ལོ་མའི་དྲན་ཤིང་།
རྩོམ་ཡིག་འདི་ཐེངས། 502 བཀླགས་འདུག
།
མཁའ་དབུགས་གཙང་བའི་ཞོགས་པ་ཞིག་ལ།
ལོ་མ་གཉོམ་པོ་ཞིག ས་ཆེན་གྱི་རུམ་ཁར་དལ་གྱིས་ལྷུང་།
དྲན་ཤིང་དབྱངས་རྟ་རུ་ཁུར་བའི་ཞོགས་པ་དེར།
ཧ་ཅང་ཞེན་ཆགས་ལྟ་བུའི། བརྩེ་འདང་ལྟ་བུའི།
མིག་མདངས་ལྟ་བུའི་ལོ་མ་དེས།
ང་ལ་མང་པོ་མང་པོ་ཞིག་བློས་བསླངས་བྱས།
།
མཛེས་སྡུག་གི་དབྱར་ཁ་ཞིག་ཚེས་མྱོང་བར་གསལ་འདེབས་བྱས་ཤིང་།
དུས་ཚིགས་མང་པོ་ཞིག་གི་དྲན་ཤིང་ལ་མདུད་པ་ཐེབས་ཚུལ་ཡང་ཁུ་སིམ་མེར་གླེང་།
།
རླུང་བུ་རྒྱང་རིང་དུ་བཞུར་སོང་ལ།
སེམས་པ་ཡང་རྒྱང་རིང་དུ་བཞུད་སོང་བས།
དུས་ཚིགས་རེ་རེའི་ཁ་དོག་ལ་སླར་ཡང་མེ་ཏོག་གི་སྨྲེང་སྐྱོ་ཁུར།
།
སང་ལོའི་དཔྱིད་ཀ་ནི་ཁྱེད་ཀྱི་སྐྱེ་མཆེད་ལས་སྨིན་པའི་རེག་བྱ་དེ་ཡིན་ཆོག་ན།
བདག་གི་གསེར་མདོག་གི་སྟོན་ཁ་ཁུར་བའི་ལོ་མ་སེར་པོ།
ཁྱེད་ནམ་ཡང་ཐག་རིང་ལ་མ་འགྲོ
སྟོན་ཁ་ནི་དཔྱིད་ཀྱི་དུས་ཚིགས་བསུ་བའི་སྟ་གོན་མ་ཡིན་ནམ།
2016/10/24 ཉིན་བྲིས།
བསམ་ཚུལ་ཕྲིས།