མུ་སྟེགས་དཀའ་ཐུབ་པ་རྣམས་དང་འབྲེལ་བའི་ཤཱཀྱ་ཐུབ་པའི་ཆ་ལུགས།
རྩོམ་ཡིག་འདི་ཐེངས། 2035 བཀླགས་འདུག
སྟོན་པ་ཤཱཀྱ་ཐུབ་པས་རང་གི་ཁྱིམ་རྒྱུད་ཡལ་ཞིང་དོར་ནས་ནགས་དགོན་དཀའ་ཐུབ་ཀྱི་ལས་སུ་ཞུགས་ཏེ་མུ་སྟེགས་སྟོན་པ་སྡེ་དྲུག་སློབ་དཔོན་དུ་བསྟེན་ནས་འཁོར་བ་ལས་ཇི་ལྟར་ཐར་བའི་ལམ་དང་ཤེས་བྱ་སོགས་ལ་བསླབས་ཅིང་སྦྱངས། འདི་ལྟ་བུས་ནི་སྟོན་པ་ཤཀྱ་ཐུབ་པའི་བསམ་བློའི་རྨང་གཞི་གང་ཡིན་པ་དེ་ཉིད་རྒྱ་གར་གྱི་གདོད་མའི་ཆོས་ལུགས་དང་མུ་སྟེགས་སྟོན་པ་དྲུག་གི་བསམ་བློ་ལས་བྱུང་བ་ཞིག་ཡིན་པར་མཐོང་ཐུབ། [ སྟོན་པ་ཤཱཀྱ་ཐུབ་པས་ལྟ་གྲུབ་ཀྱི་གཞི་འཛིན་ས་ཕལ་མོ་ཆེ་ནི་མུ་སྟེགས་གཅེར་བུ་བ་དང་བྲམ་ཟེ། དགེ་སྦྱོང་བ་སོགས་ཀྱི་ལྟ་གྲུབ་ལ་བཞག་ཡོད་པར་མཐོང་ཐུབ། ] དེ་མ་ཟད་སྟོན་པ་ཤཱཀྱ་ཐུབ་པས་ཁྱིམ་སྤངས་ནས་རབ་ཏུ་བྱུང་བའི་རྟེན་ལ་ཞུགས་པའི་ཚེ་ན་ཡང་། ཁྱིམ་གནས་པ་དག་དང་མི་འདྲ་བའི་ཁྱད་འདོན་པ་ལ་རས་གཟན་དམར་སེར་ [ ངུར་སྨྲིག་མདོག་ཅན་] རེ་གྱོན་སྲོལ་བྱུང་ཡོད་པ་དེ་ཡང་གནའ་བོའི་རྒྱ་གར་གྱི་ཡུལ་སྲོལ་དང་མུ་སྟེགས་བྱེད་རྣམས་ཀྱི་ལུགས་ཤིག་ཡིན་པ་ལས། སྟོན་པ་ཤཱཀྱ་ཐུབ་པ་ཁོང་ཉིད་རབ་ཏུ་བྱུང་རྗེས་གཞི་ནས་བཅོས་པའི་དམིགས་བསལ་གྱི་ཆས་གོས་ཤིག་ནི་ཅི་ནས་ཀྱང་མ་ཡིན་ནོ། །ལར་ཆ་ལུགས་དེ་འདྲ་བའི་ཚུལ་ནི་རྒྱ་གར་གྱི་ཕོ་མོ་ལ་དབྱེ་བ་མེད་པར་ནབ་སྲོལ་ཡོད་པ་ཡང་ཡུལ་དེར་ཚ་བ་ཆེ་བའི་དབང་གིས་ཡིན་ཅིང་། གནའ་བོའི་རྒྱ་གར་གྱི་ལྷ་དག་གི་རྣམ་པ་ལ་ཡང་སྟོད་དར་ཙམ་དང་སྨད་ཤམ་སུལ་མ་རེ་དཀྲིས་པའི་ཚུགས་སུ་བཞེངས་ནས་ཡོད་པ་ཡང་རྒྱུ་མཚན་དེས་