བོད་ཡིག
རྩོམ་ཡིག་འདི་ཐེངས། 482 བཀླགས་འདུག
དཔའ་བོ་འབྲུ་ལྔ་ཕྱག་གི་སོར་མོས་བླངས།།
འབྱུང་བ་ལྔ་བོ་ཉིང་ཁུའི་བཅུད་དུ་དྲིལ།།
ཕོ་མོ་མ་ནིང་སྲོག་གི་གཡང་དུ་ཆགས།།
བོད་ཡིག་གསེར་གྱི་འཕྲེང་བ་བོད་ཀྱི་ཡིན།།
/
ཀ་སོགས་སུམ་ཅུ་ཀ་ལིའི་མཚན་དུ་བདག།
ཨ་ལི་དབྱངས་ཀྱི་འགྱུར་ཁུགས་ཁྲི་སྟོང་གིས།།
འཕྲུལ་ཆེན་ཡི་གེ་བཞི་བཅུའི་རྣམ་གྲངས་ཤིག།
ཆུ་བོ་བཞི་འདུས་མགོ་རུ་དལ་གྱིས་བབས།།
།
མི་རིགས་ཤིག་གི་སྲོག་སྙིང་ཁུར་དུ་བཞེས།།
ཆོལ་ཁ་གསུམ་ཞེས་མཚན་གྱི་གྲུབ་ཚུལ་ཡང་།།
ཕ་མེས་ཡིག་རྒན་བཞི་བཅུའི་མཛེས་རྩལ་ལས།།
འོང་བ་དོན་དམ་ཞིག་གིས་བདེན་དཔང་བྱེད།།
།
འཕོ་ཆེན་ཉེར་བཞི་འཇའ་རུ་དེང་ཚུལ་དང་།།
གྲུབ་ཆེན་བརྒྱད་ཅུ་མཁའ་ལ་འཕུར་ཚུལ་སོགས།།
མདོར་ན་ཡིག་རྒན་བཞི་བཅུའི་དབྱངས་ཡིན་པས།།
བསྐལ་བ་མ་སྟོང་བར་དུ་ཁྲི་ལོར་ཤོག།
།/
བསམ་ཚུལ་ཕྲིས།