སྒྲོལ་མ་ཚེ་སྐྱིད། ( ཞར་བཀོད་གཅིག་ཡོད། )
རྩོམ་ཡིག་འདི་ཐེངས། 924 བཀླགས་འདུག
།
འབྲོག་སྡེའི་ལྷས་ལ་འཁོར་བའི་ཡིད་ཀྱི་སྣེ་མོ།།
ནོར་ནག་རྗེས་སུ་ཤོར་བའི་སྙིང་གི་གོམ་ཁ།།
ནམ་མཁའི་མཐའ་ལ་དེད་པའི་སྲིད་པའི་མུ་ཏིག།
དྲན་ཤེས་ཁ་བ་ཉིལ་བའི་གསེབ་ལ་འཐིམ་པའི།།
བརྩེ་བའི་བརྡ་གླུ་ལེན་པའི་སྒྲོལ་མ་ཚེ་སྐྱིད།།
མཛེས་པ་རྒྱ་ཕྲག་ཁུར་བའི་དབྱར་ཟླ་ཞིག་སྟེ།།
ཆགས་པའི་སྦར་སེན་ཐོགས་པའི་ལྭ་བ་ཞིག་ཡིན།།
དྲོད་ཀྱི་ཞགས་པ་བཅིང་པའི་ཉི་མའི་དོ་ཡ།།
ཤ་རུས་འཁྱག་ལ་ཤན་ཡང་དྲོད་སྣང་སྦྱིན་པའི།།
ལྷ་དང་བླ་མར་མཚོན་པའི་བློ་བབ་བུ་མོ།།
སེམས་པའི་ཤོག་ལྷེའི་ངོས་སུ་ཁྱོད་ལས་མི་དོད།།
ང་ཡི་མཚན་མོ་འདི་ལ་གཞན་ཞིག་མི་རུམ།།
༢༠༡༦ ༩ ༡༢
༈ མ་ངེས་པའི་ཡིག་འབྲི།
།
ཚོར་བའི་ཟོམ་དང་སྣང་བའི་བག།
མེ་ཏོག་གད་པའི་སྐྱེ་ཚལ་ཡིན།།
རྣམ་རྟོག་ཆག་པའི་འཐབ་ར་ཞིག།
དག་སྣང་རི་མོར་ཕབ་ན་ཡང་།།
སྡུག་བསྔལ་སྟོང་གི་བཅུ་ཆ་ཙམ།།
རྟག་ཏུ་བྲང་ལ་བཙན་གྱིས་ངུས།།
སྣང་བ་ཆུ་ཡིས་བྲབས་པའི་ཤུལ།།
འདོད་ཡོན་སྟོང་གི་མེ་འོད་ཅིག།
ཆེམ་མེར་སྲིད་འདིར་འཕོས་པས་ན།།
ཉི་ཟླའི་ཟེར་མ་བསྒུལ་བར་བྱས།།
རྒྱ་མཚོའི་རླབས་ཕྲེང་འཕྱོ་རུ་བཅུག།
༢༠༡༦ ༩ ༡༢
བསམ་ཚུལ་ཕྲིས།