ཡིན་ནོ་སྙམ། དེང་གི་དུས་སུ་ཡང་ལྷོ་བརྒྱུད་ཀྱི་ཤཱཀྱའི་དགེ་འདུན་པ་དག་གིས་གནམ་གཤིས་ཀྱི་ཚ་གྲང་ལ་མི་ལྟོས་པར་སྔོན་གྱི་སྟོན་པའི་ནབ་བཟའ་གང་གོན་པའི་ཚུལ་དེ་ཉིད་རྒྱུན་དུ་གྱོན་པར་བྱེད་པ་ནི་དེང་གི་དུས་སུའང་མཐོང་དུ་ཡོད་པས། དེ་ནི་སྔོན་གྱི་སྲོལ་ལུགས་མ་འཆོས་པའི་ཚད་ཙམ་དུ་ཡོད་པ་ཡིན་ནོ། །
།
གཞན་ཡང་སྤྱི་ལོའི་དུས་རབས་གཉིས་པ་ཙམ་ལ་བཞེངས་པར་གྲགས་པའི་རྡོ་སྐུ་མང་དག་ཅིག་ 【 རྒྱ་གར་དང་ཨབ་གྷན་དང་། པ་ཁི་སི་ཐན་སོགས་ནས་རྙེད་སོན་བྱུང་བའི་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་རྣམས་སུ་མང་དུ་ཡོད། 】 མཇལ་རྒྱུ་ཡོད་པ་དེ་དག་གི་སྐུ་གཟུཊ་ལ་ཡང་རས་དར་གྱི་གཟན་གོས་ཙམ་གཡོགས་ནས་ཡོད་པ་ལས་བླ་གོས་སོགས་ན་བཟའ་གཞན་ཞིག་གསོལ་བའི་ཚུལ་ནི་མ་བྱུང་བར་སྣང་མོད། ན་བཟའ་དེ་འདྲ་གསོལ་བའི་ཚུལ་ནི་སྔོན་གྱི་མུ་སྟེགས་པ་དང་། { རྒྱ་གར་དུ་སྤྱི་ལོའི་སྔོན་གྱི་ལོ་ངོ་ཉིས་སྟོང་ལྷག་གི་གོང་ནས་དར་བའི་རིག་བྱེད་ཀྱི་གཞུང་དང་མ་ཧཱ་བྷ་ར་ཏའི་གཞུང་སོགས་སུ་བཤད་པའི་ } ནགས་སུ་གནས་པ་སྟེ་མུ་སྟེགས་དཀའ་ཐུབ་པ་རྣམས་ཀྱི་སྐུ་ཚུགས་སམ་རྒྱ་གར་གྱི་ཡུལ་སྲོལ་དང་གཅིག་མཚུངས་སུ་ཡོད་པ་ཡང་། སྔོན་རྒྱ་གར་གྱི་རྒྱལ་པོ་ཞིག་གིས་སྟོན་པ་ཤཱཀྱ་ཐུབ་པར་གསོལ་ཟས་དྲངས་ཕྱིར་སྟོན་པའི་ག་ལ་བ་དེར་འབྱོར་ཚེ། མུ་སྟེགས་དཀའ་ཐུབ་པ་དག་ཀྱང་སྟོན་པའི་ཉེ་གནས་དེར་སྒོམ་བྱེད་ཅིང་ཡོད་པ་ལ། རྒྱལ་པོས་མུ་སྟེགས་པ་རྣམས་དང་སྟོན་པ་ཤཱཀྱ་ཐུབ་པ་གཉིས་ངོ་མ་ཆོད་པར་འཁྲུལ་བའི་ལོ་རྒྱུས་ཀྱང་མཐོང་རྒྱུ་ཡོད་དོ། །གལ་སྲིད་སྟོན་པ་ཤཱཀྱ་ཐུབ་པའི་རབ་བྱུང་གི་ཆས་སམ་ན་བཟའ་དེ་ཉིད་མུ་སྟེགས་དཀའ་ཐུབ་པ་དག་གི་ཆ་ལུགས་དང་མི་མཚུངས་པ་ཞིག་ཡིན་ཚེ་གོང་གི་གཏམ་རྒྱུད་དེ་ཡང་ཅི་ལ་འབྱུང་སྟེ་མི་འབྱུང་བ་ཡིན་སྙམ་མོད། འདི་འདྲའི་ཚུལ་ལ་རྒྱུས་ཅུང་ཟད་རེ་ལོན་པར་བྱས་ནས་རྒྱ་གར་གྱི་གནའ་བོའི་ཡུལ་སྲོལ་དང་ཆོས་ལུགས། རིག་བྱེད་ཀྱི་གཞུང་དང་བྲམ་ཟེ་བ་རྣམས་ཀྱི་དཔེ་སྲོལ་གང་ཡིན་ལ་བརྟག་ཅིང་དཔྱད་པ་ནི་འོས་སུ་ཆེ་བ་ཡིན་མོད། དེ་ལྟའི་དཔེ་ཆོས་ལ་མི་ལྟ་ཞིང་སྲོལ་ལུགས་ལ་རྨོངས་ནས་སངས་རྒྱས་ཆོས་ལུགས་པའི་རབ་བྱུང་གི་ཆ་ལུགས་འདི་ཡིན་དུ་སྨྲ་ཞིང་། ན་བཟའི་ཚུགས་ཁྱད་ཀྱི་ཐོག་ནས་ཕྱི་ནང་གི་དབྱེ་བ་འབྱེད་ལ་མོས་པ་ཡང་མི་ལེགས་པར་སྣང་བས། བོད་ཀྱི་ཆོས་བརྒྱུད་འཛིན་པ་ཚོས་འདི་ཚུལ་ལ་ལེགས་པར་བརྟགས་ནས་སྨྲ་བར་ནུས་པ་རེ་བྱུང་ཚེ་དགེས་པ་ཡིན་གྱི། གཞན་དུ་ནི་སྨྲ་མང་གི་བརྟུལ་ཞུགས་འཆང་བ་ཙམ་ལས་མ་འདས་པས་དེ་ཚུལ་ལ་ཅི་ནས་ཀྱང་བསམ་པར་མཛོད་ཅིག
།
ཁོ་བོས་ནི་སྟོན་པ་ཤཱཀྱ་ཐུབ་པའི་ངུར་སྨྲིག་གི་ན་བཟའ་གསོལ་བའི་ཚུལ་དེ་སྟོན་པ་ཤཱཀྱ་ཐུབ་པས་གསར་དུ་སྲོལ་བཏོད་པ་དང་ཁོང་ཉིད་རབ་ཏུ་བྱུང་བའི་རྟགས་སུ་བཟུང་བ་ཞིག་མ་ཡིན་པར། དེ་ནི་རྒྱ་གར་གྱི་གདོད་མའི་མུ་སྟེགས་དཀའ་ཐུབ་ལ་གནས་པ་རྣམས་ཀྱི་དཔེ་སྲོལ་ལ་ཞུགས་པ་ཡིན་ནོ་ཞེས་ལན་གྲངས་སུ་སྨྲ་རྒྱུ་ཡིན་ནོ། །འོན་ཏེ་འདི་ལྟར་སྨྲ་བ་རེ་བྱུང་ཚེ་བོད་ཀྱི་ནང་པ་བ་ཡིན་ཟེར་མཁན་ཚོ་དང་གནས་ལུགས་ཀྱི་ངོ་བོ་ལ་རྨོངས་པའི་དད་པ་ཅན་དག་ཁྲོས་པར་གྱུར་ནས་ཁོ་བོར་གཏུ་མིག་གི་དམོད་ཚིག་ཅི་དང་ཅི་འབོར་བ་ནི་གདོན་མི་ཟ་ཡི། དེ་ལྟར་ན་ཡང་ཁོ་བོ་ནི་ནམ་ཡང་དོན་དངོས་ཀྱི་བྱུང་བ་བརྗོད་པ་ལ་ཡིད་རངས་པ་ཡིན་པས་དེ་བཞིན་དུ་སྨྲ་བར་འདོད་དོ། །ལར་ཡང་སངས་རྒྱས་ཆོས་ལུགས་ཀྱི་རྒྱུན་འཛིན་པ་དག་གིས་སྟོན་པ་ཤྰཀྱ་ཐུབ་པས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་ཁྱིམ་སྤངས་རབ་ཏུ་བྱུང་ཞིང་། རང་བྱུང་མཆོད་རྟེན་རྣམ་དག་གི་དྲུང་ནས་དབུ་སྐྲ་དུམ་བུར་བཅད་པ་སོགས་འཇིག་རྟེན་ཁྱིམ་པ་བའི་ངང་ཚུལ་དོར་བར་བཤད། འོན་ཏེ་གནའ་བོའི་དུས་ཀྱི་སྟོན་པའི་སྐུ་བརྙན་བྲིས་པ་དང་བརྐོས་པ་དག་གང་ཅི་ལའང་དབུ་སྐྲ་རིང་པོར་བཞག་ནས་ཡོད་པ་ཞིག་འབྲི་སྲོལ་བྱུང་ཡོད་ཀྱི། དབུ་སྐྲ་བསིལ་ནས་མགོ་རྗེན་དུ་ཡོད་པའི་རབ་བྱུང་གི་ཆ་ལུགས་སུ་ཡོད་པ་ནི་རྒྱ་དཀར་ནག་བོད་དང་བཅས་པར་མཐོང་རྒྱུ་མེད་པ་འདི་ཡང་མངོན་གསུམ་ཡིན། འོན་ཀྱང་རྒྱ་བོད་དཀར་ནག་གང་དུ་གནས་པའི་ཤཱཀྱའི་དགེ་སློང་གི་རྗེས་འཇུག་ཡིན་ཟེར་ལ་མོས་པ་རྣམས་ཀྱིས་རབ་ཏུ་བྱུང་བ་ཡིན་ཟེར་ནས་དབུ་སྐྲ་བཞར་བ་ནི་ནང་པའི་བཅས་ཁྲིམས་སུའང་བཞག་སྟེ་ཡོད་ལ། དབུ་སྐྲ་མི་བཞར་བར་རིང་བོར་འཇོག་པ་ནི་རབ་ཏུ་བྱུང་བ་རྣམས་ཀྱི་དགག་གཞི་ཡང་ཡིན་པར་བཞེད་དོ། །ཡང་ན་ནི་སྟོན་པའི་དབུ་ལ་གཙུག་ཕུད་རིང་བོར་འཇོག་པའི་སྲོལ་དར་བ་ནི་སྟོན་པས་དཀའ་ཐུབ་ཀྱི་མཛད་པ་བསྐྱངས་པའི་མཚོན་དོན་ཙམ་དུ་སྨྲ་རྒྱུ་ལས་གཞན་ནི་རྒྱུ་མཚན་མེད་ལ། སྟོན་པ་ཤྰཀྱ་ཐུབ་པ་ཁོང་ཉིད་ཁྱིམ་ནས་རབ་ཏུ་བྱུང་ཞིང་ཁྱིམ་པ་བ་དག་ལས་དགར་བའི་རྟགས་སུ་དབུ་སྐྲ་བསིལ་ཡོད་ངེས་ཡིན་སྙམ་རུང་། དུས་རབས་སྔ་ཕྱི་ཀུན་ཏུ་བཞེངས་པའི་སྟོན་པའི་སྐུ་བརྙན་དག་ལ་དབུ་སྐྲ་ཐོར་ཅོག་གི་ཚུལ་གྱིས་བཅིངས་ནས་ཡོད་པར་མཐོང་ཐུབ་པས། དེ་ནི་དོན་ལ་ནི་མུ་སྟེགས་པ་རྣམས་དང་བྲམ་ཟེ་དཀའ་ཐུབ་པ་རྣམས་ཀྱི་རྟུལ་ཞུགས་དང་དུ་བླངས་པ་ལས་གཞན་ཅི་ཡང་མེད་དོ། །
