་ཀུན་སློང་གིས་མ་བཏང་བར་ དོན་གཉེར་གྱིས་མི་དབུལ་བའི་སློ བ་མ་དྲུག་བརྒྱར་ཉེ་བ་ཙམ་སྐྱོང་ བཞིན་ཡོད་ལ།
ད་ལན་དབྱར་གྱི་ནམ་ཟླ་སྐྱིད་པའི་ དུས་ཚོད་དང་བསྟུན་ཏེ་ས་གནས་དེ་ དག་ཏུ་སྡོད་པའི་དགེ་རྒན་རྣམ་པ་ གནས་གཅིག་གདན་གཅིག་ཏུ་མཉམ་འཛོ མས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཏེ་ ཁམས་ཕྱོགས་ཧོར་བྲག་འགོ་རྫོང་ཐོ ག་ཏུ་སྤྱི་ལོ༢༠༡༧ ལོའི་ཟླ་དྲུག་པའི་ཚེས་གཅིག་ནས་ ཉིན་གསུམ་གྱི་རིང་ལ་བཤད་སྒྲུབ་ བསྟན་པ་སྐྱོང་ཚུལ་དང་སློབ་མ་རྣ མས་སྐྱེད་སྲིང་བྱ་ཚུལ། སྔར་སོང་གི་ཉམས་མྱོང་དང་མ་འོངས་ པའི་འཆར་གཞི་སོགས་ཀྱི་ཐད་ནས་ཕན་ ཚུན་ཉམས་མྱོང་བརྗེ་རེས་དང་བསམ་ བློའི་བགྲོ་གླེང་གི་དུས་ཚོད་ཅི ག་ཆེད་དུ་ཕུད་ནས་ཞར་ལ་སྤྲོ་སྐྱི ད་དགྱེས་འཛོམས་ཀྱི་དཔལ་ལ་རོལ་བ་ཡིད་ཚིམས་པ་ཞིག་བྱས་ཡོད།
གཡུང་དྲུང་བོན་གྱི་བཤད་སྒྲུབ་སློ བ་གླིང་ལ་ཕྱག་རྗེས་བསུབ་ཏུ་མེད་ པ་བཞག་པའི་སྒོ་རིགས་དགེ་བཤེས་ཤེ ས་རབ་གྲགས་པ་སྤྱི་ལོ༡༩༩༩ལོའི་རྔ ་བ་སྣང་ཞིག་དགོན་གྱི་དགེ་བཤེས། ད་ལྟ་རྒྱལ་རོང་བཤད་སྒྲུབ་སློབ་ གླིང་དུ་སློབ་མ་སྐྱོང་བཞིན་བཞུ གས།
གཡུང་དྲུང་བོན་གྱི་བཤད་སྒྲུབ་སློ བ་གླིང་ལ་ཕྱག་རྗེས་བསུབ་ཏུ་མེད་ པ་བཞག་པའི་སྒོ་རིགས་དགེ་བཤེས་ བསྟན་འཛིན་སྨོན་ལམ་སྤྱི་ལོ ༡༩༩༤ལོའི་རྔ་བ་སྣང་ཞིག་དགོན་གྱི ་དགེ་བཤེས། ད་ལྟ་ཁམས་གཡུང་དྲུང་ བོན་བཤད་སྒྲུབ་སློབ་གླིང་དུ་སློ བ་མ་སྐྱོང་བཞིན་བཞུགས།
དགེ་བཤེས་གདོང་བཙུན་རྒྱ་ཐར་སྤྱི་ལོ༢༠༠༦ ལོའི་རྔ་བ་སྣང་ཞིག་དགོན་གྱི་དགེ ་བཤེས། ད་ལྟ་ཉག་རོང་རྒྱ་ཞིག་འབྲུག་གྲ གས་དགོན་ཞང་བོད་ནང་བསྟན་རིག་ གནས་ཐོས་བསམ་གླིང་དུ་སློབ་མ་སྐྱོ ང་བཞིན་ཡོད།
