གབ་ཚིག་ཚན་པ་གཉིས།
རྩོམ་ཡིག་འདི་ཐེངས། 1079 བཀླགས་འདུག
།
གབ་ཚིག དང་པོ།༽
བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ།
ཉི་འོད་ས་གཞིར་འཕྲོས་པའི་ཐོང་ག་
གཟའ་ཆེན་མིག་དམར་རྒྱུ་བའི་ཐུལ་
བསོད་ནམས་གཡང་དུ་འཁྱིལ་བའི་ཡ་ཁྱི
རིན་ཆེན་གསེར་གྱི་ཕ་བོང་སྒོ་རུ་
།
འཁོར་བར་ཇག་ལ་ཆས་པའི་གཡུལ་ས་ནས། །
ཤེས་རབ་མེ་ལྕེར་འཐབ་པའི་མཚོན་ཆ་
བདུད་ཀྱི་སྙིང་རྩ་འབྲེགས་པའི་སྤོ
འཇིག་རྟེན་ཕྱེ་མར་འཐག་པའི་དཔའ་
།
གངས་རིའི་དབུ་རྩེ་རྒུད་པའི་ནུབ་
ཉི་ཟླ་སྨག་གིས་བདས་པའི་སྔ་དྲོ་
རི་ལུང་མིག་ཆུས་ཁེངས་པའི་བར་དོ་
ལྷོ་མཐའི་རི་སུལ་འགྲིམས་པའི་ཨ་
།
རྒྱལ་གཤེན་སྟོན་པའི་ཕོར་བ་ཕྱག་
མཉམ་མེད་བླ་མའི་གསེར་ཁྲི་བདག་ཏུ
བཤད་སྒྲུབ་བསྟན་པའི་ཀ་ཆེན་གནམ་
བོན་འབངས་བྱེ་བའི་ཡབ་ཆེན་དམ་པ་སུ
།
གབ་ལན། དང་པོ།༽
དགེ་བཤེས་ཤེས་རབ་བསམ་འཕེལ། ༼ས་ཏྲིག༽
ཉིན་བྱེད་དབང་པོས་གསེར་གྱི་ས་
གཟའ་ཆེན་མིག་དམར་རྒྱུ་བའི་རུ་གོ
ཁྱད་འཕགས་གཡང་ཞེས་གྲགས་པའི་རི
མཚན་དཔེའི་དཀྱིལ་འཁོར་བཞད་པའི་
།
ངེས་འབྱུང་དྲག་པོས་འཁོར་བར་བློ་
ཡང་དག་རིག་པའི་ལམ་མཆོག་གཉེར་བ་
བདག་འཛིན་འཁྲུལ་བའི་གཡུལ་ངོ་ཟློ
གཉིས་མེད་མཉམ་པར་གཟིགས་པའི་སྨན་
།
སྤུ་རྒྱལ་ཁྱིམ་གཞས་ཙི་ནས་ཧམ་གྱི
གངས་ཅན་ཉི་ཟླ་རྣམ་གཉིས་ཁྲི་ལས་
བོད་མིའི་ཤ་ཁྲག་བརྫིས་པའི་རི་སུ
བསྟན་དོན་ཐུགས་ལ་འཁྲུངས་བའི་སྨ
།
གཤེན་རབ་སྟོན་པའི་སློང་བཟད་ཕྱག་
མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་
གྱེར་བསྟན་རྨང་ནས་སློང་བའི་འཕྲི
བོན་འབངས་བྱེ་བའི་ཡབ་ཆེན་སྨན་རི་
།
གབ་ཚིག གཉིས་པ།༽
།
ཁྱུང་ཆེན་ནམ་མཁར་འཕྱོ་བའི་གཤོག་
ཁ་བས་རང་མདངས་ངོམས་པའི་རི་སྟེང་
དམུ་སྐས་གནམ་སར་སྦྲེལ་བའི་ཁྱིམ་
མེས་པོའི་ཞབས་རྗེས་འཚོལ་བའི་ཁྱེ
།
གཡུ་མཚོ་འཁྱག་གིས་བསྡམས་པའི་སྙི
རིན་ཆེན་གསེར་གྱི་ཕུགས་པའི་ནང་
སྤོས་རྐང་མེ་རུ་སྤར་བའི་དཀར་ངོ
རིག་པའི་གསེར་ཕྱེ་འགམས་པའི་དྲང་
།
གསོ་བྱེད་སྨན་གྱི་ལྷུན་པོའི་
བཤད་སྒྲུབ་འཁོར་ལོའི་ལྗིད་ཀྱིས་
གསེར་ནག་མཁར་རྩེར་བཞེངས་པའི་
ཨུ་ཚུགས་ཐབས་ཀྱིས་རྒོལ་བའི་སློ
།
ལྷོ་ཕྱོགས་ནགས་རི་ཕྱུག་མོའི་རི་
བཀྲེས་སྐོམ་ནད་ཀྱིས་གདུང་བའི་རི
མཐུན་རྐྱེན་གནས་ལྔ་རིག་པའི་རྒྱ
འདོད་རྒུའི་དཔལ་དུ་འགོད་པའི་སེ
།
གབ་ལན། གཉིས་པ།༽
།
ཁ་བའི་རྡུལ་མང་རྩེག་པའི་ཞིང་
དམུ་ཐག་གནམ་ལ་སྦྲེལ་བའི་སྤུ་རྒྱ
མངའ་རེས་ཁྱུང་ཡུལ་བོན་གྱི་རྒྱལ་
མཚན་དཔེའི་པད་མོ་བཞད་པའི་སྨན་རི
།
གནམ་མཚོ་འཁྱག་གིས་བསྡམས་པའི་དུ
དོ་གླིང་ཕུགས་པར་བཤེས་གཉེན་དམ་
མུན་ནག་ཁྲོད་དུ་སྤོས་ཀྱི་མེ་འོ
རིག་པའི་གནས་ལྔར་བརྩོན་པའི་སྨན་
།
བྱིན་རླབས་ཀུན་འབྱུང་སྨན་རིའི་
དཔོན་སློབ་ཁྲི་ཐོག་གཉིས་པའི་ཁུ
ལོག་ཅན་གདུལ་བྱའི་གཡུལ་ངོ་ཟློག་
གང་འདུལ་དེར་སྟོན་མཛད་མཁས་སྨན་
།
བསྐལ་ངན་དབང་གིས་ལྷོ་རོང་འགྲིམ་
ལུས་སེམས་འཚོ་བ་ཞན་པའི་བོན་
ཐེག་ཆེན་བླ་ན་མེད་པའི་བདུད་རྩི་
ལྔ་རིག་ནོར་བུའི་ལུང་བསྟན་སྨན་
།
བསམ་ཚུལ་ཕྲིས།