།
རྒྱ་གར་གྱི་ཨ་ཀན་ཏའི་བྲག་ཕུག་ཏུ་བཞེངས་པའི་སངས་རྒྱས་ཀྱི་སྐུ་བརྙན་དག་དང་གཅེར་བུ་བའི་སྟོན་པ་རྒྱལ་བ་སོཊ་གང་ཡོད་ཡོད་ཀྱི་སྐུ་བརྙན་དག་ལ་བལྟས་ཀྱང་སྐྲ་ཐོར་ཅོག་ཏུ་བསྡམས་པ་དང་། དཀྱིལ་དཀྲུང་དུ་བཞུགས་ཤིང་ཕྱག་མཉམ་བཞག་བྱེད་པ་ཡན་ཆད་ཤིན་ཏུ་འདྲ་བ་འདི་ཡིས་ཀྱང་སྟོན་པ་ཤཱཀྱ་ཐུབ་པས་མུ་སྟེགས་སྟོན་པ་དག་གི་བྱད་གཟུགས་འཆང་བའམ་རྒྱ་གར་གྱི་གནའ་བོའི་དཀའ་ཐུབ་པ་དག་གི་ཚུལ་བཟུང་བ་ཙམ་དུ་ཟད་དེ་འདུག་མོད། སྟོན་པ་ཤཱཀྱ་ཐུབ་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་བརྟུལ་ཞུགས་བཟུང་བ་དེ་ཡང་སྔོན་གྱི་རྒྱ་གར་བའི་སྲོལ་ཞིག་སྟེ་མུ་སྟེགས་བྲམ་ཟེ་བ་རྣམས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ནགས་སུ་དཀའ་ཐུབ་སྤྱད་པའི་རྣམ་ཐར་ལ་ཚུལ་དཔྱོས་པ་ཙམ་ཡིན་ནོ། །དེ་ཡང་རང་རེ་བོད་ཀྱི་ནང་པའི་རྗེས་འཇུག་པ་ཚོའི་ཀུན་སྤྱོད་དང་ཕྱི་ཚུལ་གྱི་རིགས་ལ་བསམ་ཞིང་དཔྱད་ཚེ། བོད་ཀྱི་ནང་པའི་རྗེས་འཇུག་པ་དག་ནི་སྟོན་པ་ཤཱཀྱ་ཐུབ་པའི་སྤྱོད་ཚུལ་ལས་རིང་ཞིང་ཡལ་བར་གྱུར་བ་མཐོང་མོད། སྤྱིར་ཡང་སངས་རྒྱས་ཆོས་ལུགས་བོད་དུ་དར་རྗེས་སྟོན་པ་ཤཱཀྱ་ཐུབ་པའི་ལྟ་གྲུབ་ཇི་ལྟ་བ་ཡིན་པ་དེ་ལྟར་དུ་གནས་མེད་པར་བོད་ཀྱི་བོན་པོའི་ལྟ་གྲུབ་དང་འདྲེས་ནས་བོད་ཀྱི་བོན་པོའི་ཆོས་ལུགས་ཀྱི་རང་བཞིན་ཅན་དུ་གྱུར། རྒྱུ་མཚན་དེས་བོད་ཀྱི་རབ་བྱུང་བ་ཚོས་སྟོད་ན་བླ་གབ་“སྟོད་འགག་ཟེར་བའི་སྟོད་གོས་ཕུ་ཐུང་མེད་པ་ཞིག་གོན་ཞིང་། སྨད་ན་ལྟེབས་ཆག་བྱས་པའི་སྨད་ཤམ་【 