དགེ་བཤེས་ཨ་འཆི་མེད་རྣམ་རྒྱལ་སྤྱི ་ལོ༢༠༠༨ ལོའི་རྔ་བ་སྣང་ཞིག་དགོན་གྱི་དགེ ་བཤེས། ད་ལྟ་ཉག་རོང་བྱ་བཏང་བཙུན་མའི་ བཤད་སྒྲུབ་འདུས་སྡེར་སློབ་མ་སྐྱོ ང་བཞིན་ཡོད།
དམུ་རིགས་དགེ་བཤེས་བསྟན་འཛིན་ དབང་གྲགས་སྤྱི་ལོ༢༠༡༡ལོའི་རྔ་བ་ སྣང་ཞིག་དགོན་གྱི་དགེ་བཤེས། ད་ལྟ ་རྒྱལ་རོང་བཤད་སྒྲུབ་སློབ་གླིང་ དུ་སློབ་མ་སྐྱོང་བཞིན་ཡོད།
ཁྲོ་ཚངས་དགེ་བཤེས་གཙུག་ཕུད་ཚུལ་ ཁྲིམས་སྤྱི་ལོ༢༠༡༡ལོའི་རྔ་བ་སྣ ང་ཞིག་དགོན་གྱི་དགེ་བཤེས། ད་ལྟ་ སྡེ་དགེ་ཁྲོ་ཚངས་དགོན་ནང་བསྟན་ ལྔ་རིག་སློབ་གླིང་དུ་སློབ་མ་སྐྱོ ང་བཞིན་ཡོད།
དགེ་བཤེས་ཨ་ཀུན་གསལ་ཟླ་བ་སྤྱི་ ལོ༢༠༡༡ལོའི་རྔ་བ་སྣང་ཞིག་དགོན་ གྱི་དགེ་བཤེས། ད་ལྟ་ཤར་རྫའི་བཤད་སྒྲུབ་འདུས་ སྡེ་རུ་སློབ་མ་སྐྱོང་བཞིན་ཡོད།
དགེ་བཤེས་ཧོར་རྣམ་རྒྱལ་སྤྱི་ལོ ༢༠༡༢ལོའི་རྔ་བ་སྣང་ཞིག་དགོན་གྱི ་དགེ་བཤེས། ད་ལྟ་སྡེ་དགེ་ཁྲོ་ ཚངས་དགོན་ལྔ་རིག་ནང་བསྟན་སློབ་ གླིང་དུ་སློབ་མ་སྐྱོང་བཞིན་ཡོད།
ལི་ཐང་དགེ་བཤེས་ཚེ་རིང་འགྱུར་མེ ད་སྤྱི་ལོ༢༠༡༢ལོའི་རྔ་བ་སྣང་སྣ ང་ཞིག་དགོན་གྱི་དགེ་བཤེས། ད་ལྟ་འགྲོ་མགོན་དགོན་ནང་བསྟན་ཤེ ས་རིག་སློབ་གླིང་དུ་སློབ་མ་སྐྱོ ང་བཞིན་ཡོད།
དགེ་བཤེས་ཉག་བྱང་ཆུབ་ཟླ་བ་སྤྱི་ ལོ༢༠༡༢ལོའི་རྔ་བ་སྣང་ཞིག་དགོན་ གྱི་དགེ་བཤེས། ད་ལྟ་ཤར་རྫའི་བཤད་སྒྲུབ་འདུས་སྡེ ་རུ་སློབ་མ་སྐྱོང་བཞིན་ཡོད།
དགེ་བཤེས་ཀ་ཤུལ་བསོད་རིན་སྤྱི་ ལོ༢༠༡༣ལོའི་རྔ་བ་སྣང་ཞིག་དགོན་ གྱི་དགེ་བཤེས། ད་ལྟ་ཁམས་སྡེ་དགེ་རིན་སྤུངས་ དགོན་ལྔ་རིག་བོན་གྱི་སློབ་གླིང་ དུ་སློབ་མ་སྐྱོང་བཞིན་ཡོད།
དགེ་བཤེས་དྲི་མེད་འོད་ཟེར་སྤྱི་ ལོ༢༠༡༤ལོའི་རྔ་བ་སྣང་ཞིག་དགོན་ གྱི་དགེ་བཤེས། ད་ལྟ་ཉག་རོང་རྒྱ་ཞིག་འབྲུག་གྲ གས་དགོན་ཞང་བོད་ནང་བསྟན་རིག་ གནས་ཐོས་བསམ་གླིང་དུ་སློབ་མ་སྐྱོ ང་བཞིན་ཡོད།
དགེ་བཤེས་བློ་གྲོས་རབ་གསལ་སྤྱི་ ལོ༢༠༡༧ལོའི་རྔ་བ་སྣང་ཞིག་དགོན་ གྱི་དགེ་བཤེས། ད་ལྟ་ཤར་རྫའི་བཤད་སྒྲུབ་འདུས་སྡེ ་རུ་སློབ་མ་སྐྱོང་བཞིན་ཡོད།
དགེ་བཤེས་ནམ་མཁའ་གཡུང་དྲུང་སྤྱི ་ལོ༢༠༡༧ ལོའི་རྔ་བ་སྣང་ཞིག་དགོན་གྱི་དགེ ་བཤེས། ད་ལྟ་ཁམས་གཡུང་དྲུང་བོན་བཤད་སྒྲུ བ་སློབ་གླིང་དུ་སློབ་མ་སྐྱོང་ བཞིན་ཡོད།
དགེ་བཤེས་རིན་ཆེན་རྒྱལ་མཚན་སྤྱི ་ལོ༢༠༡༧ལོའི་རྔ་བ་སྣང་ཞིག་དགོན་ གྱི་དགེ་བཤེས། ད་ལྟ་ཁམས་གཡུང་དྲུང་བོན་བཤད་སྒྲུ བ་སློབ་གླིང་དུ་སློབ་མ་སྐྱོང་ བཞིན་ཡོད།
དགེ་བཤེས་བསྟན་འཛིན་ནོར་བུ་སྤྱི ་ལོ༢༠༡༧ ལོའི་རྔ་བ་སྣང་ཞིག་དགོན་གྱི་དགེ ་བཤེས། ད་ལྟ་རྒྱལ་རོང་བཤད་སྒྲུབ་སློབ་ གླིང་དུ་སློབ་མ་སྐྱོང་བཞིན་ཡོད།
དགེ་རྒན་ཆེན་མོ་ཁྱུང་སྲས་ཀུན་ བཟང་རྣམ་རྒྱལ། ད་ལྟ་རྒྱལ་རོང་བཙུན་མའི་ཆེས་མཐོ འི་བཤད་སྒྲུབ་སློབ་གླིང་དུ་སློ བ་མ་སྐྱོང་བཞིན་ཡོད།
དེ་ལྟར་ཉིན་གསུམ་གྱི་རིང་ལ་བཤད་ སྒྲུབ་སློབ་གཉེར་བྱ་བའི་ཕྱོགས་ ནས་མ་འོངས་པར་ང་ཚོ་ཇི་ལྟར་ལམ་དུ ་ཆས་དགོས་པ་དང་། སློབ་མ་ཚོར་སྨན་ངེས་པའི་ལམ་བཟང་ དུ་སྐྱོད་ན་ཐབས་བརྒྱ་ཇུས་སྟོང་ གི་སྒོ་ནས་དཀའ་ཁེག་ལ་མི་འཛེམ་པ་ དང་། དུས་ཚོད་འཐུས་ཤོར་གཏོང་མི་ཉེན་ པ་སོགས་ཀྱི་གྲོས་གཞི་གནད་ལ་ཁེལ་ བ་མང་དུ་བཏོན་མཐར་ཟླ་འདིའི་ཚེས་ ༣ གྱི་ཞོགས་ཁར་བྲག་འགོ་རྫོང་ཐོག་ ནས་རང་རང་གི་ས་གནས་སུ་ལམ་ལ་ཆས་ ཡོད་དོ།།
།
བསམ་ཚུལ་ཕྲིས།