མཐང་གོས་དང་འདོམས་དཀྲིས། སྨད་གཡོགས། སྨད་ཤམ། ཤམ་ཐབ་བཅས་མིང་མི་འདྲ་བ་མང་པོ་འབྲི་སྲོལ་ཡོད། 】ཟེར་བ་ཞིག་གྱོན་པ་ཡིན། སྟོད་ན་གཟན་ཟེར་བའི་【 དགེ་སློང་གི་ཡོ་བྱད་བཅུ་གསུམ་གྱི་གྲས་ཤིག 】རས་ཤར་རིང་མོ་ཞིག་དཀྲི་བར་བྱེད་པ་དེ་ནི་རྒྱ་གར་གྱི་ལུགས་སུ་ངེས་པ་ལས། གཞན་བླ་གོས་སམ་སྟོད་འགག་ཟེར་བ་དག་ནི་སྔོན་གྱི་རྒྱ་གར་བའི་སྟོན་པའི་བྲིས་འབུར་བརྐོས་པ་དག་ལ་ཡེ་ནས་མི་སྣང་ན། འདི་ནི་བོད་ས་རང་ནས་དར་བའི་བོད་ལུཊ་ནང་པའི་ཁྱད་ཆོས་ཤིག་ཡིན་རྒྱུ་ལ། བོད་ལུཊ་ཀྱི་ལྭ་བ་རིང་མོ་དེ་ཕྱེད་གཏུབ་བྱས་ནས་གྱོན་པས་འདི་ལུཊ་སུ་བྱུང་བ་ཡིན་ནོ་སྙམ་ཞིང་། སྔ་འགྱུར་རྙིང་མའི་ཆོས་སྒར་འགའི་གྲྭ་པ་རྣམས་ཀྱིས་ལྭ་བའི་ཕུ་ཐུང་གཏུབ་ནས་འགག་རིང་བྱ་བ་ཞིག་གྱོན་སྲོལ་ཡོད་པའི་ཚུལ་ལ་བསམ་ཡང་དེ་ཚུལ་ལ་ངེས་ཤེས་འདྲོངས་པར་ནུས་ཀྱི། དེ་ཙུག་ནི་བོད་ཀྱི་བོན་པོས་ལྷད་ཞུཊ་པའི་མངོན་རྟགས་ཤིག་ཀྱང་ཡིན་པར་སྨྲ་བཏུབ་པ་ཡིན་ནོ། །
།
འདི་ལྟར་དྲང་པོའི་གཏམ་སྨྲ་རྒྱུ་རེ་བྱུང་ན་བོད་ཀྱི་བན་དྷེ་རྣམས་མི་དགའ་བ་ཡིན་རུང་བོད་ཀྱི་གྲྭ་པ་རྣམས་ཀྱི་ཆ་ལུཊ་འདི་བོད་ཀྱི་བོན་པོ་བའི་ཆས་སུ་མཐོང་བ་ལ་སུ་ཡིས་ཀྱང་བསྙོན་དུ་མེད། སྤྱིར་ན་བོད་ཙམ་དུ་མ་ཡིན་པར་རྒྱ་བརྒྱུད་སངས་རྒྱས་ཆོས་ལུཊ་ཀྱི་དགེ་འདུན་པའི་འདུལ་གོས་ལ་ཡང་རྒྱ་ནག་གི་ཏོ་ཡི་ཆོས་ལུཊ་པས་ཤན་ཐེབས་ཡོད་པ་ནི་རང་རེའི་མིག་གིས་མཐོང་འདུག་པ་དེ་ཡིན་ལ། རྒྱ་བརྒྱུད་སངས་རྒྱས་ཆོས་ལུཊ་ཀྱི་ལྷ་ཁང་རྣམས་སུ་དགྲ་བཅོམས་པའི་སྐུ་བརྙན་དག་ལྡེབས་རིས་བྱས་ནས་བཞེངས་པ་རྣམས་ལ་གོས་ཀྱི་ཁ་མདོག་སྔོན་པོ་བྱེད་སྲོལ་ཡོད་པ་དེ་ཡང་དོན་དུ་རྒྱ་ནག་གི་ཏོ་ཆོས་ཀྱི་དཔེ་སྲོལ་ཞིག་མིན་ནམ་སྙམ་ཞིང་། བོད་དུ་ཡང་དུས་རབས་བཅུ་བ་ཡས་མས་སུ་བཞེངས་པར་གྲཊ་པའི་དགོན་ཁག་འགའི་ལྡེབ་རིས་རྙིང་པ་རྣམས་སུ་གཟན་ཤམ་སྔོན་པོ་གྱོན་པའི་དགེ་འདུན་པ་མང་དུ་འབྲི་སྲོལ་བྱུང་ཡོད་ཅིང་། འདི་དག་ནི་བཤད་སྲོལ་ཞིག་ལ་བོད་ཀྱི་བོན་པོའི་ལུཊ་སྲོལ་ཞིག་སྟེ། བོན་གྱི་བསྟན་པ་རྒྱ་ནག་སོགས་ཡུལ་ཆེན་དྲུག་ཏུ་དར་བས་ཡུལ་དེ་དག་གི་ཆོས་ལུགས་རིག་གནས་ལ་བོན་གྱིས་ཤན་ཞུགས་པ་ཡིན་ནོ་ཟེར། གང་ལྟར་ཡང་བོད་ཀྱི་དགོན་སྡེ་འགའི་ལྡེབས་རིས་རྙིང་པ་རྣམས་སུ་དགེ་འདུན་པ་རྣམས་གཟན་ཤམ་སྔོན་པོ་གྱོན་ནས་ཡོད་པའི་ཚུགས་རེ་འབྲི་སྲོལ་བྱུང་བ་དེ་ཡང་བོན་ལུཊ་ཤིག་ཡིན་མཆི་འམ། ཅི་སྟེ་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་རྣམས་སུ་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་པཎ་ཊི་ཏ་ཤམ་ཐབས་སྔོན་པོ་ཅན་སོགས་བོན་པོ་འགས་བན་ལུགས་ཀྱི་གསུང་རབ་རྣམས་བོན་དུ་བསྒྱུར་ཟེར་བ་སོཊ་ཀྱི་བཤད་སྲོལ་ཀྱང་བྱུང་ལ། བོན་ལུགས་ཀྱི་དགེ་འདུན་པ་དག་གིས་ཚོས་གཞི་སྔོན་པོ་བྱས་པའི་འདུལ་གོས་རེ་གོན་སྲོལ་ཡོད་པ་ཡང་བོན་གྱི་འདུལ་བའི་ལས་ཆོག་ཏུ། སྔོ་དམར་སེར་གསུམ་འདུལ་བའི་གོས་ཞེས་སུ་འབྱུང་བ་དེས་ཀྱང་ཤེས་ཐུབ་པ་ཡིན། འདི་ལྟར་དུས་རབས་སྔ་མ་རྣམས་སུ་བཞེངས་པའི་བོད་ཁུལ་གྱི་དགེ་འདུན་པའི་སྐུ་བརྙན་དག་གི་ན་བཟའ་ལ་ཚོས་གཞི་སྔོན་པོ་བྱེད་སྲོལ་བྱུང་ཡོད་པ་དེ་ཡང་ཡིན་རྒྱུ་ནི་བོན་ལུགས་དང་རྒྱ་ལུགས་གང་རུང་གི་སྲོལ་དང་འབྲེལ་བ་ཡོད་པར་སྨྲ་བར་ནུས་ཀྱི། ཡུན་གྱིས་བསམ་ཞིང་ཞིབ་ཀྱིས་དཔྱད་ཚེ་བོད་ཀྱི་དགེ་འདུན་པ་དག་གིས་བླ་གབ་བམ་སྟོད་དུ་སྟོད་འགག་ཕུ་ཐུང་མེད་པ་རེ་གོན་ཞིང་སྨད་དུ་ཤམ་ཐབ་ལྟེབས་ཆགས་བྱེད་ནས་གྱོན་པ་འདི་ཡང་བོད་ཀྱི་ཡུལ་ལུགས་དང་འདྲིས་པར་གྱུར་བ་ཡིན་པས། ཅི་ལ་བསམ་ཡང་བོད་ཀྱི་ནང་པའི་རབ་བྱུང་བ་དག་གི་ན་བཟའ་གོན་ཚུལ་དེ་སྟོན་པ་ཤཱཀྱའི་སྤྱོད་ཚུལ་དང་མི་མཐུན་པར་གྱུར་ནས་ཡོད་པར་སྣང་ངོ་། །མདོར་ན་སྟོན་པ་ཤཱཀྱ་ཐུབ་པས་ལུས་ལ་གཟན་ཤམ་རིང་མོ་གསོལ་ནས་སྟོད་རྗེན་དུ་བཞུགས་པ་དང་། ནགས་སུ་རྒྱུ་ནས་དཀའ་ཐུབ་སྤྱད་པ་ཡན་ཆད་སྔོན་གྱི་མུ་སྟེགས་དགེ་སྦྱོང་པ་དག་གི་དཔེ་ཚུགས་རང་བཟུང་བ་ལས། ལུཊ་དེ་དག་ནི་སྟོན་པ་ཤཱཀྱ་ཐུབ་པས་གསར་དུ་བཟོས་ཤིང་བཅོས་པ་ཞིག་ནི་མ་ཡིན་པར་འདུག་གོ་སྙམ་ལ། འདུལ་བའི་ཆོས་གཞུང་དག་ཏུའང་འདུལ་བ་ཡུལ་ཆོས་དང་བསྟུན་ཞེས་བྱུང་བས། དོན་ལ་སངས་རྒྱས་པའི་སྐབས་ཀྱི་དགེ་འདུན་པའི་བཅས་པ་དེ་ཡང་རྒྱ་གར་གྱི་ཡུལ་ཆོས་སུ་སོང་བའི་མུ་སྟེགས་པའི་ལུགས་དང་བསྟུན་ཏེ་བཅས་པ་ཞིག་ཡིན་པ་ནི་བསྙོན་དུ་མེད་པ་ཡིན་ནོ། །
།
སྟོན་པ་ཤྰཀྱ་ཐུབ་པའི་ལྟ་གྲུབ་སོགས་ཀྱི་གཞི་རྩ་གང་ལ་གཏུགས་ཡོད་མེད་སྐོར་ཞིབ་མོ་ཞིག་ནི་བདག་གིས་བྲིས་པའི་ 【 མུ་སྟེཊ་ལྟ་གྲུབ་ཀྱི་རྨང་གཞིར་བྱས་པའི་སྟོན་པ་ཤྰཀྱ་ཐུབ་པའི་དགོངས་པ། 】 བྱ་བའི་རྩོམ་དཔེ་དེར་གཟིགས་ན་ཁྱེད་ཅག་ལ་གོ་རྟོགས་གསར་པ་ཞིག་བསྐྱེད་ཐུབ་ངེས་ཡིན།
དཔྱད་ཡིག་ཁག་འདིར་བཀོད་མེད།
བསམ་ཚུལ་ཕྲིས།